མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་སྐད་ཡིག་སྣ་མང་གི་འཛིན་གྲྭ་སྐོར་ཞིག་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སའི་རི་གྲོང་ཆུང་ཆུང་འདིར་ཁེ་མེད་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཆེ་འབྲིང་ཆུང་གསུམ་དྲུག་ལྷག་གིས་དབྱིན་སྐད་གཙོ་བོར་གྱུར་པའི་སྐད་ཡིག་འཛིན་གྲྭ་སྣ་མང་ཞིག་གཉེར་བཞིན་ཡོད་པའི་ཁྲོད་བོད་ཡིག་འཛིན་ཡོད་ས་གཅིག་ལས་མེད་པ་དེ་ལའང་། བོད་ཡིག་སྦྱོང་དུ་ཡོང་མཁན་མི་འདུག་ཟེར།  

ངྷ་རམ་ས་ལ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྟེན་གཞི་གཙོ་བོ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཕར་འགྲོ་ཚུར་འོང་གི་ས་གནས་འཁྲུག་ཤོས་ཤིག་ཡིན་པའི་ཁར། རྒྱལ་སྤྱིའི་མི་རིགས་འདྲ་མིན་འཛོམས་སའི་ལྟེ་གནས་ཤིག་ཀྱང་ཆགས་ཡོད་སྟབས། མི་སུ་ཞིག་ངྷ་སའི་རི་གྲོང་ཆུང་ཆུང་འདི་བརྒྱུད་སྐབས། ཕ་ཡུལ་གྱི་དྲོད་ཁོལ་ཡལ་མེད་པའི་ཆོལ་གསུམ་ས་ཁུལ་གང་ས་ནས་ཕེབས་པའི་བོད་མི་གསར་དུ་འབྱོར་མཁན་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་པའི་ཆ་ལུགས་འདྲ་མིན་ཅན་གྱི་ཕྱི་སྡོད་བོད་མི། དེ་བཞིན་སྐད་རིགས་མི་འདྲ་བ་དང་སྐྲ་དང་ཤ་མདོག་སོགས་ཆ་ལུགས་སྣ་ཚོགས་ཅན་གྱི་ཕྱི་གླིང་པ་བཅས་མཐོང་རྒྱུ་ཡོད་ལ། ཕྱི་གླིང་པ་ཚོས་མཚམས་རེར་ངྷ་སའི་རི་གྲོང་འདི་ལ་རྒྱལ་སྤྱིའི་གྲོང་སྡེ་(Global Villege) ཞེས་ཀྱང་འབོད། ཁོར་ཡུག་འདི་འདྲའི་འོག་བོད་མི་རྒན་གཞོན་དང་ཕོ་མོ། གྲྭ་བཙུན་དབྱེར་མེད་ཐོག་ཕྱིའི་སྐད་ཡིག་ལ་དབྱིངས་ཞུགས་ཏེ་སྔ་དགོང་ཕྱི་གསུམ་དུས་ཚོད་ཡོད་ཚད་ནང་ཕྱིའི་སྐད་ཡིག་སྦྱོང་རྒྱུར་བྲེལ་བཞིན་ཡོད་པ་རེད།

 

ད་ལྟ་ངྷ་སའི་རི་གྲོང་ཆུང་ཆུང་འདིར་སྒེར་དང་ཚོགས་སྡེ། སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་སོགས་མང་པོ་ཞིག་གིས་སྐད་ཡིག་འཛིན་གྲྭ་གཉེར་བཞིན་པ་དང་། དེ་དག་ནང་གི་ཁྱབ་ཆེ་ཤོས་ཤིག་ནི་ལྷ་སྤྱི་ཚོགས་ཞབས་ཞུ་ཤེས་ཡོན་ལྟེ་གནས་ཁང་ཡིན་ཞིང་། ཚོགས་པ་འདི་ནི་ ༡༩༩༧ ལོར་གསར་དུ་བཙུགས་པ་ནས་ད་སྔ་སྤྱི་ཚོགས་ཞབས་ཞུའི་ལས་དོན་གང་མང་ཞིག་བསྒྲུབས་དང་སྒྲུབ་མུས་ཡིན་པའི་ནང་གི་སྐད་ཡིག་འཛིན་གྲྭའི་ལས་དོན་འདི་གལ་ཆེ་ཤོས་སུ་བཟུང་ཡོད་པ་རེད། ཚོགས་པ་འདིས་གཉེར་བཞིན་པའི་སྐད་ཡིག་འཛིན་གྲྭའི་ནང་དབྱིན་ཡིག་དང་ཧྥ་རན་སིའི་སྐད་ཡིག རྒྱ་ཡིག སི་པན་སྐད་ཡིག འཇར་མན་སྐད་ཡིག བོད་ཡིག་བཅས་ཡོད་ཅིང་། སྐད་ཡིག་དེ་དག་ལ་དམིགས་བསལ་ཁྲིད་གཞིའི་སློབ་དེབ་གཏན་འཁེལ་མེད་ཀྱང་། སློབ་ཚན་སོ་སོའི་ནང་སློབ་གཉེར་པའི་ཤེས་ཚད་གཞིར་བཟུང་ཐོག་འཛིན་གྲྭ་མཐོ་འབྲིང་རྨང་གསུམ་དུ་དབྱེ་སྟེ་ཉིན་ལྟར་འཛིན་གྲྭ་ཁག་ ༡༧ ཙམ་ལ་སློབ་ཁྲིད་བྱེད་བཞིན་འདུག

 

ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་ཀྱིས། “ སྔོན་མ་ཡིན་ན་ཉིན་ལྟར་སློབ་མ་ ༤༠༠ ནས་ ༥༠༠ བར་སློབ་ཞུགས་བྱེད་ཀྱི་ཡོད་ཀྱང་། ད་ལོ་ ༢༠༠ ནས་ ༣༠༠ བར་ལས་མི་འདུག དེ་ནི་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་པས་ཡིན་དང་། ཡང་ན་འདིར་ཡོད་རྣམས་ཕྱིའི་རྒྱལ་ཁབ་ནང་འགྲོ་མཁན་མང་དུ་ཕྱིན་པས་ཡིན་གསལ་པོ་ཤེས་མ་སོང་། བོད་ཡིག་འཛིན་གྲྭ་ལ་མཚོན་ན་དགུན་ཁའི་གུང་སེང་སྐབས་སློབ་གྲྭ་ཁག་ནས་ཡོང་པའི་སློབ་ཕྲུག་གང་འཚམ་རེ་བོད་ཡིག་སྦྱོང་དུ་ཡོང་པ་ལས། དུས་རྒྱུན་བོད་ཡིག་འཛིན་གྲྭར་ཡོང་མཁན་མི་འདུག” ཅེས་བརྗོད་སོང་ཡང་།  ཚོགས་པའི་ཐོ་གཞུང་དུ་གསལ་པ་ལྟར་ན་ ༢༠༠༣ ལོ་ནས་ད་ལོའི་བར་གློག་ཀླད་སོགས་ཚུད་པའི་སློབ་ཞུགས་པ་གྲངས་ ༩༠༠༠ ལྷག་ཙམ་བྱུང་ཡོད་འདུག གྲྭ་བསམ་འགྲུབ་ནི་ལྷའི་དབྱིན་ཡིག་འཛིན་གྲྭར་ཞུགས་ནས་ལོ་གཅིག་ལྷག་ཙམ་ཕྱིན་ཡོད་ཅིང་། ཁོང་གིས་ “སྤྱི་ཡོངས་ནས་ཧ་ཅང་ཡག་པོ་འདུག འོན་ཀྱང་། དགེ་རྒན་གཏན་འཇགས་མེད་པ་དེ་དཀའ་ངལ་ཆོས་ཤོས་ཤིག་རེད། ”ཅེས་དང་། ཡང་བསྟན་འཛིན་བསོད་ནམས་ལགས་ཀྱིས་ “ང་མོན་རྟ་དབང་ནས་ཡིན། ངྷ་སར་སློབ་སྦྱོང་གི་གོ་སྐབས་དང་བེད་སྤྱོད་བྱེད་ས་མང་པོ་ཡོད་པ་དང་། སློབ་ཡོན་ཀྱང་མི་དགོས་པས། ཆེད་དུ་ངྷ་སར་སློབ་སྦྱོང་བྱེད་དུ་ཡོང་པ་ཡིན། ངའི་དམིགས་ཡུལ་ལ་བོད་ཡིག་མང་ཙམ་སྦྱང་ཐུབ་ན་འདོད་ཡོད།  འོན་ཀྱང་། འདིར་བོད་ཡིག་འཛིན་གྲྭ་དམིགས་བསལ་མེད་སྟབས། སྒེར་པ་ཞིག་བོད་ཡིག་དགེ་རྒན་ལ་བསྟེན་དགོས་བསམ་བསྡད་ཡོད་”ཟེར་ལ། ཁོང་གིས་བརྗོད་པ་ལྟར་ན། མོན་རྟ་དབང་གི་བོད་མིའི་གནས་སྟངས་སྐྱོ་བོ་ཡིན་སྟབས། སློབ་སྦྱོང་བྱ་འདོད་ཡོད་ཀྱང་གོ་སྐབས་མ་རག་པར་ལྷག་ཡོད་མཁན་མང་པོ་ཡོད་འདུག

 

དེ་བཞིན། བོད་ཀྱི་བདེ་རྩ་ཚོགས་པ་(Tibet Charity) དང་རེ་བ་ཚོགས་པ། བོད་དོན་སླད་གོ་རྟོགས་དང་སློབ་སྦྱོང་ཚོགས་པ(LIT)། ཆུ་བཞི་སྒང་དྲུག་སོགས་མང་པོ་ཞིག་གིས་སྐད་ཡིག་འཛིན་གྲྭ་གཉེར་བཞིན་ཡོད་ཅིང་། འཛིན་གྲྭ་འདི་དག་ཕལ་ཆེ་བ་དབྱིན་ཡིག་དང་དབྱིན་སྐད་སྦྱོང་བརྡར་གྱི་འཛིན་གྲྭ་རྐྱང་ཡིན་པ་དང་། ཚོགས་པ་འདི་དག་གིས་གཉེར་བཞིན་པའི་འཛིན་གྲྭ་རེར་ཉིན་ལྟར་ཉུང་ཤོས་སློབ་ཞུགས་པ་ ༥༠ ནས་མང་ཤོས་ ༡༠༠ བར་ཡོང་གི་ཡོད་འདུག ངྷ་ས་ནི་གཙོ་བོ་བཙན་བྱོལ་བོད་མིའི་རྟེན་གཞི་ཞིག་དང་། ལྷག་པར་དུ་སྐད་ཡིག་འཛིན་གྲྭ་གཉེར་མཁན་བོད་པ་ཡིན་པ་དང་། སློབ་ཞུགས་པའི་བརྒྱ་ཆ་ ༩༠ བོད་རིགས་རྐྱང་ཡིན་ཡང་། ཕྱིའི་སྐད་ཡིག་ལས་བོད་སྐད་ཡིག་གི་འཛིན་གྲྭ་མེད་པ་དང་། ཡོད་ཀྱང་ཡོང་མཁན་མེད་པའི་ཐད། བོད་ཀྱི་བདེ་རྩ་ཚོགས་པའི་དབྱིན་དགེ་རིག་འཛིན་དབང་མོ་ལགས་ཀྱིས། “སྐད་ཡིག་འཛིན་གྲྭ་འདི་དག་གཉེར་པའི་དམིགས་ཡུལ་དངོས་ནི་གཞན་ཡུལ་གྱི་སྤྱི་ཚོགས་ནང་བོད་སྐད་ཡིག་མ་གཏོགས་མ་ཤེས་མཁན་ཚོའི་དཀའ་ངལ་སེལ་རྒྱུ་དེ་རེད། འདིར་སློབ་ཞུགས་བྱེད་མཁན་ཚོར་མཚོན་ན། དབྱིན་སྐད་ཐོག་གོ་བརྡ་འཕྲོད་ཐུབ་པ་དང་དབྱིན་ཡིག་འབྲི་ཀློག་ཤེས་རྒྱུ་ཙམ་ལས་སློབ་སྦྱོང་ཚད་ལྡན་ཞིག་བྱ་རྒྱུའི་འདུན་པ་ཡོད་མཁན་དཀོན་པོ་རེད། སློབ་ཞུགས་གསར་པ་སླེབས་སྐབས་ཀྱང་དབྱིན་སྐད་འཛིན་གྲྭ་ཡིན་པ་ཤེས་འཕྲལ་ལམ་སེང་ཐོ་འགོད་བྱེད་ཀྱི་འདུག ” ཅེས་བརྗོད་བྱུང་།

 

ཨ་རི་ནས་ཡིན་པ་སྐུ་ཞབས་རའེ་སི་(Rhys Lindmark) ལགས་ཀྱིས་ལྷ་དང་རེ་བ། བོད་དོན་སླད་གོ་རྟོགས་དང་སློབ་སྦྱོང་ཚོགས་པ། དགུ་བཅུ་གསུམ་སོགས་སུ་དང་བླངས་དགེ་རྒན་བྱེད་ཀྱི་ཡོད་ཅིང་། ཁོང་གིས་ངྷ་སའི་རི་གྲོང་གི་སྐད་ཡིག་འཛིན་གྲྭར་རྒྱུས་ལོན་བྱས་པའི་མྱོང་ཚོར་སྐོར་བརྗོད་དོན་ལྟར་ན། ཁོང་གིས་སྐད་ཡིག་འཛིན་གྲྭ་མང་ཆེ་བར་དབྱིན་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་འདུག་ལ། སློབ་ཞུགས་པ་ཚོ་ལོ་རྒན་པ་རྐྱང་ཡིན་ཡང་། སློབ་སྦྱོང་ལ་གཞན་དང་མ་འདྲ་བའི་ཧུར་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཚོགས་པ་དག་གིས་ཀྱང་སློབ་ཡོན་ལེན་གྱི་མེད་པའམ་ཡོད་ཀྱང་ཧ་ཅང་ཉུང་ཉུང་ཡིན་སྟབས། ཁོང་གིས་ཨ་རིའི་ངོ་ཤེས་ཚོར་ངྷ་སར་དབྱིན་ཡིག་སྦྱང་གི་ཡོང་ན་སློབ་སྦྱོང་བྱ་ས་མང་པོ་ཡོད་པ་མ་ཟད། སློབ་ཡོན་ཧ་ཅང་ཉུང་ཉུང་ཡིན་པར་བརྗོད་མྱོང་ཡོད་ཟེར། འོན་ཀྱང་། ཧང་སང་པ་ཞིག་ལ། སྐད་ཡིག་འཛིན་གྲྭ་གཉེར་བཞིན་པའི་སྡེ་ཚན་ཕན་ཚུན་པར་ཆིག་སྒྲིལ་དང་མཉམ་ལས་མེད་པར། སོ་སོ་སོ་སོའི་ཐད་ན་ལངས་ཕྱོགས་རེ་བཟུང་འདུག་ཟེར།

 

གོང་གི་སྐད་ཡིག་འཛིན་གྲྭ་དེ་དག་གི་དགེ་རྒན་ཕལ་ཆེ་བ་ཕྱི་རྒྱལ་དང་བླངས་པ་རྐྱང་ཡིན་ཞིང་། སློབ་ཞུགས་པ་དག་ལ་མཚོན་ན་ཡང་ལོ་ཚད་དང་ཕོ་མོའི་ས་མཚམས་མེད་པར་སྐྱ་སེར་ཕོ་མོ་རྒན་གཞོན་ཅི་རིགས་ཡོད་ཀྱང་། ཁོང་ཚོའི་ཁྲོད་དུ་ཟླ་གཅིག་གཉིས་རིང་སློབ་སྦྱོང་དུ་ཡོང་མཁན་དང་། ལོ་ཕྱེད། ལོ་ཧྲིལ་བོར་སློབ་སྦྱོང་བྱེད་མཁན་རིགས་སྣ་ཚོགས་ཡོད་འདུག་ལ། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་ལོ་རེར་སློབ་ཞུགས་པ་རེ་ནས་སློབ་ཡོན་དུ་ཧིན་སྒོར་ ༣༠༠ དང་། བོད་ཀྱི་བདེ་རྩ་ཚོགས་པས་ཟླ་རེར་ཧིན་སྒོར་ ༥༠། རེ་བ་ཚོགས་པས་ཟླ་རེར་ཧིན་སྒོར་ ༡༥༠ བཅས་ཡིན་ཞིང་། ཆུ་སྒང་དང་LIT སོགས་ལ་སློབ་ཡོན་མི་དགོས།  

 

ངྷ་སའི་སྐད་ཡིག་འཛིན་གྲྭར་འགྲོ་བཞིན་པའི་སློབ་ཞུགས་པ་དག་ལ་རྒྱུས་ལོན་བྱས་སྐབས། ཁོང་ཚོ་ཕལ་ཆེ་བ་ནི་ཡིག་རྨོངས་པ་དང་། ལས་མེད། བོད་ཡིག་རྐྱང་པ་ལས་མི་ཤེས་པའི་གྲྭ་བཙུན། སློབ་ཕྲུག ཕྱི་རྒྱལ་ལ་འགྲོ་འཆར་ཡོད་མཁན་བཅས་ཀྱི་རིགས་ཡིན་ཞིང་། དེ་དག་ཁྲོད་རེ་ཟུང་ཞིག་དུས་ཚོད་མ་འཁྱོལ་པར་ཡོང་མཁན་ཡང་འདུག ཁོང་ཚོ་འཛིན་གྲྭར་ཡོང་པའི་དགོས་པ་དམིགས་ཡུལ་ཀྱང་སྣ་ཚོགས་ཏེ། ཡིག་རྨོངས་པ་ཁག་ཅིག་འབྲི་ཀློག་ཤེས་ཆེད་དང་། རིགས་གཅིག་ཕྱི་རྒྱལ་ལ་འགྲོ་འཆར་ཐོག་ཕྱི་སྐད་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ། ཡང་རིགས་གཅིག་གིས་བོད་སྐད་ཡིག་ལས་མི་ཤེས་སྟབས་ཕྱིའི་སྐད་ཡིག་སྦྱང་འདོད་ཡོད་པ། དེ་བཞིན་མི་ཁག་ཅིག་གིས་གོ་སྐབས་བཟུང་སྟེ་སྦྱིན་བདག་དང་དགའ་རོགས་འཚོལ་ཐབས་སོགས་དམིགས་ཡུལ་སྣ་ཚོགས་ཤིག་གི་འོག་སྐད་ཡིག་འཛིན་གྲྭར་ཡོང་གི་ཡོད་འདུག

 

གསར་འགོད་པ། བནྡེ་སྐྱབས།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༦ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

མཆན། 5

  1. སྨྲ་བརྗོད་རང་དབང་། says:
    ལོ་ 14 སྔོན།

    སྐད་ཡིག་འཛིན་གྲྭ་དེ་ཡག་པོ་ཡོད་ས་རེད། གཞན་སྐད་དང་རང་སྐད་གང་ཞིག་སྦྱང་ན་ཡང་དམིགས་ཡུལ་ཡོད་པ་ཞིག་བྱས་ན་བཟང་གི་་་འཛིན་གྲྭ་ཉི་མ་མ་འཁྱོལ་ནས་ཡོང་མཁན་དང་དགའ་རོགས་འཚོལ་གི་ཡོང་མཁན་ཚོ་ཡང་ཁེ་སང་གཉིས་ལྡན་རེད།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    དང་བླངས་བའི་སྤྱི་ཚོགས་ཞབས་ཞུ་བ་ལ་བསྔགས་བརྗོད་ཞུ། ལྷག་དོན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སྤྱི་ཚོགས་ནང་ཕན་རླབས་ཆེན་ཐོག་བཞིན་འདུག་པ་མ་ཟད་རིས་མེད་ཐོག་ཕ་ཡུལ་ཁ་བྲལ་བའི་རེ་བ་རྒྱབ་ས་་མེད་པའི་གསར་འབྱོར་བ་དང་ཡང་ན་སློབ་གྲའི་གོ་སྐབས་མ་ཐོབ་པར་ཡིག་རྨོང་སེལ་བའི་གོ་སྐབས་སྤྲད་པ་དེ་ཆོས་ལྡན་གྱི་བྱ་བ་རེད་ལ་ཡ་རབ་ཀྱི་བྱ་བ་ཡིན་པ་སྨོས་ཅི་དགོས། ལྷ་ཚོགས་གཙོ་གསར་རྙིང་གཉིས་ཀྱིས་ལས་ཀ་ཧུར་ཐག་གནང་བར་རྗེས་སུ་ཡི་རང་ངོ་།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངྷ་སར་སྐད་ཡིག་སྣ་མང་གི་འཛིན་གྲྭ་སྐོར་ཞིག་འཚོགས་ཐུབ་པར་དགའ་སྤོབས་བྱུང་སོང་ལགས།

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ཧ་ཧ་ཧ་་་་་ སྐད་ཡིག་འཛིན་གྲྭ་སྐྱིད་པོ་ཟེར་ནོ་རེད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྤྱི་ཚོགས་ཞབས་ཞུ་ལེགས་ཤོས་རིགས་རེད། བསྔགས་བརྗོད་ཡོད། ལྷག་པར་དུ་ཡང་བོད་ནང་ལ་ཡིག་རྨོངས་སེལ་བའི་ལས་འགུལ་སྤེལ་རྒྱུར་གཞུང་དམངས་གཉིས་ནས་འབོད་སྐུལ་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese