མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཉན་ནད་རེག་དུག་ནད་པ་ཚོར་མཐོང་ཆུང་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཛམ་གླིང་རེག་དུག་ཉིན་མོ་སྲུང་གཙི་བྱས་ཏེ། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་མང་ཚོགས་ལ་རེག་དུག་སྔོན་འགོག་གི་གཏམ་བཤད་དང་། རེག་དུག་ནད་གཞི་ཕོག་མཁན་བློ་བཟང་ལགས་ཀྱིས་རང་གི་མྱོང་ཚོར་སྐོར་བཤད་ཡོད།

དབུས་བོད་མིའི་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་། ངྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་གཙིའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གཙོས་པའི་སྨན་རྩིས་ཁང་གི་སྨན་རམས་པ་བསོད་ནམ་སྒྲོལ་མ་ལགས་དང་། བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་བསོད་ནམས་དོན་གྲུབ་སོགས་ཕེབས་འདུག མཛད་སྒོར་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་གི་དྲུང་ཆེ་དང་སྡེ་ཚན་འགན་འཛིན། གཞུང་ཞབས་ལས་བྱེད་སོགས་ཁྱོན་མི་ ༡༠༠ ཙམ་མཉམ་ཞུགས་བྱས་ཡོད།

མཛད་སྒོའི་སྟེང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ལགས་ཀྱིས་གཉན་ནད་རེག་དུག་གི་བྱུང་རིམ་དང་། ནད་གཞི་དེའི་ངོ་བོ་དང་བྱེད་ལས་སྐོར་མང་ཚོགས་ལ་ངོ་སྤྲོད་གནང་སྟེ། དེང་སྐབས་འཛམ་གླིང་སྟེང་རེག་དུག་ནད་འབུ་ཡོད་པའི་ནད་པ་ས་ཡ་ ༣༢ ཙམ་ཡོད་པ་དང་། ནད་གཞི་གསར་པ་ཕོག་མཁན་ས་ཡ་གཉིས་དང་འབུམ་བདུན།  གསར་སྐྱེས་བྱིས་པ་སུམ་འབུམ་དགུ་ཁྲི་ལྷག་ཡོད་པའི་ཁྲོད། ལོ་ལྟར་མི་ས་ཡ་གཉིས་དང་ཁྲི་བདུན་ཙམ་ནད་གཞི་དེའི་དབང་གིས་རྐྱེན་འདས་སུ་འགྲོ་བཞིན་ཡོད་སྐོར། རེག་དུག་ནད་གཞི་གཙོ་བོ་རྒྱ་དཀར་ནག་གཉིས་གཙོས་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ་ཁྱབ་བརྡལ་འགྲོ་བཞིན་ཡོད་སྐོར་སོགས་གསུངས་ཏེ། རྒྱ་གར་གྲོང་ཁྱེར་འདྲ་མིན་དུ་ཁ་ཐོར་གནས་སྡོད་བྱེད་པའི་བོད་མི་ཚོས་རེག་དུག་གི་ཉེན་ཁར་གཡོལ་དགོས་པ་མ་ཟད། ཉེན་ཁ་དེ་ལས་བཟློག་ཆེད་ཕོ་མོ་ཕན་ཚུན་བར་འཁྲིག་པ་སྤྱོད་པ་དང་སྨན་ཁབ་རྒྱག་པ། གཞན་ལ་ཁྲག་སྤྲོད་སྐབས་བཅས་ལ་གཟབ་གཟབ་གནང་དགོས་ཚུལ། རེག་དུག་ནད་གཞི་ཡོད་མཁན་ཚོས་ནད་གཞི་དེར་སྦ་གསང་མ་བྱས་པར་དུས་ཐོག་སྨན་ཁང་དུ་བརྟག་དཔྱད་གནང་རྒྱུ་དང་། མང་ཚོགས་ཀྱི་ངོས་ནས་ཀྱང་རེག་དུག་ཕོག་མཁན་ཚོར་སྙིང་རྗེའི་བསམ་པའི་ཐོག་སེམས་གསོ་དང་རོགས་རམ་གང་ཐུབ་གནང་དགོས་པ་ལས་མཐོང་ཆུང་དང་ཁྱད་གསོད་བྱས་ཏེ། སྤྱི་ཚོགས་ནང་ཕྱིར་ཕུད་བཏང་ན་ཡག་པོ་མེད་སྐོར་སོགས་གསུངས་སོང་།

དེའི་རྗེས་སྨན་རམས་པ་བསོད་ནམས་སྒྲོལ་མ་ལགས་ཀྱིས་ལོ་རྒྱུས་ཐོག་གི་བོད་ལུགས་གསོ་རིག་གི་ཕན་ཡོན་དང་བོད་སྨན་གྱིས་རེག་དུག་ནད་གཞི་བཅོས་ཐབས་སྐོར་ངོ་སྤྲོད་དང་། བོད་པའི་སྤྱི་ཚོགས་ནང་རེག་དུག་ཕོག་མཁན་ཚོར་ན་ཚའི་སྡུག་བསྔལ་དང་། དཔལ་འབྱོར་དཀའ་ངལ་གཉིས་ལས་གཞན་ད་དུང་། གྲོང་པ་ཁྱིམ་མཚེས་དང་ལས་རོགས། དགའ་ཉེ་གྲོགས་པོ། སྤྱི་ཚོགས་བཅས་ཀྱིས་གནོན་ཤུགས་རིམ་པར་སྤྲད་དེ་མི་གྲལ་ནས་ཕུད་པ་སོགས་ནི། རེག་དུག་ཕོག་པའི་ནད་པ་ཚོར་ན་ཚ་ལས་སྡུག་པའི་གནོན་ཤུགས་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་ཚུལ་དང་། གནོན་ཤུགས་དེའི་འོག་རེག་དུག་ཕོག་མཁན་ཚོའི་ནད་གཞི་དྲག་སྐྱེད་ཡོང་བར་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་བཅས་བརྗོད་བྱུང་།

སྨན་པ་བསོད་ནམས་དོན་གྲུབ་ལགས་ཀྱིས་ཕྱི་ལུགས་སྨན་གཞུང་དུ་རེག་དུག་ལ་ངོས་འཛིན་དང་བཅོས་ཐབས་ཅི་ཡོད་ངོ་སྤྲོད་གནང་རྗེས། གཉན་ནད་རེག་དུག་ནི་འཛམ་གླིང་ཧྲིལ་པོའི་ཐུན་མོང་གི་དཀའ་ངལ་ཞིག་ཡིན་ཚུལ་བརྗོད་དེ། ད་བར་རེག་དུག་ནད་གཞི་དེའི་རྐྱེན་གྱིས་འཛམ་གླིང་ནང་མི་ས་ཡ་ ༥༠ ཙམ་ལ་ཤུགས་རྐྱེན་སྤྲད་ཡོད་པ་དང་། ས་ཡ་ ༣༥ ཙམ་འདས་གྲོངས་སུ་ཕྱིན་ཡོད་སྐོར། ལྷག་པར་དུ་རྒྱ་བལ་གཉིས་ཀྱི་བོད་མིའི་ཁྲོད་རེག་དུག་ཕོག་མཁན་བརྒྱ་ཆ་ (༠.༠༤%)  ཆགས་ཡོད་སྐོར་གསལ་བཤད་གནང་སོང་ལ། རེག་དུག་ནད་གཞིའི་ཡོང་ཁུངས་གཙོ་བོ་འཁྲིག་སྤྱོད་ཡིན་སྟབས། མ་འོངས་པར་རེག་དུག་ནད་གཞི་སྔོན་འགོག་ཆེད་ཕོ་མོའི་ལུས་འབྲེལ་དང་མཚན་མཐུན་ཆགས་སྤྱོད་གང་ཡིན་རུང་འགྱིག་ཤུབ་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།  

མཐའ་མར་སཱོ་ལཎ་གཞིས་ཆགས་ནས་ཡིན་པའི་གཉན་ནད་རེག་དུག་ཕོག་མཁན་སྐུ་ཞབས་བློ་བཟང་ལགས་ཀྱིས། ཁོང་དང་ཁོང་གི་ཆུང་མ་གཉིས་ལ་ཐོག་མར་རེག་དུག་ནད་གཞི་ཇི་ལྟར་ཕོག་མིན་དང་། བར་དུ་དཀའ་ངལ་ཇི་ལྟར་འཕྲད་ཚུལ་སོགས་ངུ་བཞིན་དུ་མང་ཚོགས་ལ་ངོ་སྤྲོད་བྱས་སོང་ལ། སྤྱི་ཚོགས་ནང་རེག་དུག་ཕོག་མཁན་ཚོར་མཐོང་ཚུལ་ཇི་འདྲ་ཡོད་མེད་ཐད་ཁོང་གིས། གྲོང་པ་ཁྱིམ་མཚེས་རྣམས་ཀྱིས་ཁོང་བཟའ་ཟླ་གཉིས་ལ་རེག་དུག་ན་ཚ་ཡོད་པ་རེད་ཟེར་ནས་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་ཡོད་སྟབས། གཞིས་གྲོང་ནང་སྡོད་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག ང་རང་རེག་དུག་ཉིན་མོའི་མཛད་སྒོར་ཡོང་དོན་ནི། བོད་པའི་སྤྱི་ཚོགས་ནང་རེག་དུག་ནད་པ་ཚོར་ལྟ་སྟངས་ཡག་པོ་ཡོང་ཆེད་དང་། རེག་དུག་ནད་པ་ཚོས་ཀྱང་སོ་སོའི་ན་ཚ་སྦ་གསང་མ་བྱས་པར་དུས་ཐོག་སྨན་ཁང་ལ་སྟོན་རྒྱུའི་ཆེད་དུ་ཡིན་ཞེས་བརྗོད་བྱུང་། 

འདི་གའི་གསར་ཁང་གིས་ཤེས་རྟོགས་བྱུང་གསལ་ལ།  ༢༠༠༨ ལོར་ངྷ་རམ་ས་ལར་གཉན་ནད་རེག་དུག་གི་ནད་གཞི་ཕོག་མཁན་བོད་མི་ ༣༠༠ ཙམ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

མཆན། 5

  1. ཡུལ་གྱར་གྱི་མཚེར་ས says:
    ལོ་ 11 སྔོན།

    འགྱུར་མེད་བསྟན་འཛིན་ལགས། གལ་སྲིད་ནད་པའི་ཁར་རྨ་མེད་ན་འོ་བསྐྱལ་རེས་དང་ལྕེ་ནུ་རེས་བྱས་ན་ན་ཚ་འགོས་ཀྱི་མེད་པ་གོ་ཐོས་བྱུང་། འོན་ཀྱང་མཚན་མར་རྨ་ཁ་མི་དགོས་པ་དེ་ནི་དྲི་བ་ཞིག་རེད།

    Reply
  2. བསྟན་འཛིན་ཆོས་རྒྱལ says:
    ལོ་ 11 སྔོན།

    ཧེ་ཧེ། འགྱུར་མེད་སྟན་འཛིན། ད་རེར་ངོ་ཚ་ཉོས་ཐལ། ནམ་རྒྱུན་ཐམས་ཅད་པོར་ཅིག་ཅིག་འགྲིག་མི་འདུག་རྐྱང་ལས། མི་ཤེས་པ་མེད་ནི་འདྲ་མོད། འོ་བྱེད་ལྕེ་ནུ་བློས་མི་ཐོང་ན་གཟབ་ནས་བྱས་ན་འགོས་ཐབས་མེད་དོ། འོན་ཀྱང་ཤུགས་ཆེ་དྲག་ནས་རྨ་ཁྲག་ཐོན་འགན་ལེན་མི་ཐུབ་བོ།།

    Reply
  3. གཡུ་རལ་བཀྲ་རྒྱམ། says:
    ལོ་ 11 སྔོན།

    སྤྱིར་རེག་དུག་ཟེར་བ་འདི་འཛམ་གླིང་གང་སར་ཁྱབ་བརྡལ་སོང་བའི་གྲངས་འབོར་ནི་ཧ་ཅང་གི་ཉུང་ཉུང་ཞིག་གཏན་ནས་མ་རེད། བོད་པའི་སྤྱི་ཚོགས་ནང་དུའང་དེ་ཚོའི་གྲངས་འབོར་ཧ་ཅང་གི་མཐོ་བོ་རེད།
    རེག་དུག་ནད་པ་ཚོར་སྤྱི་ཚོགས་ཀྱི་གནོན་ཤུགས་དེ་རང་བཞིན་གྱིས་ཡོངས་ངེས་བ་ཞིག་རེད།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 11 སྔོན།

    འོ་བསྐྱལ་རེས་དང་ལྕེ་ནུ་རེས་བྱ་ན་ན་ཚ་དེ་འགོས་ཀྱ་ཨི་རེད།
    གནས་ཚུལ་དེ་ཤེས་འདོད་ཡོད་་་་་་་ཤེས་མཁན་ཡོད་ན་བཤད་རོགས

    Reply
  5. ལུང་རྟོགས། says:
    ལོ་ 11 སྔོན།

    ན་གཞོན་ཕོ་མོ་ཚོས་རང་དང་སྤྱི་ཚོགས་གཉིས་ཀ་ལ་མགན་ཁུར་ཏེ་རེག་དུག་ན་ཚ་འདི་མི་ཡོང་སྔོན་འགོག་དང་། ན་ཚ་ཕོག་ཟིན་པ་ཚོས་གང་བྱུང་མི་བྱེད་རྒྱུ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist