མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་སྐུ་པར་བརྒྱ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨོ་སི་ཊི་རི་ཡའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག ཨོ་སོ་ཏྲི་རི་ཡའི་རྒྱལ་ས་ཝིན་(Wien)ནང་གི་(mideaspace)ཞེས་པའི་ཚོགས་ཁང་དུ། ཟླ་འདིའི་ཕྱི་ཚེས་ ༢ ནས་ ༡༡ ཉིན་བར་༸གོང་ས་མཆོག་གི་སྐུ་པར་བརྒྱ་ཐམ་པ་འགྲེམས་སྟོན་དབུ་འབྱེད་གནང་ཡོད་འདུག

སྐུ་པར་འགྲེམས་སྟོན་མཛད་སྒོ་དབུ་འབྱེད་ཀྱི་སྐུ་མགྲོིན་གཙོ་བོར། ཨོ་སོ་ཏྲི་རི་ཡའི་གྲོས་ཚོགས་ཀྱི་མི་སྣ་(Dr. wolfgang zing)མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག སུད་སི་སྐུ་ཚབ་དོན་གཅོད་ཚེ་གཏན་ཆོས་སྐྱབས་ལགས། ཡོ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་བཅས་ཆེད་ཕེབས་གནང་ཡོད་འདུག

ཐེངས་འདིར་འགྲེམས་སྟོན་གནང་བའི་སྐུ་པར་རྣམས་ནི་༧གོང་ས་མཆོག་སྐུ་ན་ཆུང་དུས་དང་། ཆོས་ཕྱོགས་ཀྱི་མཛད་མཆར། དེ་མིན་རྒྱལ་སྤྱིའི་ནང་མཐོ་རིམ་དཔོན་རིགས་ཁག་ལ་མཇལ་འཕྲད་བཅས་རིམ་པ་གསུམ་དུ་དབྱེ་ཡོད། དམིགས་ཡུལ་ནི་༸གོང་ས་མཆོག་ལ་ནོར་ཝེའི་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༢༢ འཁོར་བའི་དུས་སྟོན་སྲུང་བརྩི་དང་སྐབས་བསྟུན་ནས། རང་ཅག་རྣམས་ཀྱིས་བཀའ་དྲིན་རྗེས་དྲན་དང་། ཨི་སོ་ཏྲི་ཡ་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་མི་དམངས་ཚོར་༸གོང་ས་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་ངོ་སྤྲོད། བོད་དོན་དྲིལ་བསྒྲགས་བཅས་ཀྱི་ཆེད་དུ་ཡིན་འདུག

ཚེས་ ༢ ཀྱི་ཞོགས་པའི་ཆུ་ཚོད་ ༡༡ ཐོག་ས་གནས་ཚོགས་ཁང་ནང་གསར་འགོད་གསལ་བསྒྲགས་བསྐྱངས་རྗེས། བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་དང་། སྤྱི་འཐུས་ཚོགས་གཙོ་མཆོག་དང་སྐུ་ཚབ་དོན་གཅོད། ཡུ་རོབ་སྤྱི་འཐུས་མཆོག་མཉམ་བཞུགས་གནང་སྟེ། བོད་རིགས་མཐུན་ཚོགས་ཀྱི་ད་ལྟ་དང་འབྱུང་འགྱུར་གྱི་ལས་དོན་སྒྲུབ་ཕྱོགས་དང་། ཚོགས་པའི་ངོ་བོ་སྲ་བརྟན་ཆེད་བཀའ་སློབ་ལམ་སྟོན་དང་གོ་བསྡུར་གནང་ཡོད། ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་རང་རིགས་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ལྷན་འཛོམས་སར། སྣང་གསལ་མར་མེ་ཞལ་འབྱེད་དང་སྦྲགས། སྐུ་པར་འགྲེམས་སྟོན་གྱི་མཛད་སྒོ་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།

 

ཕྱི་ཚེས་ ༣ གྱི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག ས་གནས་བོད་རིགས་ཚོར་དམིགས་བསལ་བཀའ་སློབ་ལམ་སྟོན་སྐབས། སྤྱི་འཐུས་ཚོགས་གཙོ་མཆོག་གིས། ཉེ་བའི་ཟླ་ཤས་གོང་བོད་མིའི་སྒྲིག་འཛུགས་ནང་༸གོང་ས་མཆོག་གིས་ལོ་རྒྱུས་རང་བཞིན་གྱིས། དམིགས་བསལ་སྒྱུར་བཅོས་ཇི་ལྟར་གནང་ཡོད་མེད་དང་། རྒྱལ་སྤྱི་དང་ད་ལྟའི་བོད་ནང་གི་གནས་སྟངས་སོགས་བཀའ་སློབ་ཞིབ་རྒྱས་གནང་། ཡོ་རོབ་སྤྱི་འཐུས་མཆོག་གིས་བོད་རིགས་མཐུན་ཚོགས་དང་། དེ་མིན་མི་དམངས་ཀྱི་དཀའ་སྡུག་ཇི་ལྟར་སེལ་དགོས་མིན་སོགས་ལ་བཀའ་སློབ་བསྩལ། སྐུ་ཚབ་དོན་གཅོད་མཆོག་གིས་རྒྱལ་གཅེས་དཔྱ་དངུལ་དང་འབྲེལ་བ་སོགས་ཀྱི་སྐོར་བཀའ་སློབ་ཕེབས། ཐེངས་འདིར་ས་གནས་མི་དམངས་ཚོས་དོ་སྣང་ཤུགས་ཆེན་གནང་མུས་དང་ས་གནས་ཀྱི་གཟུགས་མཐོང་བརྙན་འཕྲིན་ནང་དུ་ཡང་གསལ་སྟོན་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. ཐོས་པ་དགའ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། རྗེས་སུ་ཡི་རིང་ཡོད། བྱ་བ་འདིའི་རིག་ནི་ང་ཚོའི་བྱེད་འོས་པ་དང་སྒྲུབ་འོས་པ་ཞིག་རེད། ཐུགས་རྗེ་ཆེ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སྒེར་བདག་མེད་པའི་བླ་མ་ཡིས། ཅི་གནང་བོད་ཀྱི་ཁེ་ཕན་ཡིན། དེ་བས་ཁྱེད་ལ་གང་ཕན་ཡང། བོད་ཀྱི་ཁེ་ཕན་ཅི་ལ་མིན།

    ངན་པ་གཅིག་གིས་མར་འདྲེན་དང། བཟང་བོ་གཅིག་གིས་ཡར་འདྲེན་གྱི། སྤྱི་སྒེར་འབྲེལ་བ་མི་མཐོང་བ། དེ་དག་མིག་ནི་དོན་གྱིས་ལོང།

    Reply
  3. མི་ཆུང་། says:
    ལོ་ 15 སྔོན།

    ཨ་ལ་ལ། ཆུ་མགོ་བསྐམས་ན་ཆུ་གཞུག་ཆད་འགྲོ་བའི་གཏན་ཚིགས་མི་ཤེས་པའི་མི་འདྲ་ད་དུང་ཡང་ཡོད་པ་འདྲ། དེ་ནི་མཆན་འབྲི་བ་འགྱུར་མེད་བསྟན་འཛིན་ལྟ་བུ་རེད།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ལས་དོན་འདི་ཚོ་བོད་མི་རིགས་ལ་ཕན་པའི་ལས་དོན་ཞིག་གང་མ་རེད་་་་་་་འོན་ཀྱང་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལ་ཏན་ཏན་ཁེ་ཕན་ཡོད་རེད་་་་་གནས་ཚུལ་འདི་འདྲ་མང་པོ་ཡོད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཉི་མ་ཐུན་མོང་ཉི་མ་སྟེ། བླ་མ་ཀུན་གྱི་བླ་ཡིན།
    ནོར་བུ་ཀུན་གྱི་ནོར་བུ་སྟེ། ནོར་ཉམས་ཆོད་པའི་བཀྲ་ཤིས་ཤོག

    Reply
  6. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ནོར་བུའི་ནོར་ཉམས་ཆོད་ན་འདི་འདྲ་ཡིན་པས། བདག་གཞན་ཀུན་གྱིས་ནོར་བུའི་ནོར་ཉམས་ཆོད་ཅིང་ལོག་རྟོགས་ཀྱི་སྣང་བ་འགག་པའི་སྨོན་ལམ་འདེབས།

    Reply
  7. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ཁྱེད་ཉིད་ཡོད་པས་བོད་པའི་སྣང་བརྙན་ཡོད་ལ། །
    ཁྱེད་ཉིད་མེད་ན་བོད་པའི་སྲོག་དབུགས་ཆད་འགྲོ། །
    ཁྱེད་ཉིད་ད་བཟོད་བོད་ཀྱི་ཡོད་ཚད་ཡིན་པས། །
    ཁྱེད་ཀྱི་མཛད་འཕྲིན་ཉི་ཟླའི་སྣང་བ་སྤྲོ་རོགས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese