མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུས་ལ་གྲྭ་ཆས་གྱོན་པ་ཙམ་གྱིས་ནང་པ་སངས་རྒྱས་པར་འགྱུར་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་སྡོམ་ཚོགས་འདུའི་ཐོག་ཆིབས་བསྒྱུར་གནང་སྟེ། ཆོས་ལུགས་ཀྱི་དབུ་ཁྲིད་དང་སྐུ་མགྲོན་རྣམ་པར་བཀའ་སློབ་གསུང་བཤད་གནང་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༧ ནས་ ༣༠ བར་རྒྱ་གར་གྱི་ཨ་ཤོ་ཀཱ་ཆོས་ལུགས་ལྷན་ཚོགས་(Ashoka Missoin) ཀྱིས་གོ་སྒྲིག་འོག   ཉིན་བཞིའི་རིང་འཛམ་གླིང་གི་ནང་པའི་རྒྱལ་ཁབ་ ༤༢ ལྷག་གི་ནང་པའི་དབུ་ཁྲིད་ལྷན་འཛོམས་ཀྱི་ཚོགས་འདུའི་མཇུག་སྡོམ་ཐོག་༸གོང་ས་མཆོག་གདན་ཞུ་གནང་ཡོད་པ་ལྟར། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གྷན་ངྷི་རྗེས་དྲན་ཁང་ (Gandhi Smriti ) དང་ནེ་རུའི་སྐྱེས་མོས་ཚལ་ (Nehru Park ) བཅས་སུ་ཆིབས་བསྒྱུར་གྱིས་སྨོན་ལམ་དང་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་སོགས་གནང་ཡོད་པ་དང་། ཆུ་ཚོད་ ༣ དང་ཕྱེད་ཀའི་ཐོག་༸གོང་ས་མཆོག་གིས་ལྷན་ཚོགས་ཀྱི་མཇུག་སྡོམ་དུ་ཆིབས་བསྒྱུར་གནང་སྟེ་བཀའ་སློབ་གསུང་བཤད་གནང་ཡོད།

སྐབས་དེར་༸གོང་ས་མཆོག་གིས་ལྷན་ཚོགས་ཐོག་ཆིབས་བསྒྱུར་གནང་བའི་ཆོས་ལུགས་ཀྱི་དབུ་ཁྲིད་དང་སྐུ་མགྲོན་རྣམ་པར་འཚམས་འདྲི་གནང་རྗེས་གསུང་དོན། “ ང་ཚོ་ནང་པ་སངས་རྒྱས་པ་ཞིག་དང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཀུན་སྤྱོད་བཟང་པོ་ཡོང་བར་བསམ་བློ་གཏོང་རྒྱུ་གལ་ཆེན་ཆགས་ཡོད། འགྲོ་བ་མིའི་ལོ་རྒྱུས་ནང་དུས་རབས་ ༢༠ བ་དེ་ཧ་ཅང་དཀའ་ངལ་ཅན་གྱི་དུས་རབས་ཤིག་ཆགས་ཡོད་པ་དང་། དུས་རབས་དེའི་ནང་འཁྲུག་རྩོད་མང་དག་ཅིག་བྱུང་སྟེ་མི་མང་པོའི་ཚེ་སྲོག་ཤོར་ཡོད། དུས་རབས་ ༢༡ དུས་འགོར་ཡང་གཅིག་མཚུངས་ཀྱི་གནས་ཚུལ་བྱུང་བ་དེ་འདས་པའི་ནོར་འཁྲུལ་ལས་བྱུང་བ་རེད། སྤྱིར་ཚན་རིག་ནི་འགྲོ་བ་མིར་དགོས་མཁོ་ཆེན་པོ་ཞིག་ཡིན་ཡང་། ཚན་རིག་དང་དཔལ་འབྱོར་ཁོ་ནར་བརྟེན་ནས་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྐྲུན་ཐབས་མེད། དུས་རབས་འདིའི་ནང་ཞི་བདེ་བསྐྲུན་པ་ལ། ཐོག་མར་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། ང་ཚོས་ནམ་རྒྱུན་ཁ་ནས་སངས་རྒྱས་ལ་སྐྱབས་སུ་མཆི་ཞེས་བརྗོད་པ་ཙམ་ལས། སོ་སོའི་མི་ཚེའི་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་བྱར་བསམ་བློ་མ་བཏང་བར། རྒྱུ་དང་འབྱོར་བ་ཐོབ་ཐབས་དང་མིང་དང་སྙན་གྲཊ་ཁོ་ནར་བསམ་བློ་གཏོང་གི་ཡོད། ཁ་ནས་སེམས་ཅན་ཐམས་ཅད་ཟེར་བ་ལས། དོན་དུ་གཞན་ལ་སེམས་ཁུར་མེད་པའི་ཀུན་སྤྱོད་ངན་པ་ཞིག་ཆགས་ཡོད། གཙོ་བོ་སེམས་ནང་ནས་ཆོས་ལ་དད་པ་དང་ཡིད་ཆེས་ཡོད་པའི་ནང་པ་སངས་རྒྱས་པ་ཞིག་བྱེད་དགོས་པ་རེད། ”ཅེས་གསུངས་ཡོད།  

ཡང་༸གོང་ས་མཆོག་གིས། “ འཛམ་གླིང་འདིར་ནང་པ་སངས་རྒྱས་པའི་ཆོས་དར་ནས་ལོ་ ༢༥༠༠ ལྷག་ཕྱིན་ཡོད་ཀྱང་། ད་ལྟའི་དུས་འདིར་ཡང་འཛམ་གླིང་གི་གྲགས་ཅན་ཚན་རིག་པ་མང་པོས་ནང་པ་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་བཞིན་ཡོད། ནང་པའི་ཆོས་རླབས་ཆེན་ཡིན་ཡང་། ཆོས་བྱེད་མཁན་གྱི་བླ་སྤྲུལ་དང་དགེ་རྒན་གྱི་སྤུས་ཀ་ཞན་དུ་འགྲོ་བཞིན་པ་དེ་བློ་ཕམ་གྱི་རང་བཞིན་ཡིན། ང་ཚོ་གནས་བརྟན་སྡེ་པའི་ལུགས་དང་ཐེག་ཆེན་གྱི་ལུགས། སྔགས་ཀྱི་ལུགས་བཅས་འཛིན་མཁན་སུ་འདྲ་ཞིག་ཡིན་རུང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རྣལ་མ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡང་དག་ཅིག་བྱེད་འདོད་ན། ནང་སེམས་ལ་འགྱུར་བ་གཏོང་དགོས། དེ་བཞིན་ནང་པའི་ལྷན་ཚོགས་འདི་ལྟ་བུ་ཡང་ནས་ཡང་དུ་ཚོགས་ཏེ། མཛད་སྒོ་ཙམ་མ་ཡིན་པར་ནང་ཆོས་ཀྱི་སྐོར་ནས་ཕན་ཚུན་བསམ་ཚུལ་སྤེལ་རེས་དང་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད། ལུས་ལ་གྲྭ་ཆས་གྱོན་པ་ཙམ་གྱིས་ནང་པ་སངས་རྒྱས་པར་འགྱུར་གྱི་མ་རེད། གཙོ་བོ་སེམས་ནས་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣལ་མ་ཞིག་བྱེད་དགོས་རེད། དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ངོས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། འོན་ཀྱང་དགེ་སློང་མའི་སྡོམ་རྒྱུན་སྐོར་ངོས་རང་ལ་དམིགས་བསལ་གྱི་ཐག་གཅོད་བྱེད་དབང་མེད། ནང་པའི་རྒྱལ་ཁབ་གཞན་གྱི་ཆོས་ཀྱི་དབུ་ཁྲིད་རྣམས་དང་ལྷན་དུ་གྲོས་བསྡུར་གྱི་ལམ་ནས་མཐའ་མའི་ཐག་གཅོད་ཡོང་རྒྱུའི་ཡིད་ཆེས་བྱེད་བཞིན་ཡོད། ” ཅེས་ལམ་སྟོན་བཀའ་སློབ་གནང་ཡོད།

ཕྱི་ཚེས་ ༣ ཉིན་ནས་༸གོང་ས་མཆོག་འཛམ་གླིང་དཔེ་དེབ་འགྲེམ་སྤེལ་སྡེ་ཚན་པེན་ཀོང་ (Penguin )ཞེས་པའི་ལོ་འཁོར་ཚོགས་ཆེན་ཐོག་ཆིབས་བསྒྱུར་གྱིས་༼བྱམས་བརྩེའི་ནུས་སྟོབས།༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འཆར་ཡོད་པ་དང་། ཕྱི་ཚེས་ ༥ ནས་ ༧ བར་རྒྱ་གར་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་སུ་ཆིབས་སྒྱུར་གནང་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པས་༼གསང་འདུས་རིགས་ལྔའི་འགྲེལ་བ༽ དང་༸པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས་མཛད་པས་༼རིགས་ལྔའི་འགྲེལ་བ༽བཅས་ཀྱི་བཀའ་ཆོས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 9

  1. འཇིག་རྟེན་ says:
    ལོ་ 15 སྔོན།

    གསུང་གསུམ་གྱི་མཛད་འཕྲིན་ཡར་ངོ་གཞིན་རྒྱས་བར་ཤོག

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    མཛད་པ་ཀུན་ལས་གསུང་གི་ནི། མཛད་པ་མཆོག་ཡིན་གསུངས་པའི་དོན།
    ཁྱེད་ཀྱི་གསུང་གིས་ངེས་རྙེད་ཀྱང།་རང་རིགས་འོན་པ་དག་གིས་མིན།

    Reply
  3. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    སྤྲུལ་སྐུའི་ལམ་ལུགས་དེ་གང་ཞིག་ཏུ་ངོེ་འཛིན་བྱེད་བཞིན་ཡོད་དམ། ༧ རྒྱལ་དབང་མཆོག་གི་ཆབ་སྲིད་ལམ་ལུགས་དེར་ཟེར་གྱི་ཡིན་ནམ། སྔོན་མའི་སྐུ་གྲགས་ཀྱི་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ཟེར། ཁྱེད་ཀྱིས་གསར་འགྱུར་འདིའི་གཤམ་དུ་ཚིག་དུམ་སྐྱག་དྲི་ཅན་ཞིག་གཡུགས་དགོས་པའི་རྒྱུ་མཚན་གང་ཡིན་པར་ངས་གསལ་བོར་ཤེས་འདོད་ཡོད་པས་གསལ་ཁར་གནོངས་རོགས། གལ་སྲིད་ཁྱེད་རང་གནས་ལུགས་ལ་བསམ་གཞིགས་མི་ཐུབ་མཁན་ཞིག་ཡིན་ན། གཞན་ཅི་ཡང་མ་གསུངས་རོགས། ། ཐུགས་རྗེ་གཟིགས།།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    སྤྲུ་སྐུའི་ལམ་ལུགས་མཇུག་རྫོགས་པར་ཤོག

    Reply
  5. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    ང་འཛིན་དྲྭ་བས་་སྒལ་ཚིག་བཅིངས་པའི་ས་ཆེན་གོ་ལའི་ཁྱོན་ཡོངས་སུ།།
    ནག་ནོག་སྟུག་པོའི་སྤྲིན་གྱིས་བསྒྲིབ་པའི་མུན་པའི་འཇིག་རྟེན་ཁམས་འདིར་རུ།།
    ཁྱེད་ནི་བྱམས་པའི་གོ་ཆ་བགོས་བཞིན་གཡུལ་ལས་རྒྱལ་བའི་དཔའ་བོ་ཞིག།
    རིས་མེད་འགྲོ་རྣམས་སྲོག་ལས་སྐྱོབ་པའི་སེམས་པ་ཆེན་པོའི་རྒྱལ་པོ་ཞིག།

    ཀུན་སྤྱོད་རིག་པ་འཕྲུལ་གྱིས་བཏུམས་པའི་དུས་རབས་གསར་རྙིང་འཀྱོགས་མཚམས་སུ།།འདོད་རྔམས་སེམས་ཀྱི་འཁྲིགས་ཆ་དོགས་པའི་དུས་ངན་ཉི་མའི་རླབས་འོག་གི།།
    ཁྱེད་ནི་ཞི་བདེའི་གསེར་འདོག་འཕྲོས་པའི་སྒང་གི་ཉི་མ་སེར་པོའི་ཟླ།།
    ཞི་བསིལ་དྲོད་ཀྱི་གཙང་ཆབས་རིང་མོ་ཁྱེད་ལས་རིན་པ་སུ་ཡིས་ཤེས།།

    རང་རང་འབྱུང་བཞིའི་རང་བཞིན་གནས་པའི་ཚུལ་ལུགས་ངོ་བོ་ལྟ་ཚུལ་རེ།།
    མི་མཐུན་ལྟ་གྲུབ་མཐུན་པར་བྱེད་པའི་བདེན་པར་སྒྲོགས་པའི་ལྷ་དཀར་ལགས།།
    དུས་ངན་འགྲོ་རྣམས་མགོན་དུ་བཞུགས་པའི་སྨིན་པའི་རྒྱལ་པོས་གདོང་གྲོགས་མཛོད།།སྐུ་ཚེར་བརྒྱ་ཕྲག་ཡུན་དུ་བརྟན་པའི་སྟོང་གསུམ་ལྷ་རྣམས་བྱོན་དུ་གསོལ།།

    Reply
  6. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ངོ་མཚར་ཆེ་འོ་མགྲོ་བའི་མགོན། །
    སྐྱབས་སུ་མཆི་འོ་མཁྱེན་པའི་གཏེར། །
    ཐུགས་རྗེས་ཆེ་འོ་ལྷ་ཡི་ལྷ། །
    བཀའ་གསུངས་བདུད་རྩི་མཆོག་གི་གསོས། །

    Reply
  7. ལུང་རྟོགས། says:
    ལོ་ 15 སྔོན།

    དེང་སང་ང་ཚོས་གྲྭ་པ་ཡིན་མིན་ནི་ཕྱིའི་ཆས་ཀ་ཙམ་ལ་ལྟ་བཞིན་ཡོད། དེ་ནི་ནོར་འཁྲུལ་རེད་གྲྭ་པ་ཡིན་མིན་ནི་རྒྱུད་ལ་སྡོམ་པ་ཡོད་མེད་ཀྱིས་ཐག་གཅོད་དགོས། ༸གོང་ས་མཆོག་ནས་ཀྱང་ལུས་ལ་གྲྭ་ཆས་གོན་པ་ཙམ་གྱིས་ནང་པ་མི་འགྱུར་བ་གསུང་འདུག་ལ་ནང་པ་མིན་ན་གྲྭ་པ་ནི་དེ་བས་ཀྱང་ག་ལ་ཡིན། དེས་ན་མགོ་རིལ་གཟན་ཤམ་གོན་མཁན་ཞིག་གིས་བྱ་བ་ངན་པ་ཞིག་བྱེད་པ་མཐོང་ན་བརྟག་དཔྱད་གང་ཡང་མེད་པར་གྲྭ་པ་ཚོས་གཅིག་བྱེད་བཞིན་འདུག་ཞེས་ཁ་གཏོང་རྐྱང་བྱེད་པ་ནི་དྲང་པོ་མ་རེད་འདོད།

    Reply
  8. སྨྲ་བརྗོད་རང་དབང་། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་གསུང་བཤད་ལ་ཞིབ་ཉན་བྱས་ཏེ། རང་གིས་རང་ལ་བརྟགས་དཔྱད་བྱེད་རྒྱུ་ནི་ནང་བའི་བླ་སྤྲུལ་ཚོ་དང་གྲྭ་བ་ཚོའི་ཕྲག་ཏུ་བབ་པའི་འགན་ལྕི་མོ་ཞིག་རེད། སྒོར་མོ་དང་མཛེས་མ་ལ་དགའ་བའི་སྤྲུལ་སྐུ་དང་གྲྭ་རྫུན་ཚོས་ནང་བ་སངས་རྒྱས་པའི་རིག་གཞུང་འདི་ཆུ་ལ་མ་སྐུར་རོགས། འདིའི་ཐོག་མི་མང་བོ་ཞིག་གིས་དཔྱད་ཞིབ་བྱས་ནས་དགག་གཞག་བྱེད་དགོས།

    Reply
  9. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོའི་བར་དུ་ཇི་སྲིད་བརྟན་པ་དེ་སྲིད་ཀྱི་བར་ཏུ་ང་ཚོའི་ནང་བའི་དྲོ་སྐྱིད་ལྡན་ངེས་ཡིན་པས། ནང་བ་ཡོངས་ཀྱིས་ཁོང་གི་སྐུ་ཚེར་རིང་དུ་བརྟན་པས་གསོལ་འདེབས་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese