མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མགྲོན་འབོད་བྱས་ཚེ་ས་མཚམས་གྲོས་མོལ་མི་བྱེད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་བལྟས་པར་ལྡི་ལིར་འཚོགས་བཞིན་པའི་འཛམ་གླིང་ནང་པའི་ལྷན་ཚོགས་ཐོག་༧གོང་ས་མཆོག་ཆིབས་སྒྱུར་གནང་གཏན་འཁེལ་ཡོད་པ་དེས། རྒྱ་ནག་གཞུང་ལ་ཁོང་ཁྲོ་ཆེན་པོ་བསླངས་ཏེ་ས་མཚམས་སྐོར་གྱི་གྲོས་མོལ་དེ་ཕྱིར་བསྡུ་བྱས་ཡོད་འདུག

ཁ་སང་གཟའ་ཉི་མའི་ཉིན་སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་སྟེང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་ཤོ་ཀཱ་ཆོས་ལུགས་ལྷན་ཚོགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཏེ་ལོ་ ༢༦༠༠ འཁོར་བའི་དུས་སྐབས་དང་བསྟུན་ཏེ། འཛམ་གླིང་ནང་པའི་རྒྱལ་ཁབ་ ༤༢  ལྷག་གི་སྐུ་ཚབ་ ༨༠༠ གདན་ཞུའི་ཐོག ཁ་སང་རེ་གཟའ་ཉི་མ་སྟེ་ཕྱི་ཚེས་ ༢༧ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༣༠ བར་གྱི་ཉིན་བཞིའི་རིང་རྒྱལ་ས་ལྡི་ལིར་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། ཚོགས་འདུའི་མཇུག་བསྡོམས་ཐོག་༸གོང་ས་མཆོག་ཆིབས་བསྒྱུར་གྱིས་ཆོས་ལུགས་དབུ་ཁྲིད་དང་འཐུས་ཚབ། སྐུ་མགྲོན་རྣམ་པར་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པའི་གསལ་བསྒྲགས་བྱས་ཡོད་ཀྱང་། གནས་ཚུལ་གསལ་བསྒྲགས་བྱས་མ་ཐག་རྒྱ་ནག་གཞུང་གིས། རྒྱ་གར་གཞུང་ལ་ཐེངས་འདིའི་༸གོང་ས་མཆོག་གི་མཛད་འཆར་ཕྱིར་བསྡུ་བྱ་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་མ་ཟད། ཕྱི་ཚེས་ ༢༨ ནས་ ༢༩ བར་གྱི་ཉིན་གཉིས་རིང་རྒྱལ་ས་ལྡི་ལིར་རྒྱ་དཀར་ནག་གཉིས་ཀྱི་གནད་ཡོད་དཔོན་རིགས་ཐུག་འཕྲད་ཐོག་དུས་ཡུན་རིང་པོ་ནས་རྩོད་གཞིར་གྱུར་བའི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་རྙོག་གླེང་སྐོར་གྱི་གྲོས་མོལ་ཚོགས་འདུ་སྐོང་ཚོགས་གནང་འཆར་ཡོད་པ་དེ་ཡང་ཕྱིར་འཐེན་བྱས་འདུག  

གོང་གསལ་གནས་ཚུལ་སྐོར་ལ་འདི་གའི་གསར་འགོད་པས་སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གནས་ཚུལ་དེའི་སྐོར་ལ། སྐུ་སྒེར་དྲ་བའི་སྟེང་སྤེལ་ཡོད་པ་དེ་ལས་གཞན་ད་སྔ་ཞུ་རྒྱུ་གང་ཡང་མེད་ཅེས་བརྗོད་བྱུང་།

གནས་ཚུལ་འདིའི་ཐད་ཁ་སང་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་གནད་ཡོད་མི་སྣ་ཞིག་གིས་ཧྥ་རན་སི་གསར་ཁང་ལ། “ ཁ་སང་རྒྱ་ནག་གཞུང་གིས་ཕྱི་ཚེས་ ༢༨ དང་ ༢༩ བཅས་ཉིན་གཉིས་རིང་རྒྱ་ཁབ་གཉིས་ཀྱི་གནད་ཡོད་དཔོན་རིགས་ཐུགས་འཕྲད་ཀྱིས་རྒྱལ་ས་ལྡི་ལི་རུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་ཕྱིར་འཐེན་བྱས་ཡོད་ཚུལ་དང་། དེ་ཡང་རྒྱུ་མཚན་གཙོ་བོ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལྡི་ལིར་ཚོགས་བཞིན་པའི་ནང་པའི་ཆོས་ལུགས་ལྷན་ཚོགས་ཀྱི་མཇུག་བསྡོམས་ཐོག་ཆིབས་བསྒྱུར་གྱིས་གསུང་བཤད་གནང་རྒྱུ་དང་ཚོགས་འདུ་གཉིས་དུས་གཅིག་ཏུ་འཁེལ་ཡོད་སྟབས། ཁོང་གི་མཛད་འཆར་ཕྱིར་བསྡུ་བྱ་དགོས་ཞེས་དགོས་འདུན་བཏོན་ཡོད་པ་དང་། རྒྱ་གར་གཞུང་གིས་རྒྱ་ནག་གི་རེ་འདུན་ཁས་ལེན་མ་བྱས་པའི་དབང་གིས་ས་མཚམས་གནད་དོན་ཐད་ཀྱི་གྲོལ་མོལ་ཚོགས་འདུ་ཕྱིར་འཐེན་བྱས་པ་རེད།”  ཅེས་བརྗོད་ཡོད་འདུག་ལ། རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་ཀྱི་གནད་དོན་ཐོག་ཕྱི་ལོ་ ༡༩༦༢ ལོ་ནས་བཟུང་སྔ་ཕྱི་ཐེངས་ ༡༤ ལ་གྲོས་མོལ་བྱས་ཡོད་ཀྱང་། ད་ལྟའི་བར་ཕྱོགས་གཉིས་ཀའི་གྲོས་མོལ་ལ་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད།

ཐེངས་འདིའི་རྒྱ་གར་གྱི་ཨ་ཤོ་ཀཱ་ཆོས་ལུགས་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་འཛམ་གླིང་ནང་པའི་དབུ་ཁྲིད་ཀྱི་ཚོགས་འདུ་དེ་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་ས་ལྡི་ལིའི་མགྲོན་ཁང་ཞིག་ཏུ་དབུ་འཛུགས་གནང་ཡོད་ཅིང་། དེའི་སྟེང་རྒྱ་གར་དང་འབར་མ། ཤི་རི་ལིང་ཀཱ  མཱ་ལེ་ཤི་ཡཱ། སོག་པོ། ཉི་ཧོང་། ཐེ་ཝན། ལྷོ་ཀོ་རི་ཡ། འབྲུག  ལོའོ་སི། ཁཱན་པོ་ཊི་ཡཱ་བཅས་རྒྱལ་ཁབ་ ༤༢  ལྷག་གི་ནང་པའི་ཐེག་པ་ཆེ་ཆུང་གི་ཆོས་ལུགས་དབུ་འཁྲིད་དང་འཐུས་ཚབ། སྐུ་མགྲོན་བཅས་མི་ ༨༠༠ ལྷག་འདུ་འཛོམས་བྱུང་ཡོད་ཅིང་། ཚོགས་འདུ་དབུ་འཛུགས་ཀྱི་ཉིན་དང་པོར་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང་ཡོངས་འཛིན་གླིང་རིན་པོ་ཆེ། དགའ་ལྡན་ཁྲི་པ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། ཨ་ཀྱཱ་རིན་པོ་ཆེ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར། ལྡི་ལི་དོན་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་བཅས་ཀྱང་མཉམ་ཞུགས་གནང་ཡོད་པ་མ་ཟད། མཛད་སྒོའི་ཐོག་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་ཀྱང་གནང་ཡོད་འདུག་ལ། ཐེངས་འདིའི་ལྷན་ཚོགས་ཐོག་ནང་པའི་ཆོས་ལུགས་དབུ་འཁྲིད་རྣམ་པས། ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ་དང་སྤྱི་ཚོགས་ནང་ཞི་བདེ་དང་འཆམ་མཐུན་བསྐྲུན་ཐབས། འཛམ་གླིང་གི་ཁོར་ཡུག་བདག་གཅེས་གནང་ཕྱོགས། ནང་པ་དང་ནུབ་ཕྱོགས་ཚན་རིག་པའི་བར་བགྲོ་གླེང་ཚོགས་རྒྱུ་སོགས་ཀྱི་ཐད་བགྲོ་གླེང་དང་གྲོས་ཆོད་གཏན་འབེབ་གནང་འཆར་ཡོད་འདུག་ལ། ཚོགས་འདུའི་མཇུག་སྡོམ་ཉིན་ཏེ་ཕྱི་ཚེས་ ༣༠ ཉིན་༸གོང་ས་མཆོག་ཆིབས་སྒྱུར་གྱིས་ལམ་སྟོན་བཀའ་སློབ་གནང་རྒྱུ་ཡིན་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༦ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༩ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 16

  1. གནམ་ཆོས་དགའ་དགའ། says:
    ལོ་ 14 སྔོན།

    ཐེངས་མང་ཚོགས་འདུ་ཚོགས་ཀྱང་གྲུབ་འབྲས་གང་ཡང་མ་ཐོན་པ་ནི་རྒྱ་གར་གྱིས་དངོས་ཡོད་མཁྱེན་གྱི་ཡོད་པས། ད་རེང་རྒྱ་གར་ཚོགས་འདུ་ཕྱིར་ཐེན་བྱས་པ་འདི་ལ་རྒྱུ་མཚན་ཕྱོགས་གཅིག་ལ་གོང་ས་ལ་གུས་རྩིས་ཡོད་པ་རེ་བ་དང་གཉིས་ལ་མ་འོངས་ཚོགས་འདུ་ལ་གནོན་ཤུགས་དང་གཏན་གཏན་ཁེས་ཕན་ཡོད་རེད་དྲན་གྱི་འདུག

    Reply
  2. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གིས་ཆོས་ལུགས་ཚང་མའི་དམིགས་ཡུལ་ནི་སེམས་པ་བཟང་པོ་བྱེད་རྒྱུ་དང་། ས་སྟེང་འགྲོ་བ་ཀུན་ལ་བདེ་སྐྱིད་བསྐྲུན་རྒྱུ་འདི་ཡིན་པས། ཆོས་ལུགས་སོ་སོའི་ཐ་སྙད་དང་། ཆོ་ག་ཕྱག་ལེན་ལ་ཁྱད་པར་ཡོད་ཀྱང་། མཐར་ཐུག་གི་དམིགས་ཡུལ་ནི་གཅིག་གྱུར་ཡིན།

    Reply
  3. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    རྒྱ་ནག་གིས་༸གོང་ས་མཆོག་གི་མཛད་འཆར་ལ་བཀག་འགོག་འདི་ལྟར་བྱས་པ་དེས་ང་ཚོ་བོད་པ་ཚོ་ལ་བརྡ་ཞིག་གཏོང་གིན་ཡོད། རྒྱ་གཞུང་གིས་༸གོང་ས་མཆོག་ཁ་བྲལ་གྱི་གཙོ་བདག་ཡིན་པར་སྨྲ་བ་དེས་ཀྱང་ང་ཚོར་བརྡ་ག་རེ་གཏོང་གིན་ཡོད་དམ་ཞུ་ན། ༸གོང་ས་མཆོག་ནི་ང་ཚོའི་བོད་ཀྱི་སྲོག་རྩ་ཉག་གཅིག་ཡིན་པ་དེ་ར་སྤྲོད་བྱེད་བཞིན་པ་རེད། ང་ཚོས་བོད་གཞིས་བྱེས་གཉིས་ཀྱིས་རྔ་ལ་བལྟས་ནས་འཆམས་རྒྱག་ཤེས་པ་དགོས་ལ། གསེར་བླུག་རུང་བྱེ་མ་བླུག་རུང་གོ་མེད་ཚོར་མེད་བྱེད་མི་རུང་། དེས་ན་ཟུར་བལྟས་ལེབ་མཐོང་དུ་གྱུར་པ་ནི། ༸གོང་ས་མཆོག་རྒྱལ་ན་བོད་རྒྱལ་ངེས་དང་། ༸གོང་ས་མཆོག་ཕམ་ན་བོད་ཕམ་ངེས་པ་ཡིན་པ་འདི་ཆན་སྲིད་ལ་ཤིན་ཏུ་མཁས་པའི་རྒྱ་གཞུང་གི་དབུ་འཁྲིད་ཚོས་ང་ཚོར་བརྡ་གཏོང་བཞིན་པ་དེ་གསལ་པོར་མཁྱེན་དགོས་སོ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་ཤོ་ཀཱ་ཆོས་ལུགས་ལྷན་ཚོགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཏེ་ལོ་ ༢༦༠༠ འཁོར་བའི་དུས་སྐབས་ལ་རྒྱ་ནག་ནས་ནང་པའི་འཐུས་མི་གཅིག་ཀྱང་གཏོང་མ་ཐུབ་འདིས། ད་ལྟའི་རྒྱ་གཞུང་ནི། ངོ་ཚ་དང་ཁྲེལ་མེད་པ། ཡ་རབས་དང་སྤྱོད་བཟང་མེད་པ། རིག་གཞུང་ངམ་ལེགས་གཞུང་མེད་པའི་ཀླ་ཀློའི་སྤྱི་ཚོགས་གཅིག་གིས་གཞུང་འཛིན་བཞིན་ཡིན་པ་གཞུང་རང་ཉིད་ཀྱིས་འཛམ་གླིང་མི་མངས་ལ་གསལ་སྟོན་བྱས་པ་མ་རེད་དམ། ད་དུང་ད་དུང་་་་་་་་་

    Reply
  5. ནད་པ says:
    ལོ་ 14 སྔོན།

    འཛམ་གླིང་ནང་པའི་ཆོས་ལུགས་ཀྱི་ཚོགས་ཆེན་འཇུག་བསྡོམས་གསུངས་བཤད་སླད་༸ བོད་ཀྱི་བླ་ན་མེད་པའི་སྤྱི་ནོར་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ཆེད་དུ་རྒྱ་གར་གྱིས་གདན་ཞུ་གནང་ཐུབ་པ་འདིས་རྒྱ་གར་དམངས་གཙའོི་རྒྱལ་ཁབ་ཀྱི་གཟི་བརྗིད་གཅིག་དང་། ཚོགས་ཆེན་འདི་དོན་སྙིང་ལྡན་པ་ཞིག་ཆགས་ཡོད།

    རྒྱ་ནག་གཞུང་གིས་གང་བཤད་ལ་རྟག་པར་ཉན་དགོས་པ་དང་། བརྩི་དགོསཔ། ཆ་འཇོག་བྱེད་དགོས་པ་ཞིག་ཆགས་ཀྱིན་མེད། དེར་བརྟེན་ད་རེས་རྒྱ་གར་ཕྱོགས་ནས་བསམ་གཞིགས་དོན་སྙིང་ལྡན་པ་ཞིག་བཏང་བ་དེ་རྒྱ་གར་རྒྱལ་ཁབ་ཆེན་པོའི་གཟི་བརྗིད་དང་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་དེ་མུ་མཐུད་སྔར་ལྟར་མཛའ་གྲོགས་ཡོང་རྒྱུ་ཡིན།

    Reply
  6. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རྒྱ་ནག་གི་བྱེད་སྟངས་དེས་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་མདོག་སྟན་པ་རེད. རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཙམ་གླེང་ཚེ་. ནང་སྲིད་ལ་ཐེ་གཏོག་ཟེར་ནས་སྡུག་ཅག་ཡིན་པར་གཤེ. ད་ཆ་རྒྱལ་ཁབ་གཞན་པའི་ནང་དུ་ཆོས་ལུགས་ཀྱི་ཚོགས་འདུ་འཚོག་པར་སྐྱག་ཇུས་ཐེ་གཏོག་བྱེད་པ་ཅི. སྔོན་ཆད་རྒྱ་ནག་སྲིད་གཞུང་སྨྱོས་མོད. ་དེ་སང་ཡང་སྨྱོ་བཞིན་ཡོད་པ་འདྲ.

    Reply
  7. ཁ་ས་ཁ says:
    ལོ་ 14 སྔོན།

    སྲིད་མ་གཏོགས་ཆོས་ཕྱོགས་ཀྱི་ཐད་རང་དབང་ཡོད་ཅེས་རྒྱ་གར་གཞུང་གིས་རྒྱ་ནག་གཞུང་ལ་སྔ་ས་ནས་ལན་སྤྲད་ཚར་བ་རེད།

    Reply
  8. ཨོ་རྒྱན་གླིང་། says:
    ལོ་ 14 སྔོན།

    འཛམ་གླིང་ཆོས་ལུགས་ཁག་གི་ཚོགས་འདུར་ཕེབས་པའི་དགེ་འདུན་པ་དག་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ནང་པའི་རྒྱལ་ཁབ་ཞེ་གཉིས་ཀྱི་ནང་པའི་སྐུ་ཚབ་ལྷན་འཛོམས་ཀྱི་ཚོགས་ཆེན་འདི་འདྲ་ནང་པ་ཡོངས་ཀྱི་ཆ་ནས་ཧ་ཅང་གལ་འགངས་ཅན་རེད། དེ་བས་ཐེངས་འདིར་རྒྱ་ནག་གིས་སྐད་ངན་ཤོར་བ་རེད་ལ། དེ་ལ་རྒྱ་གར་གྱིས་སྣང་མེད་བཏང་བ་ཡང་ལོས་ཡིན། བདེན་པ་ཉིད་འདི་ལྟར་རྣམ་པར་རྒྱལ་ངེས་ཡིན།
    སངས་རྒྱས་ཆོས་ལུགས་འགྲོ་ཀུན་ལམ་མཆོག་སྟེ།
    ཡིད་བཞིན་ནོར་བུ་འགྲོ་བའི་ལམ་མཁན་མཆོག
    ནག་ཕྱོགས་དགྲ་སྡེའི་རྒོལ་བ་མ་ལུས་ཀུན།
    རྟེན་འབྱུང་བདེན་མཐུས་རྣམ་པར་གནོན་པར་སྨོན།

    Reply
  10. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    རྒྱ་གར་གཞུང་གིས་རྒྱ་དམར་གྱིས་དགོས་འདུན་དང་པོ་དེ་ལ་ཉེན་འཇོག་མ་བྱས་ནས་༧སྐྱབས་མགོན་རིན་པོ་ཆེ་ནང་པའི་ཚོགས་ཆེན་སྟེང་ཕེབས་ཐུབ་པ་དེ་ཆེས་དགའ་དགོས་པ་ཞིག་ཡིན་ནའང་། ཐོག་མར་མཛད་སྒོའི་སྟེང་རྒྱ་གར་གྱི་སྲིད་འཛིན་དང་། སྲིད་བློན་ལྷན་རྒྱས་ཕེབས་ཏེ་གསུང་བཤད་གནང་འཆར་ཡིན་ནའང་རྒྱ་དམར་གྱིས་གནོན་ཤུག་འོག་ཕྱིར་འཐེན་བྱས་པ་དེས་རྒྱ་གར་རང་ཉིད་ཀྱི་ལུང་པ་ནས་ཐོན་ཏེ་དར་རྒྱས་བྱུང་བའི་ནང་པའི་ལྟ་གྲུབ་འཛམ་གླིང་རྒྱལ་ཁབ་དང་། མི་མང་ཚོས་ཆེས་བཀུར་བར་འོས་པ་དེ་ལ་མཐོང་ཆུང་ཞིག་བྱེད་པ་མ་ཡིན་ནམ་སོམས་དང་དྲྭ་གྲོགས་ཚོ། ཞིབ་ཕྲ་རྒྱ་གར་གྱི་དུས་བབས་གསར་ཤོག་སྟེང་གཟིགས་རོགས།

    Reply
  11. ལུང་རྟོགས། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་གི་སྨྱོ་ཧམ་ལ་ཚད་ཅིག་མི་འདུག ནང་པའི་ཚོགས་ཆེན་སྟེང་ནང་པའི་དབུ་ཁྲིད་གདན་ཞུ་མི་ཆོག་ཟེར་ན་སུས་རྣ་བ་ལ་འགྲོ་ཡི་རེད། མ་གཞི་ནས་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་ཞིག་མེད་པས་དེའི་དོན་དུ་གྲོས་མོལ་བྱེད་པ་ནི་དོན་མེད་རེད།

    Reply
  12. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    རྒྱ་གར་གཞུང་ལ་སྙིང་ཁུང་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུ།སློབ་དཔོན་གྱི་བཀའ་དྲིན་དེ་སློབ་མའི་ཤ་དང་རུས་པའི་སྟེང་དུ་འཐིམ་ཡོད།།
    འཕགས་ཡུལ་གནས་མཆོག་དམ་པ།།
    ཞི་བདེ་གནས་མཆོག་དམ་པ།།
    གནས་པའི་ཕ་ཡུལ་གཉིས་པ།།
    བདེན་པའི་གཏམ་ཞིག་སྨྲས་སོང་།།
    སེམས་པ་སྐྱིད་སྐྱིད་བྱུང་སོང་།།

    Reply
  13. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 14 སྔོན།

    རྒྱ་གར་གཞུང་གིས་གདོང་ལེན་གནང་སྟངས་འདི་ངོ་མ་དགའ་འོས་པའི་གནས་ཚུལ་བཟང་པོ་ཞིག་ཡིན་པས་བོད་མི་ཚོས་དུས་རྟག་ཏུ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བསམ་ཤེས་གནང་རྒྱུ་གལ་གནད་དུ་མཐོང་།
    ༧ བོད་མི་རིགས་ཀྱི་བླ་སྲོག་སླར་གསོ་མཛད་མཁན་༧མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་རྣམས་མུ་མཐུད་དེ་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ།

    Reply
  14. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    འདི་རྒྱ་གར་གཞིང་གིས་གནང་སྟངས་འགྲིག་བསྡད་འདུག བཀའ་དྲིན་ཆེ་ཞུ་འདོད་བྱུང་།

    Reply
  15. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཉི་ཟླ་བཞིན་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཞིག་ཏུ་གྱུར་བཞིན་ཡོད་འདི་རྒྱ་ནག་དམར་གཞུང་མ་དགའ་བས་དབང་གི་རྒྱ་གར་ལ་གནོད་ཤུགས་སྤྲོད་ཀྱི་ཡོད་པ་རེད།  རྒྱ་གར་དང་བོད་མི་རིགས་གཉིས་ལ་ལོ་ངོ་སྟོང་ཕྲག་གོང་ནས་འབྲེལ་བ་ཡོད་མཁན་ཞིག་ཡིན་དུས་རྒྱ་ནག་གིས་ཇི་ལྟར་གནོད་ཤུགས་སྤྲད་ཀྱང་དེ་ལ་འགྱུར་བ་གཏོང་མི་སྲིད་པ་ཞིག་རེད།  མ་ཟད་༧སྐྱབས་མགོན་ཡི་བཞིན་ནོར་བུ་ཚང་ཁོང་གི་མཛད་པ་འཕྲིན་ལས་ནི་དབྱར་གྱི་ཆུ་བོ་བཞིན་རྒྱས་བཞིན་ཡོད་དུས་དེ་འཛམ་གླིང་གི་དབུ་ཁྲིད་ཡིན་པ་དངོས་ལེན་གནང་བཞིན་ཡོད་པ་འདི་རྒྱ་ནག་དམར་གཞུང་གཅིག་བུ་མ་དགའ་བ་ཡིན་ཡང་ནུས་པ་ཐོན་མི་སྲིད་པ་ཞིག་ཡིན་པ་གསལ་བར་ངེས།

    Reply
  16. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ཉི་མ་རི་རྩེ་ནས་ཤར་ན།།
    ཉི་འོད་ས་གཞི་ལ་འཕོས་པ།།
    ཆོས་ཉིད་རྣལ་མ་ཞིག་ཡིན་པས།།
    སོར་མོའི་འདུ་བྱེད་དེས་མི་ཁོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese