མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སྐྱིད་ནས་བོད་ཡིག་བོར་ཉེན།

བོད་ཀྱི་དུས་བབ།
༢༠༡༡/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༣༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་བོད་མིའི་འདས་པའི་ལོ་ངོ་ལྔ་བཅུའི་ཤུལ་ལམ་རིང་མོར་ཕྱིར་མིག་ཅིག་བལྟས་ན་ཐོབ་ཤོར་གྱི་གནས་ཚུལ་མང་དག་ཅིག་བྱུང་ཡོད་ཀྱང་། མི་རབས་རྒན་པ་དག་གི་ངག་ཏུ་ “ འཛམ་གླིང་ནང་སྐྱབས་བཅོལ་བ་མང་པ་ཡོད་ཀྱང་། ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད ” ཅེས་མ་ཎྀ་བཞིན་བགྲང་གི་ཡོད་པ་ལྟར། བཙན་བྱོལ་ནང་དུ་བོད་ཡིག་ལ་བག་ཆགས་འཇོག་སའི་སློབ་གྲྭ་བརྒྱ་ཕྲག་ཅིག་དང་། ནང་བསྟན་བཀའ་པོད་ལྔ་ལ་འཆད་ཉན་བྱེད་སའི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་དགོན་སྡེ་བརྒྱ་ཕྲག་འགའ། ངྷ་རམ་ས་ལར་དམངས་གཙོའི་ཕུགས་བསམ་འཆིང་པའི་སྒྲིག་འཛུགས་སོགས་ཁྲ་ལམ་མེར་འོད་ཆིལ་ལེར་ཡོད་པ་འདི་དགའ་འོས་པ་ཞིག་ལོས་ཡིན།

    སྤྱི་ཚོགས་དང་མི་རིགས་གང་འདྲ་ཞིག་ཡིན་རུང་དེ་ལ་རང་རྐྱ་ཐུབ་པའི་སྐད་ཡིག་རིག་གཞུང་ཞིག་དང་། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་མི་རིགས་དེའི་སྙིང་ལ་རིགས་ཞེན་གྱི་རུས་པ་མཁྲེགས་པོ་ཞིག་ཡོད་ན། དཀའ་ངལ་དང་གནས་སྟངས་གང་འདྲ་ཞིག་ཏུ་ཚུད་ཀྱང་འཛམ་གླིང་འདིའི་ཐོག་ནས་རྨེག་མེད་དུ་མི་འགྲོ་བའི་ཆ་རྐྱེན་ཚང་ཡོད་ལ། གོ་སྐབས་དང་རྒྱུ་རྐྱེན་འཕྲད་ན་འཛམ་གླིང་གི་སྔོན་ཐོན་མི་རིགས་གྲས་སུ་ཚུད་ཐུབ་པའི་རེ་བ་ཡང་ཡོད་སྲིད་པ། ལོ་ངོ་བརྒྱ་ཕྲག་རིང་མི་རིགས་དང་རྒྱལ་ཁབ་གཞན་པའི་བཙན་གནོན་དང་བརྙས་བཅོས་མྱངས་མཐར་རྒྱལ་ཁབ་བསྐྱར་འཛུགས་བྱས་ཟིན་པའི་མི་རིགས་དེ་ཚོའི་ལོ་རྒྱུས་ཀྱི་བསླབ་བྱ་ལས་རྟོགས་ཐུབ།

    བོད་ནང་དུ་འདས་པའི་ལོ་ངོ་དྲུག་ཅུར་ཉེ་བའི་རིང་རྒྱ་གཞུང་གིས་རིག་གནས་གསར་བརྗེ་དང་རྒྱལ་གཅེས་ཆོས་གཅེས་སོགས་ཞི་དྲག་དང་མངོན་ལྐོག་གཉིས་ཐོག་ནས་བོད་པའི་སྐད་ཡིག་རིག་གཞུང་གཏོར་བཅོམ་བཏང་ཞིང་། བོད་པའི་བླ་སྤྲུལ་དགེ་བཤེས་དང་ལས་བྱེད་སློབ་ཕྲུག་མང་དག་ཅིག་བཙོན་ལ་བཅུག དུག་གིས་བཀྲོངས། མེ་མདས་བསད་པ་སོགས་ཉི་མ་དེ་རིང་ལ་ཐུག་གི་བར་དུ་སྲིད་བྱུས་གཏིང་ནག་དེ་མཚམས་མ་བཞག་བར་མ་ཆད་པར་སྤེལ་ཡོད་ཀྱང་། ཅི་ཙམ་མནན་ན་དེ་ཙམ་འཕར་བ་ཆོས་ཉིད་ལྟར། གཏོར་བཤིག་དང་གསར་བསྐྲུན་གྱི་འཐབ་རྩོད་བར་ནས། བོད་སྐད་བོད་ཡིག་གི་གྲ་མ་ཉམ་གྲུ་མ་ཞིག་པར་གནས་ཡོད་ལ། ལྟོས་ས་ལྟོས་འཇོག་གིས་འཕེལ་རྒྱས་ཀྱང་ཆེན་པོ་ཕྱིན་ཡོད།

    ༸གོང་ས་མཆོག་གིས་ཉིས་སྟོང་བརྒྱད་ལོར་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་མཛད་སྒོའི་ཐོག ང་ཚོ་བཙན་བྱོལ་དུ་ཐོག་མ་འབྱོར་བ་ནས་བཟུང་ཤེས་ཡོན་ཐོག་ཤུགས་བརྒྱབ་ཡོད་ལ། རྒྱ་གར་གཞུང་གིས་ཀྱང་དེ་མཚུངས་ཀྱིས་རྒྱབ་རོགས་བྱས་པ་རེད། ལོ་ངོ་སུམ་བཅུའི་རིང་ང་ཚོས་ཤེས་ཡོན་ཐོག་ཏན་ཏན་འཐུས་ཤོར་ཆེན་པོ་བཏང་འདུག་ཅེས་ཐུགས་ཕམ་མཛད་ཡོད་ལ། བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་པས་ཀྱང་གསར་གཏོད་ཀྱི་ལས་གཞི་མང་པོ་ཞིག་བརྩམས་ཡོད་པ་ལས་ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་གནང་ཡོད།

            ད་ཆར་བཀའ་ཤག་སྐབས་བཅུ་བཞི་བས་ལྷན་ཁང་བདུན་ལས་ཤེས་རིག་ལས་ཁུངས་གལ་ཆེན་དུ་བརྩིས་ཤིང་། ལས་དོན་ཁག་ལས་ཤེས་ཡོན་ལས་དོན་འགངས་ཆེན་དུ་བཞག་སྟེ། བཀའ་བློན་ཁྲི་པ་རང་ཉིད་ཀྱིས་ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་ཡོད་ལ། རིགས་གཅིག་རྐང་འཛིན་དང་ཆེད་མཁས་པ་ཁྲི་དང་འབུམ་གྱི་བཀའ་མོལ་གནང་གི་ཡོད་ཀྱང་། དེ་དག་ཁྲོད་བོད་སྐད་བོད་ཡིག་ཐོག་ཆེད་མཁས་པ་ག་ཚོད་གསོ་སྐྱོང་བྱ་འཆར་ཡོད་མེད་ཤིན་ཏུ་ནས་ལྐོག་གྱུར་རེད་ལ། བཀའ་ཤག་གསར་པའི་ལས་དོན་མགོ་འཛུགས་གནང་རྗེས། གངས་ཅན་སྐྱིད་གཤོང་གི་ཡིག་འབྲེལ་དང་གནས་འཕྲིན་ཁག་ཏུ་བོད་ཡིག་བོར་གྱིན་པ་འདིས་སླར་ཡང་བཙན་བྱོལ་སྤྱི་ཚོགས་ཁྲོད། བོད་ཡིག་བོད་སྐད་ཀྱི་མདུན་ལམ་ལ་བློ་འཚབ་དང་དོགས་པ་ཟ་དགོས་པ་ཞིག་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese