མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆགས་སྲེད་ཀྱི་སློབ་གྲྭ་ཐོག་མ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp
གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན་ཨོ་སི་ཊི་རི་ཡའི་ནང་རྒྱལ་སྤྱི་རང་བཞིན་གྱི་ཆགས་སྲེད་སློབ་གྲྭ་ཞིག་མགོ་འཛུགས་བྱས་ཡོད་འདུག
ཨོ་སི་ཊི་རི་ཡའི་ཝེན་ནཱ་(Vienna) ས་གནས་སུ་རྒྱལ་སྤྱི་རང་བཞིན་གྱི་ཆགས་སྲེད་སློབ་གྲྭ་(Austrian International Sex Shool) ཞིག་མགོ་འཛུགས་བྱས་འདུག་ལ། སློབ་གྲྭ་དེར་ལོ་ ༡༦ ཡན་གྱི་ཕོ་མོ་གཉིས་ཀ་སློབ་ཞུགས་བྱེད་ཆོག་གི་ཡོད་ཅིང་། སློབ་སྐབས་རེར་དབྱིན་སྒོར་ ༡༤༠༠ སློབ་ཡོན་སྤྲོད་དགོས་ཀྱི་ཡོད་པ་དང་། སློབ་ཚན་གཙོ་བོ་ཆགས་སྲེད་སྐབས་ཕོ་མོའི་གཟུགས་པོའི་གནས་བབ་དང་འཕུར་ཉེད་གྱི་སྒྱུ་རྩལ་སོགས་ཀྱི་ཤེས་བྱ་རིགས་ཡིན་འདུག
སློབ་གྲྭ་འཛུགས་མཁན་ལྕམ་ཐོམ་སན་ (Ylve-Maria Thomson) གྱིས་ “ང་ཚོའི་སྤྲོད་བཞིན་པའི་སློབ་སྦྱོང་འདི་ཆགས་སྲེད་སྐོར་གྱི་ཤེས་བྱ་ཙམ་མིན་པར་ལག་ལེན་ཐོག་འགྲོ་བཞིན་ཡོད། སློབ་གྲྭ་འདིའི་དམིགས་ཡུལ་ནི་མི་མང་ལ་ཆགས་སྲེད་སྐོར་གྱི་སློབ་སྦྱོང་སྤྲད་དེ། ཕོ་མོའི་བར་གྱི་བརྩེ་དུང་གཏིང་ཇེ་ཟབ་ཏུ་གཏོང་ཐབས་བྱ་རྒྱུ་ཞིག་ཡིན” ཞེས་བརྗོད་འདུག་ལ། སློབ་སྐབས་གཅིག་མཐར་ཕྱིན་རྗེས་སློབ་ཞུགས་པ་ཚོར་ཆགས་སྲེད་ཀྱི་ཤེས་བྱ་སྦྱོང་བརྡར་ཐོབ་པའི་ལག་འཁྱེར་ཡང་སྤྲོད་འཆར་ཡོད་འདུག
ཆགས་སྲེད་སློབ་གྲྭ་དེར་ཨོ་སི་ཊི་རི་ཡའི་ནང་མི་མང་པོ་ཞིག་གིས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ཁོང་ཚོས་ཆགས་སྲེད་ཀྱི་སློབ་གྲྭ་ཞེས་མིང་སྙན་པོ་དང་ཧ་ཅང་གི་རྣམ་པ་གསར་པ་ལྟ་བུའི་ཐབས་ལམ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་འཁྲུག་སྤྱོད་ཀྱི་ཚོང་བྱེད་ཀྱི་ཡོད་པའི་བསྐྱོད་བརྗོད་དང་ངོ་རྒོལ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

༢༠༢༦/༠༡/༢༣
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

༢༠༢༦/༠༡/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 17

  1. tenzindorjee says:
    ལོ་ 14 སྔོན།

    གོང་གི་གནས་ཚུལ་འདི་གསར་འགྱུར་ཡིན་མིན་ངས་གསལ་བོ་ཞིག་བཤད་ཤེས་ཀྱི་མེད། ནུབ་ཕྱོགས་ལུང་པ་ཁག་གི་སྒེར་གྱི་བརྒྱུད་ལམ་ཁག་ལ་མཚོན་ན། གསར་འགྱུར་འདི་འདྲ་ནམ་རྒྱུན་མཐོང་རྒྱུ་ཡོད་ཡོད་པ་ཞིག་རེད། (ཆགས་སྲེད་ཀྱི་སློབ་གྲ་ཐོག་མ)ཞེས་པ་འདི་ལ་མཚོན་ན། གསར་འགྱུར་ཡིན་མིན་གསལ་བོ་ཞིག་ཞུ་ཐུབ་ཀྱི་མི་འདུག་མོད། ཚིག་བེད་སྤྱོད་གཏོང་སྟངས་ཀྱི་ཐད་ནས་ནོར་འཁྲུལ་གང་འཚམས་འདུག་ལ། ལྷག་པར་དུ་ཁ་བྱང་( ཆགས་སྲེད ) ཅེས་བཀོད་པ་འདི་ཏག་ཏག་བསྡད་ཡོད་པ་མ་རེད། གསར་འགྱུར་གཞུང་ལུགས་ནང་མི་གསོན་དོན་རྐྱེན་དང་བཙན་གཡེམ། འཁྲིག་སྤྱོད་ཀྱི་གནས་ཚུལ་རིག་གལ་སྲིད་སྤེལ་དགོས་བྱུང་ཚེ། ཚིག་བེད་སྤྱོད་གཏོང་ཕྱོགས་ལ་ཧ་ཅང་གཟབ་ནན་བྱ་དགོས་པ་རེད། གོང་གི་ཆགས་སྲེད་ཟེར་བ་འདི་ལ་མཚོན་ནའང་( ཕོ་མོའི་ལུས་འབྲེལ་) ཟེར་བ་ལྟ་བུ་འབྲི་དགོས་པ་རེད་དྲན་གྱི་འདུག དེ་ནས་གསར་འགྱུར་གྱི་སྒྲུང་འབྲི་སྟངས་ཀྱི་ཕྱོགས་ནས་ཀྱང་ནོར་འཁྲུལ་ཆེན་པོ་ཞིག་ཤོར་འདུག གསར་འགྱུར་དེའི་ནང་དུས་ཚོད་བཀོད་མེད་པ་དེ་འགྲིག་ཡོད་པ་མ་རེད། འདི་ང་རང་གི་བསམ་ཚུལ་ཙམ་ཡིན།

    Reply
  2. རྐ་སྲས། says:
    ལོ་ 14 སྔོན།

    གསར་འགྱུར་ནི་འདུལ་བར་སྟུན་དགོས་པ་ཞིག་མིན་ལ།   ཡག་བཙོག་ཀྱང་མི་རེ་གཉིས་ཀྱི་ཀླད་པའི་ཤོང་ཚད་ཀྱིས་ཐག་ཆོད་པ་ཞིག་མ་རེད།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    ཤེས་མིང་བས། “ཨ་རིག་འགྱུར་མེད་ཀྱིས་ལབ་པ་ལྟར་བྱས་ན་ཁོ་རང་གིས་ཁོ་གསར་འགྱུར་རིག་པར་ཆེད་ལས་འཐོན་པ་ཡིན་ཟེར་ནས་གྲོག་གྲོག་མཐོ་བོ་ཡོད་པ་རེད།” ཅེས་པའི་གཞི་མེད་སྐྱོན་འཛུགས་དང་མི་དང་མིའི་བར་ལ་དཀྲུག་ཤིང་དང་ཁྱི་བར་དུ་རུས་པ་མ་གཡུག་ན་བཟང་གི

    Reply
  4. རང་དབང་རྒྱལ། says:
    ལོ་ 14 སྔོན།

    དྲ་གྲོགས་ཤེས་རབ་དང་བཙན་བྱོལ་བ་སོགས་ཀྱི་བསམ་རྒྱ་བསྐྱེད་རོགས་ཞུ།
    གཞི་མེད་སྐྱོན་བརྗོད་དང་དོན་མེད་བསྙོན་འཛུགས་བྱེད་སྟངས་ཀྱིས། བཙན་བྱོལ་བའི་ཡིག་འབྲི་བ་ཚོའི་ལག་ལེན་དང་བསམ་བློ་རིག་ལྷུང་ལ་འབུད་ཀྱིན་པ་མ་ཡིན་ནམ།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཆགས་སྲེད་རིགས་ནི་ཆེས་ཐ་ཤལ་བར་ངོས་འཛིན་པ་དེ་ང་ཚོའི་སྲོལ་རྒྱུན་གྱི་བག་ཆགས་ཙམ་ལས་འདི་ནི་འཚོ་བའི་ཁྲོད་ཀྱི་ཁ་ཡོད་ལག་ཡོད་ཀྱི་བདེ་སྣང་ཆེར་སྐྱེད་དང་འབྲེལ་བའི་འཕྲོད་བསྟེན་རིགས་ཤིག་ཡིན།
    གལ་ཏེ་ཆགས་སྲེད་སྐོར་ལ་ཆེད་སྦྱོང་དང་ཉམས་མྱོང་ཅི་ཡང་མི་དགོས་པ་ཞིག་དང། འདི་དག་ལ་དགོས་གལ་ཅི་ཡང་མི་ཆེ་ཚེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གཞུང་ལུགས་ཀྱི་ཁུངས་དང་འབྲེལ་བའི་འདོད་པའི་བསྟན་བཅོས་དེ་འདྲ་ཅི་ལ་བརྩམས།
    དེང་སང་རྒྱལ་ཁབ་མང་པོར་ཁྲིམས་མཐུན་ཡིན་མིན་གྱི་ཆགས་སྲེད་ཁང་གང་མང་འཛུགས་བཞིན་པ་ལ་ཉེས་སྐྱོན་མེད་ན་འདོད་སྲེད་ཀྱི་སྒྱུ་རྩལ་དང་འཕྲོད་བསྟེན་སྐོར་ལ་སློབ་སྦྱོང་སྤྲོད་པར་སྐྱོན་ཅི་ཞིག་ཡོད།

    Reply
  6. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    དྲང་པོར་བཤད་ན། ཁོ་བོས་ལོ་མང་རིང་དུས་བབ་དྲ་རྒྱའི་གསར་འགྱུར་ལ་བལྟས་པའི་ཉམས་མྱོང་ལ་གཞིགས་ན་གསར་འགོད་པ་མང་ཆེ་བའི་གསར་འགྱུར་འགོད་སྟངས་ནི་ཆགས་སྲེད་དང་འབྲེལ་བའི་རིགས་ཤུགས་ཆེན་པོ་སྤེལ་གྱིན་འདུག་པས་ཕལ་ཆེར་ཁོང་ཚོ་རྩ་ཤུགས་ཆེན་པོ་ཡོད་མཁན་རིགས་ཡིན་པ་གསལ་པོ་སྟོན་ཐུབ་ཀྱི་འདུག དུས་བབས་དྲ་ཚིགས་ཀློག་པ་པོ་མང་པོ་ཞིག་ལ་གསར་འགྱུར་འདི་ཡག་པོ་ཞིག་ཏུ་མཐོང་ངེས་རེད། གསར་འགོད་པས་རྒྱབ་ལྗོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་བཀོད་པ་ཞིག་རེད།

    Reply
  7. ཟུངས་ཁྲག says:
    ལོ་ 14 སྔོན།

    གསར་འགོད་པའི་ངལ་བ་འཛེམ་མེད་ཐོག་གསར་འགྱུར་སྤེལ་བ་ལ་དྲ་གྲོགས་ལ་ཤས་ནས་སྐྱོན་བརྗོད་བྱེད་ཀྱིན་པ་བློ་ཕམ་གྱི་རང་བཞིན་རེད།བོད་ཀྱི་དུས་བབ་ནི་བོད་མི་མང་གི་རེད་མ་གཏོགས་དགོན་པ་ག་གེ་མོའི་ཞིག་གི་དུས་བབ་མིན་པའི་ཕྱིར་རོ

    Reply
  8. ཤེས་རབ། says:
    ལོ་ 14 སྔོན།

    གསར་འགོད་པ་བན་ཏེ་སྐྱབས་ཟེར་བ་འདི་ངོ་ཤེས་ཀྱི་མེད། འོན་ཀྱང་ཨ་རིག་འགྱུར་མེད་ཀྱིས་ལབ་པ་ལྟར་བྱས་ན་ཁོ་རང་གིས་ཁོ་གསར་འགྱུར་རིག་པར་ཆེད་ལས་འཐོན་པ་ཡིན་ཟེར་ནས་གྲོག་གྲོག་མཐོ་བོ་ཡོད་པ་རེད་ཟེར། སྐད་ཆ་དེ་གོ་བའི་རྗེས་ལ་ངས་ཁོ་རང་གི་གསར་འགྱུར་དག་ལ་ལྟ་བསྡད་ཡིན། དབྱིན་ཇིའི་ནང་གི་གསར་འགྱུར་མང་པོ་ཞིག་སྤེལ་ཡོང་གི་འདུག འོན་རྒྱལ་སྤྱིའི་སྐབས་ཐོག་གི་གསར་འགྱུར་ཆེ་བ་རིགས་མཐོང་གི་མེད་པ་ཡིན་ན་གང་ཤེས། ང་རང་ལ་མཚོན་ན་རྒྱལ་སྤྱི་ཐོག་གི་གསར་འགྱུར་གལ་ཆེན་རིགས་ལ་སྒུག་སྡོད་མཁན་ཞིག་ཡིན། འོན་ཀྱང་དུས་ཐོག་ལ་རེ་བ་དག་དག་བསྐོང་ཐུབ་མ་སོང་། གསར་འགྱུར་ཐབ་ཆག་ཀུན་སྤྱོད་མེད་པ་དེ་འདྲ་སྤེལ་ཡོང་གི་འདུག འདི་འདྲ་བྱས་ན་གསར་འགྱུར་ཆེད་སྦྱོང་བའི་ནང་རྒྱུས་བསྟན་ཡོང་གི་འདུག

    Reply
  9. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    མི་མང་པོ་ཞིག་གིས་གསར་འགྱུར་འདི་འདྲ་དུབ་བབ་ཏུ་བཀོད་ན་མི་ལེསག་ཚུལ་དང་། རྩོམ་སྒྲིག་པས་འགན་མ་བླངས་ཚུལ་བཤད་པ་ནི་རྒྱུ་མཚན་མེད་པས་རྙོག་བཤད་ཁོ་ན་རེད། དུས་བབ་གསར་ཁང་འདི་དགོན་པ་ག་གེ་མོ་ཞིག་གིས་གཉེར་བའི་གསར་ཁང་ཞིག་ཡིན་ན་དེ་ལྟར་སྐྱོན་བརྗོད་བྱས་ཆོག་མོད། རང་དབང་གི་གསར་ཁང་ཞིག་ལ་ཀློག་པ་པོས་ཚོད་འཛིན་བྱས་ན་ཐལ་དྲགས་པ་རེད། གསར་འགྱུར་དང་གསར་འགོད་པར་ས་མཚམས་མེད་པ་ཤེས་པར་གྱིས་ཤིག འོན་ཀྱང་། ལུང་རིགས་ནག་ལྡང་སོང་བ་ནས་བཟུང་། དུས་བབ་ཚང་ཡིག་ནོར་གྱི་མཛོད་ཁང་ཞིག་ཏུ་གྱུར་བ་ནི་ང་ལ་མཚོན་ན་ཆེས་བཟོད་ཐབས་བྲལ་བའི་སྐྱོ་གདུང་དེ་ཡིན་ལ། གསར་འགོད་པ་སྐོར་ཞིག་གིས་ལ་མཐོང་རྒྱ་ཆུང་ཞིང་འབྲི་རྩལ་ཞན་པ་སོགས་ལ་བཀུར་འོས་པའི་རྩོམ་སྒྲིག་པས་དོ་སྣང་མང་ཙམ་གནང་རོགས་ཞུ་རྒྱུ་ཡིན། འདི་ནི་སྐྱོན་བརྗོད་བྱས་པ་གཏན་ནས་མིན་པར་གཞེན་སྐུལ་ཙམ་ཡིན།

    Reply
  10. ཀརྨ་དགེ་ལེགས། says:
    ལོ་ 14 སྔོན།

    ཅིག་ཤེས་ཀྱི་ཡོད་མདོག་མདོག་མ་བྱེད་རོགས། BBC. CNN , nytimes འདི་དག་གི་བརྒྱུད་ལམ་ཁག་ནས་མཐོང་ཚུལ་ཁོང་ཅག་གི་གསར་འགྱུར་ཡིན་པའི་ངེས་པ་གཏན་ནས་ཡོད་པ་མ་རེད། འདི་ཤེས་དགོས་པ་རེད། གསར་ཁང་དེ་དག་ལ་གསར་འགྱུར་གྱི་ཚན་ཁག་རིགས་གསུམ་རེ་ཡོད་པ་རེད། དང་པོ་དེ་གསར་ཁང་རང་གི་ཁྲིམས་མཐུན་གསར་འགྱུར་རེད། འདི་ནས་ཁྲིམས་མཐུན་ཟེར་བ་དེ་གསར་ཁང་རང་གི་སྒྲིག་ཁོངས་སུ་ཡོད་པའི་གསར་འགྱུར་རེད། གཉིས་པ་སྤྱི་འབྲེལ་གསར་འགྱུར་རེད། དེ་དག་གསར་འགྱུར་ཡིན་པ་གང་ཞིག་ལ་གསར་ཁང་གཞན་གྱི་སྒྲིག་ཁོངས་གསར་འགྱུར་རེད། གསུམ་པ་དེ་དམངས་སྤྱོད་གནས་ཚུལ་རེད། འདི་དག་ལ་བརྒྱུད་ལམ་དེ་རང་གིས་ནས་འགན་སྲུང་ཡོད་པ་མ་རེད་ལ། གསར་འགྱུར་Newsཟེར་བའི་ཚིག་འདི་ཡང་གསར་ཁང་རང་ངོས་ནས་སྤྱོད་ཡོད་ཡོད་པ་མ་རེད། བོད་སྐད་ལ་སྒྱུར་ན་ཕལ་ཆེར་( གནས་ཚུལ ) ཟེར་གི་ཡོད་བསམ་སོང་། མ་མཐར་ཡང་གསར་འགོད་པ་ཞིག་ཡིན་ན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་དབྱེ་བ་འདི་དག་ཤཻས་དགོས་པ་རེད།

    Reply
  11. ཁ་བའི་རྡུལ་བརྩེགས། says:
    ལོ་ 14 སྔོན།

    ཉིན་གཅིག་གསར་འགྱུར་འདྲ་ཞིག་སླེབས་སྲིད། རྡ་སྟོད་ཁྱི་མོ་ཞིག་ལ་རྡ་སྨད་ཁྱི་ཕོ་ཞིག་གིས་བཙན་གཡེམས་བྱས་ནས་མངལ་འཁོར་འདུག གསར་འགོད་པ། བདྣེ་སྐྱབས། ཧཧཧཧ
    གསར་འགོད་པ་ལགས། མི་རིགས་ལ་སྨན་པའི་གནས་ཚུལ་བཀོད་རོགས།

    Reply
  12. བནྟེ་སྐྱབས། says:
    ལོ་ 14 སྔོན།

    གསར་འགོད་པའི་ངོས་ནས་ཀློག་པ་པོ་དག་གི་ཚོར་སྣང་ལ་གུས་བརྩི་ཡོད། ཀློག་པ་པོ་སོ་སོའི་མཐོང་ཐོས་གོ་རྟོགས་ཀྱི་ཁྱབ་ཚད་མི་འདྲ་བ་དང་། སྤྱི་ཚོགས་དང་ཁོེ་ཡུག་གི་རྒྱབ་ལྗོངས་མ་འདྲ་བ་སོགས་དང་བསྟུན་པའི་བསམ་ཚུལ་དང་གོ་བ་ལེན་སྟངས་མ་འདྲ་བ་ཡོད་སྲིད་པས། སྐྱོན་བརྗོད་དང་བསམ་ཚུལ་གང་ཡིན་ཡང་མཐོང་ཆེན་བྱེད་རྒྱུ་ཡིན།
    འོན་ཀྱང་། གསར་འགྱུར་འདི་ BBC དང་ Daily Mail དེ་བཞིན་ Times of India སོགས་གསར་ལམ་ཆེ་ཁག་ཕལ་ཆེ་པར་ཐོན་ཡོད་པས་དེ་དག་ལ་གཟིགས་པར་ཞུ།

    Reply
  13. བསྟན་འཛིན་ཉི་མ། says:
    ལོ་ 14 སྔོན།

    གསར་འགྱུར་འདི་འདྲ་འབྲི་བ་གསར་འགོད་པའི་སྐྱོན་ཆ་དང་གོ་རྟོགས་མེད་པ་ཡིན་པའི་མ་ཚད། རྩོམ་སྒྲིག་པར་ཡང་འགན་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། གསར་འགྱུར་གྱི་ནང་དོན་དང་ཚིག་བེད་སྤྱོད་གཏོང་སྟངས་བཟང་སྤྱོད་རྩ་ནས་མེད་པ་མ་ཟད། ཁ་བྱང་ཡང་བཙོག་པ་ཞེ་དྲག་རེད། དུས་ཚོད་དང་མི་སྣ་སོགས་གསལ་བོ་མེད་སྟབས། མ་གཞི་ནས་གསར་འགྱུར་གྱི་ཆ་རྐྱེན་ཚང་གི་མི་འདུག

    Reply
  14. རྩེ། ཆུ་མིག says:
    ལོ་ 14 སྔོན།

    བོད་མི་རིགས་ནི་སྔོན་མ་ནས་ཆགས་སྲེད་ཀྱི་རིགས་ནམ་ཡང་ངོ་ཚའི་རང་བཞིན་ཞིག་དུ་ངོས་འཛིན་གྱིན་ཡོད་པ་ལགས་ན། འདི་ལྟ་བུ་བོད་ཀྱི་དུས་བབ་དྲ་རྒྱའི་ནང་བཀོད་པ་འོས་ཤིང་འཚམས་པ་ཞིག་ཏུ་མཐོང་མ་སོང་ལ། གསར་འགྱུར་ཡིན་པ་ཙམ་ལས་དགོས་པ་དེ་ཙམ་མི་འདུག

    Reply
  15. རྩེ། ཆུ་མིག says:
    ལོ་ 14 སྔོན།

    སྤྱིར་ཆགས་སྲེད་ནི་ལྷན་སྐྱེས་ཞིག་ཡིན་པས་སློབ་སྦྱོང་སྤྲོད་ག་ལ་དགོས། དཔེར་ན། འབུ་གྲོག་མ་ཡན་ཆད་ལ་མངོན་གསལ་གྱིས་མཐོང་རྒྱུ་ཡོད་པ་ནང་བཞིན་རེད།

    Reply
  16. གྲགས་པ་དར་རྒྱས། says:
    ལོ་ 14 སྔོན།

    མི་ཚང་མས་ཀློག་སྤྲོ་བོ་འདྲ་ཞིག་ཡིན་ཡང་དྲ་ཚིགས་ཚད་ལྡན་ཞིག་གི་སྟེང་ལ་འདི་ངོ་མ་ཡག་པོ་མི་འདུག གསར་འགོད་པས་གསར་འགྱུར་འཚོལ་སྟངས་ལ་ཅུང་གོ་ནོར་ཐེབས་ཀྱི་ཡོད་པ་འདྲ། གནས་ཚུལ་འདི་རིགས་བརྒྱུད་ལམ་ཁག་ཏུ་ཁྱབ་རྒྱ་ཆེན་པོ་རེད་དེ། དངོས་གནས་བྱས་ན་བརྒྱུད་ལམ་དེ་རིགས་ཚད་གཞི་གང་ཡང་མེད་པའི་སྤྱི་སྤྱོད་དམ། དམངས་སྤྱོད་བརྒྱུད་ལམ་ཁག་རེད། བོད་ཀྱི་དུས་བབ་ལ་མཚོན་ན་འཛམ་གླིང་གི་སྲིད་དོན་ལ་ཁ་ཕྱོགས་དགོས་པ་རེད་བསམ་གྱི་འདུག

    Reply
  17. ཀརྨ་དགེ་ལེགས། says:
    ལོ་ 14 སྔོན།

    གསར་འགོད་པ་བནྟེ་སྐྱབས་ཀྱི་ལག་ཏུ་གསར་འགྱུར་ཚ་བོ་རེག་འདུག་ཡཱ། ཚད་ཐིག་ངེས་ཅན་སྟེང་ཡོད་པའི་བོད་ཀྱི་དུས་བབ་འདི་སྦག་བཙོག་མ་བཟོ་རོགས། སྐུ་མཁྱེན། BBC / CNN / སོགས་དང་། nytimes/ Times of India སོགས་ལ་གཟིགས་ཏེ་མིག་དཔེ་ཡར་ལྟ་གནང་རོགས་ལོ།
    སྤྱིར་འདི་རིགས་ཀྱི་གནས་ཚུལ་གསར་འགྱུར་འདྲ་མ་རེད། སྔོན་མ་ནས་དབྱིན་ཇི་དང་ཪ་ཤི་ཡའི་སློབ་གྲྭ་ཁག་གི་སློབ་དེབ་ནང་ཡོད་པ་རེད་ལ། ནའེ་ཌར་ལན་ཌི་སློབ་ཕྲུག་ཕོ་མོ་སུ་ཞིག་ཡིན་རུང་ལོ་ 24 སྟེང་ནས་ཟླ་བ་ 8 རིང་དམིགས་བསལ་ཟབ་སྦྱོང་དང་ཆེད་སྦྱོང་སོགས་སྤྲོད་ཀྱི་ཡོད་ལ། གལ་སྲིད་ན་གཞོན་ལོ་ཉེར་བཞིའི་ལྷག་ཅན་ཞིག་ལ་ལག་འཁྱེར་དེ་མེད་ཚེ་འཚར་ལོངས་ཆ་ཚང་མེད་པར་རྩི་བཞིན་ཡོད་ལ། འཕྲོད་བསྟེན་ཡང་བདེ་ཐང་མེད་པའི་ཉེས་པ་ཡོད།
    གསར་འགྱུར་ཟེར་བ་དེ་ལ་ངོས་འཛིན་གསལ་བོ་ཞིག་རྙེད་ཐུབ་ཀྱི་མེད་པ་འདྲ། དེང་སྐབས་རྒྱལ་སྤྱིའི་རྒྱུད་ལམ་ཁག་ཏུ་ཚ་ཚ་འུར་འུར་བྱེད་བཞིན་པ་མང་དག་ཅིག་གྲགས་མེད་འགུལ་མེད་དུ་བཞག་སྟེ། སོ་སོའི་མཚར་སྣང་གི་རྗེས་སུ་རྒྱུག་ནས་གསར་འགྱུར་འབྲི་བཞིན་འདུག ལྷག་པར་དུ་གོང་གི་གསར་འགྱུར་ནང་ཚིག་བེད་སྤྱོད་གཏོང་སྟངས་ཀྱི་ཐད་ནས་ཀྱང་གསར་འགོད་ཀུན་སྤྱོད་རིག་པའི་ཕྱོགས་ནས་འགན་འཁྲི་མེད་པ་དང་ཡང་ན་གཞུང་ལུགས་ལ་རྒྱུས་མངའ་མེད་པའི་མངོན་རྟགས་གསལ་བོར་བསྟན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese