མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་པའི་བོད་ཀྱི་གྲྭ་བཙུན་བཅུ་གཉིས་ལ་གདོང་གཏོད་པ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

འོད་ཟེར་གྱིས་བརྩམས། ནགས་ཤོད་སད་མིས་བསྒྱུར།

ཧྥ་རན་སིའི་གསར་འགོད་པ་ཞིག་གིས་འཇམ་པོའི་ངང་ང་ལ་བཤད་དོན།   ༼  བོད་མིས་རང་ལུས་མེར་བསྲེགས་པས་དོན་གོ་ཆོད་ཀྱི་མ་རེད།  ཁྱོད་ཀྱིས་འདི་དོན་ག་རེ་བསམ་གྱི་ཡོད། ༽  ཟེར་དུས།  ངའི་རུས་པའིགཏིང་ནས་ཟུག་བརྒྱབ་ནའང་།  ཨུ་ཚུགས་བརྒྱབ་ནས་མིག་ཆུ་བཀག་སྟེ།  ༼  ཕལ་ཆེར་དོན་གོ་མེད་པ་འདྲ།  རེད་དེ་མི་ལ་ལ་རྒྱ་དང་དམ་ཚིག་ཡོད་དུས།  རང་ལུས་མེར་བསྲེགས་པའི་བོད་མི་ཚོར་དགོས་པ་ནི་མི་རིགས་ཤིག་གི་ལ་རྒྱ་དང་དམ་ཚིག་རེད་ཅེས་བརྗོད། དང་ཐོག་སྨྱན་སྦྱོར་གསར་འགོད་པས་ང་ལ་སྐད་ཆ་འདྲི་སྐབས།  ངའི་རྣམ་འགྱུར་ལ་ཚོད་འཛིན་བྱ་མ་ཐུབ།  དེ་ཡང་ཡིན་འོས་ཏེ།  གསར་འགོད་པ་ཞིག་ཡིན་དུས་འདི་ལྟར་རྒྱུ་མ་ཕུ་འདེད་བྱ་སྲིད་དང་སྲིད།   ཡིན་ནའང་།  གསར་འགོད་པ་ཞིག་གིས་ཀྱང་ཕྱི་ལོ་  ༡༩༦༣  ལོར་ཝེ་ཐེ་ནམ་ལྷོ་ཕྱོགས་ཤིས་ཀུང་དུ་ནང་པའི་བླ་ཆེན་ཞིག་གིས་ནང་ཆོས་དང་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་སླད་རང་ལུས་མེར་བསྲེགས་པ་དང་།   དེའི་གཞུག་ནས་དགེ་འདུན་པ་མང་དག་ཅིག་གིས་ཀྱང་རང་ལུས་མེར་བསྲེགས་པའི་གནས་ཚུལ་ཡང་ཤེས་ཀྱི་མེད་དུས།  དེ་རིང་བོད་ཀྱི་གྲྭ་བཙུན་  ༡༢  ཙམ་གྱིས་རང་ལུས་མེར་བསྲེགས་པ་དེར་ཁྱོན་ཡོངས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་སམ་ཡང་ན།   མི་དམངས་ནས་འདི་དོན་རྟོགས་པར་ང་ཚོས་ཇི་ལྟར་བྱས་ནས་རེ་བ་རྒྱག་དགོས་སམ།   མ་ཟད།  འདི་ལྟ་བུའི་རྒྱ་ཁྱབ་ཀྱི་གོ་མེད་ཚོར་མེད་འདིས།  དངོས་གནས་མི་སེམས་བདེ་རུ་འབབ་ཐབས་བྲལ།

 

དོན་དངོས་ཐོག  འདས་ཟིན་པའི་ལོ་རྒྱུས་ནང་དུ།   ནང་པའམ་ཡང་ན་ཆོས་ལུགས་གཞན་པའི་རྗེས་འབྲང་པ་སུ་འདྲ་ཞིག་ཡིན་ཡང་རུང་སྟེ།    བྱུར་དང་ཆག་སྒོ་མགོར་ལྷུང་བ་དེའི་ཚེ།   ག་དུས་ཡིན་ནའང་མི་ལ་ལས་ཆོས་ལུགས་ཀྱི་སླད་དུ་རང་ཉིད་བློས་བཏང་སྟེ་འོང་།   ད་ལྟའི་རྒྱ་ནག་འདི་ཚང་ཡང་རྣམ་པ་དེ་ལས་མ་འདས་ཏེ།   དེ་སྔོན་ལྕགས་ཕག་གསར་བརྗེ་སྐབས་སུ་མན་ཇུའི་དམག་གིས་ཝུ་ཧན་ས་ཁུལ་ཀེ་ཡུང་དགོན་གཏོར་བར་བརྩམས་པ་ན།  དགོན་པ་འདིའི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་བྱས་པ་རེད།  ཡང་རིག་གནས་གསར་བརྗེའི་དུས་མགོའི་སྐབས་སུ།   ཤིས་ཨན་ཧྥ་མན་དགོན་པའི་དགེ་འདུན་པ་ཞིག་གིས་དམར་སྲུང་དམག་འགོག་རྒོལ་ཆེད་རང་ལུས་མེར་བསྲེགས་ཏེ་མཆོད་རྟེན་སྲུང་སྐྱོབ་བྱས་ཡོད།

གསར་འགོད་པས་ད་དུང་སྐད་ཆ་འདི་འདྲ་ཞིག་དྲིས་པ་སྟེ།  ཅིའི་ཕྱིར་རང་ལུས་མེར་བསྲེགས་མཁན་བོད་མི་ཚོ་འདི་འདྲའི་ལོ་ན་གཞོན་པ་རྐྱང་རྐྱང་རེད་ཟེར།  གསར་འགོད་པའི་དྲི་བ་འདི་ནི་མི་མང་པོ་ཞིག་གི་དོགས་འདྲི་ཡིན་པ་ངས་ཤེས་མོད།  ངས་ད་དུང་བཤད་འདོད་པ་ནི།  ག་རེ།  ལོ་ཆུང་ཡིན་ན་ཧོད་རྒྱུག་དང་ལོང་མཆོངས་ཡིན་པ་མཚོན་པ་རེད་དམ།  ད་དུང་བཤད་ན།  ཧྥ་རན་སིའི་ལོ་རྒྱུས་ཐོག་གི་ལྷ་མོ་ཀྲིང་ཏེ་ཡང་ཧ་ཅང་ལོ་ཆུང་ཞིག་མ་རེད་དམ།  ཞིང་པའི་གཞོན་ནུ་མ་དེས་ཧྥ་རན་སིའི་དམག་མི་ཁྲིད་དེ་དབྱིན་དམག་གི་བཙན་འཛུལ་ལ་འགོག་རྒོལ་བྱས་རྗེས།  མཐའ་མ་དབྱིན་དམག་གིས་ཀྲིང་ཏེ་མེ་ཁྲིམས་བཅད་ནས་བཀྲོངས་པ་རེད།   དུས་དེར་མོ་རང་དགུང་ལོ་ ༡༩  ལས་མེད་པ་རེད།  ཡིན་ནའང་ཀྲིང་ཏེ་ཧྥ་རན་སིའི་མི་རྣམས་ཀྱི་སེམས་པའི་དབུས་སུ་ཇི་སྲིད་བར་ནུབ་པ་མེད་པའི་ ༼  རང་དབང་ལྷ་མོ ༽  རུ་གྱུར་པ་རེད། 

མི་ཁ་ཤས་ཀྱིས་ཋེ་ཝུ་ཋེ་རུ་བཤད་དོན།  ཨེ་ཇེབ་ཀྱི་སྲིད་དབང་སྒེར་སྡེམ་པ་མན་པཱ་ལ་ཁི་སྲིད་སྟེགས་ནས་ལྷུང་སྐབས།   གསར་འགྱུར་མང་པོ་ཞིག་གི་ནང་ནས་ཆེས་སེམས་འགུལ་ཐེབས་ཤོས་ཞིག་ནི།  ལོ་ན་ལྔ་བཅུ་དྲུག་ཅུ་ཁ་སྐོར་ཡིན་པའི་པཱ་ལགས་ཞིག་གི་སྐད་ཆ་དེ་རེད།  ཁོས་གསུངས་དོན།  ངའི་མི་ཐོག་འདིས་དམངས་གཙོ་ཟེར་བ་བསམ་ཕོད་ཀྱི་མེད་ལ་དེའི་ཆེད་དུ་ཅི་ཡང་བྱ་ཕོད་ཀྱི་མེད་དུས།  ཚེ་འདིར་དམངས་གཙོ་ཟེར་བ་མཐོང་གི་མ་རེད་བསམས་ཡོད།  ཡིན་ནའང་།  ཕྲུ་གུ་ཚོས་འདི་ལྟར་དམངས་གཙོ་མདུན་དུ་བསུས་པ་རེད།  ཕྲུ་གུ་འདི་ཚོས་ང་ལ་རེ་བ་དང་ཕུགས་བསམ་སྦྱིན་འོང་དུས།   ང་ཡང་གཅིག་གསོན་ན་འདོད་བྱུང་ཟེར། 

རྒྱ་ནག་ཏུ་ད་དུང་ཡང་དམངས་གཙོ་མེད་པས།   བཙན་གནོན་ཕོག་པའི་བོད་མི་ཚོས་རབ་ཏུ་འབར་བའི་མེ་ལྕེའི་ཁྲོད་ནས  ༼  བོད་ལ་རང་དབང་དགོས ༽  ༼  རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་དགོས  ༽  ཟེར་བ་སོགས་འབོད་ཀྱིན་ཡོད།

 

མི་མི་ཉུང་བ་ཞིག་གིས་བོད་མིའི་རང་ལུས་མེར་བསྲེགས་འདི་རང་ཤི་བརྒྱབ་པར་ངོས་འཛིན་བཞིན་འདུག   འདི་ནི་རྦད་དེ་དམའ་འབེབས་ཀྱི་ལྟ་ཚུལ་ཞིག་རེད།  ཆོས་ཉམས་སུ་བླངས་ཤིང་འབྲས་རྟགས་ཐོན་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཀྱིས་ཁ་གསལ་གཏིང་གསལ་ངང་གསུངས་དོན།  བོད་མི་སྐྱ་སེར་ཚོས་རང་ལུས་མེར་བསྲེགས་པ་འདི་ནི།   ནང་པའི་སྲོག་གཅོད་ཀྱི་བསླབ་བྱ་དང་གཏན་ནས་འགལ་མེད་ལ།  ནང་ཆོས་ཀྱི་ལྟ་གྲུབ་ལ་ཡང་འགལ་མེད།  དམ་སྡོམ་ལ་དེ་བས་ཀྱང་འགལ་མེད།  གང་ཞེ་ན།  བོད་མི་སྐྱ་སེར་འདི་ཚོས་རང་ལུས་མེར་བསྲེགས་པའི་དམིགས་འདུན་ནི་ནང་ཆོས་སྲུང་སྐྱོབ་དང་།  བོད་མི་རིགས་ཀྱི་རང་དབང་དམངས་གཙོ།  ཁེ་དབང་སོགས་ཀྱི་ཆེད་དུ་ཡིན་དུས།  སྒེར་སོ་སོའི་ཁེ་ཕན་རེ་དམིགས་བཅས་ཀྱི་དྲི་མ་ཙམ་ཡང་མེད།  ཚད་ངེས་ཅན་གྱི་ཐོག་ནས་བཤད་ན། གཞན་དོན་དུ་རང་ཉིད་བློས་བཏང་བའི་རྒྱལ་སྲས་སྤྱོད་པ་རེད། 

ངས་ངེས་པར་དུ།  རེད།  ངེས་པར་དུ ༼  དྲུག་བཞིའི  ༽ སྐབས་སློབ་ཕྲུག་ཚོའི་དབུ་ཁྲིད་ཨུ་འར་ཁེ་ཤིས་ལུང་འདྲེན་བྱེད་འདོད།  བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་རང་ལུས་མེར་བསྲེགས་ཀྱི་བརྙན་པར་འཛམ་གླིང་མིག་མདུན་དུ་བསྟར་བའི་དགོང་མོ་དེར།  ངས་ཋེ་ཝུ་ཋེ་ནས་སྐད་ཆ་འདི་ཚོ་ལན་མང་བཤད་པ་སྟེ།

 

རང་ལུས་མེར་བསྲེགས་པའི་བོད་ཀྱི་གྲྭ་བཙུན་བཅུ་གཉིས་ལ་གདོང་གཏོད་པའི་སླད་དུ།  ཁྱེད་ཀྱི་ལག་ཟུང་ཐལ་མོ་སྦྱོར་རོགས།  བཀུར་སྟི་བྱ་རོགས།   རང་སྐྱོན་རང་བརྟག་བྱ་རོགས།  མི་ཆོས་ཀྱི་བསམ་བློ་ཡང་གཅིག་གསོས་ཤོག འདི་ནི་ང་ཚོས་གློག་ཀླད་འཆར་ངོས་མདུན་ནས་བྱེད་ཐུབ་པའི་རྣམ་འགྱུར་ཆུང་ཆུང་ཞིག་རེད།  འདི་ལྟར་བྱས་པས།  དཀའ་སྡུག་ངང་གཤེགས་སོང་བའི་རྣམ་ཤེས་འདི་ཚོར་གཏད་པའི་རྣམ་འགྱུར་བཟང་ཤོས་དེ་རེད།  

བོད་ཀྱི་གྲྭ་བཙུན་ཚོའི་རང་ལུས་མེར་བསྲེགས་དོན་རྐྱེན་འདིས།  མི་གང་མང་མང་ཞིག་ཧོན་འཐོར་དུ་བཅུག  དེ་དང་མཉམ་དུ་ཁོང་ཁྲོའང་ལངས་མོད།   ངས་འདི་ནས་ཚེ་སྲོག་ཤོར་ཟིན་པ་ཚོར་གུས་འདུད་དང་ཡིད་གདུང་གི་འབོད་པ་བྱེད་ཀྱིན་ཡོད།  འདི་ནི་མི་གཤིས་ཤིག་རེད།  འདི་ནི།  ང་ཚོས་གུང་ཁྲན་ཏང་གི་རྒྱ་ནག་ནས་ག་ལེར་ག་ལེར་འཆོར་གྱིན་པའི་སྤྱོད་བཟང་དེ་རེད།

 

རང་ལུས་མེར་བསྲེགས་པའི་བོད་ཀྱི་གྲྭ་བཙུན་བཅུ་གཉིས་ལ་གདོང་གཏོད་པའི་སླད་དུ།   ཡིད་གདུང་མེད་པ་དང་།  རང་སྐྱོན་རང་བརྟག་མེད་པ་མ་ཟད།  གུས་བཀུར་མེད་པ་སོགས་མཆིས་ན།   མི་རིགས་དེའི་མི་སྤྱོད་ལ་ཚབས་ཆེའི་མར་རྒུད་དང་གཏོར་བརླག་ཐེབས་པ་རེད།  

 

སྐུ་གཤེགས་པའི་གྲྭ་བཙུན་བཅུ་གཉིས་ལ་གདོང་གཏོད་སྐབས།  དངོས་བདེན་དང་།  ཞི་འཇམ།   ཤེས་ཡོན་སོགས་ནི་སྙིང་རྗེ་མེད་པ་ལྟར་སྣང་།  འོན་ཏེ་ཝུས་ཤིས་ཁེ་ཤིས་ཀྱི་དོགས་འདྲི་འདིས།   གོ་དོན་གཞན་ཞིག་གི་སྒང་ནས་བོད་མིའི་རང་ལུས་མེར་བསྲེགས་འདིས་ཕན་ཐོགས་ཡོད་པ་མ་རེད་ཅེས་ལན་བཏབ་པ་འདྲ།  གཞན་རྒྱ་གར་འདིས་སྟོབས་འབྱོར་ཆེ་བའི་དབྱིན་ཇི་བཙན་རྒྱལ་ལ་གདོང་གཏད་ནས་རང་བཙན་གྱི་ལས་འགུལ་ལ་རྒྱལ་ཁ་བླངས་པ་རེད། རྒྱུ་རྐྱེན་གཙོ་བོ་ཞིག་ནི་མ་ཧྭ་ཏཱ་མ་གྷན་ངྷིས་འཚེ་མེད་ཞི་བའི་སྣེ་ཁྲིད་པ་དང་།  རྒོལ་ལན་མེད་པའི་ལས་འགུལ་འདིས་དབྱིན་ཇི་བའི་སེམས་བསྒུལ་བ་དང་།  ཐ་ན།   དབྱིན་ཇི་བས་སྤྱོད་བཟང་དུ་རློམ་པའི་ང་རྒྱལ་ཁེངས་དྲེགས་དག་ཀྱང་གཏོར་བཅོམ་ལ་བཏང་བ་རེད།  མདོ་དོན་དུ།  བོད་ཀྱི་གྲྭ་བཙུན་བཅུ་གཉིས་ཀྱིས་རང་ལུས་མེར་བསྲེགས་པས།  རྒྱ་ནག་མི་དམངས་ཀྱི་བློ་སེམས་གཡོ་ཐུབ་བམ།  གནད་འདིར།  ང་དངོས་གནས་སྐད་ཆ་ཅི་ཡང་བཤད་རྒྱུ་མེད། 

 

༢༠༡༡  ༡༡  ༢༣  ལ།  

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 14

  1. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ལྟུང་བ་བྱུང་བ་སྟངས་དང་། སྡིག་པ་ཡོད་མེད་དང་ཆེ་ཆུང་གི་གནས་ལུགས་དེ་ཚོ་ང་ཚོས་གཞན་ཞིག་ནས་བགྲོ་གླེང་བྱས་ན་ཇི་འདྲ་འདུག འདི་ནས་འཚམ་པོ་དེ་ཙམ་མི་འདུག

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    བསམ་བློས་ཕྱུག་པའི་དོན་དམ་པའི་ཤེས་ཡོན་པ་ཞེས་པ་དེ་འདི་འདྲ་ཞིག་དགོས། བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་པའི་མིང་འཛིན་པའི་ཡ་མ་བརླ་དེ་ཚོ་ལ་བསམ་བློའི་རྒྱག་ཕྱེ་ཞིག་སྩལ་འདུག

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    ༼རང་ལུས་མེར་བསྲེགས་པའི་བོད་ཀྱི་གྲྭ་བཙུན་བཅུ་གཉིས་ལ་གདོང་གཏོད་པའི་སླད་དུ། ཡིད་གདུང་མེད་པ་དང་། རང་སྐྱོན་རང་བརྟག་མེད་པ་མ་ཟད། གུས་བཀུར་མེད་པ་སོགས་མཆིས་ན། མི་རིགས་དེའི་མི་སྤྱོད་ལ་ཚབས་ཆེའི་མར་རྒུད་དང་གཏོར་བརླག་ཐེབས་པ་རེད། ༽ཚིག་འདི་ནི་བསྟན་འཛིན་ཤེས་རབ་ཅེས་པའི་ཀླད་མེད་དེ་ལ་ཤིན་ཏུ་འཚམས།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ངའི་ཚོར་སྣང་ལ་ཁོང་ཚོ་ནི་མི་རིགས་དང་མིའི་རིགས་ཀྱི་ཕུལ་བྱུང་དཔའ་བོ་རེད་སྙམ། རྒྱུ་མཚན་ནི་ཁོང་ཚོའི་རེ་སྨོན་དེ་མི་རིགས་ཙམ་དུ་མ་ཟད་མིའི་རིགས་ཀྱི་ཁེ་ཕན་ཆགས་ཡོད་པས་སོ།
    དེ་བས་སྡིག་ལྟུང་ཡོད་ཀྱང་དགེ་བའི་སྟོབས་ནི་དེ་ལས་ཀྱང་ཆེས་ཆེ་བར་འདོད། འོན་ཀྱང་ནང་གི་འཇིག་རྟེན་དེ་དག་ང་ཚོས་དངོས་སུ་མི་མཐོང་ཕྱིར་ན་ཁ་ཚོན་སུས་ཀྱང་གཅོད་དཀའ་འོ།
    ཕྱོགས་གཞན་ཞིག་ནས་ཡིད་བཞིན་ནོར་བུས་གཙོས་སྐྱེས་ཆེན་དམ་པ་དང་དད་ལྡན་སྐྱེ་འགྲོ་མང་པོས་ཁོང་ཅག་ལ་གསོལ་བ་སྨོན་ལམ་འདེབས་པར་ཡང་བྱིན་རླབས་ཤིག་ཡོད་ངེས། གཅིག་བྱས་ན་གཤེགས་སྟངས་དེ་ནི་རང་གཞན་ཀུན་དགེའི་ལམ་ཞིག་ཀྱང་ཡིན་པ་རེད།

    Reply
  5. བརྩོན་རྒྱམ། says:
    ལོ་ 15 སྔོན།

    མི་རིགས་ལ་དུངས་ཞེན་ཡོད་མཁན་ཡི་ཤེས་བསྟན་འཛིན་ལགས་ཀྱིས་རྩོམ་བསྒྱུར་ཡག་པོ་ཞིག་གནང་འདུག་པས་ཡི་རང་ཡོད།   ད་དུང་གང་མང་བསྒྱུར་བས་རེ་བ་ཡོད།  བོད་མི་རིགས་ཀྱི་དཀའ་སྡུག་སྐོར་སེམས་གཏམ་ཞིག་བརྗོད་པ་ཡིན་དུས་ངོ་མ་སྐྱོ་གནང་དང་སེམས་ཚོར་གྱི་བཟི་སོང་།

    Reply
  6. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    སྲོག་གཅོད་ནི་སྲོག་གཅོད་རང་རེད། དེ་ལ་རང་སྲོག་དང་གཞན་སྲོག་གི་ཁྱད་པར་ཅང་ཡོད་ནི་མ་རེད། སྲོག་གཅོད་ཀྱི་ལས་ལ་སྡིག་པ་ཡོད་མེད་དང་ཆེ་ཆུང་གི་ཁྱད་པར་ཞིག་ཡོད་པ་མ་གཏོགས་ལྟུང་བ་འབྱུང་མིན་ལ་ཁྱད་པར་ཅང་ཡོད་པ་མ་རེད། ཉེས་པའི་ཆ་ནས་ཀྱང་། གསུངས་རྒྱུན་ལ་ལ་ལྟར་ན། གཞན་སྲོག་ལས་ཀྱང་རང་སྲོག་བཅད་ན་ཉེས་པ་ཆེ་ཚུལ་འདུག འོན་ཀྱང་གསལ་བོ་མི་ཤེས།

    Reply
  7. ནགས་མེ། says:
    ལོ་ 15 སྔོན།

    གལ་ཏེ། བོད་མི་རིགས་ཧྲིལ་པོའི་སླད་དུ་སྐུ་སྲོག་མེ་ལྕེ་ལ་ཕུལ་ཡང་། རྒྱལ་སྲས་ཀྱི་སྤྱོད་པར་འགྲོ་གི་མེད་ན། དེ་ནས། སྟོན་པའི་སྐྱེས་རབས་སོགས་ལ་འཁྲུགས་ཆེན་པོ་ཞིག་ཐེབས་གི་རེད།

    Reply
  8. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    སྟན་འཛིན་ཤེསརབ་ལགས། བྱང་སེམས་ལ་མ་གཏོག་སྲོག་གཅོད་ཀྱི་ལས་མ་གནང་ཞེས་པའི་གོ་དོན་ཙམ་ཡང་མི་ཤེས་ན་ཁ་རོགས་སྡོད་མི་ཐུབ་པ་ཅི། སྲོག་གཅོད་ཀྱི་རྩ་སྡོམ་ལྟུང་བ་ལ།་རང་དང་ཐ་དད་པའི་མི་ཡི་སྲོག་གཅོད་དགོས་པ་མ་ཡིན་ནམ། ད་རུང་གལ་སྲིད་གྲྭ་བ་ཞིག་གིས་མི་ཞིག་གསོད་སེམས་ཀྱིས་ཤི་ངེས་ཤིག་རྨས་ཟིན་ཡང། ཁོ་མ་ཤི་བའི་སྔོན་ལ་གྲྭ་བ་རང་ཉིད་རྐྱེན་གང་རུང་ཞིག་གིས་ཤི་སོང་ན། གྲྭ་བ་དེར་སྲོག་གཅོད་ཀྱི་རྩ་ལྟུང་བྱུང་མེད་པ་མ་ཡིན་ནམ།

    Reply
  9. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    མ་ཟད། འདི་ལྟ་བུའི་རྒྱ་ཁྱབ་ཀྱི་གོ་མེད་ཚོར་མེད་འདིས། དངོས་གནས་མི་སེམས་བདེ་རུ་འབབ་ཐབས་བྲལ། >>
    འོད་ཟེར་ལགས་ཀྱི་རྩོམ་ཡིག་འདིས་སྤྱིར་བཏང་ནས་འགྲོ་བ་མིའི་གཤིས་ཀར་དྲི་བ་ནན་མོ་ཞིག་བཏང་ཡོད་པ་དང་། ལྷག་པར་དུ་ང་ཚོ་སྟེ་བོད་མི་ཚོར་སྙིང་རྩ་འདར་བའི་དྲི་བ་བཏང་ཡོད་རེད། ད་ཅི་བྱེད་ཀྱི་ཡོད་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྱེད་ཅི་དགོས་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དངོས་གནས་བྱ་ཐབས་ཟད་པ་ཨེ་རེད། དུས་འཁོར་དབང་ཆེན་ལ་གྲ་སྒྲིག་བྱོས།་ གཞོན་ནུ་ཚོགས་པ།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་སེམས་སུ་འཛུལ་ནས་སེམས་གཏམ་སྨྲ་ཚུལ་འདིས་ངོ་མ་སེམས་འགུལ་ཐེབས་པ་འདུག སེམས་ཚོར་དང་གནས་ལུགས། གནས་སྟངས་དང་སེམས་ཚོར། མིག་ཆུ་དང་སྡང་མིག་དག་ལྷན་དུ་བསྡེབས་པའི་ཁྱེད་རང་དང་ཁྱེད་ཀྱི་རྩོམ་ཡིག་ལ་ཧ་ཅང་དགའ།

    Reply
  11. ཨ་ལ་ལ says:
    ལོ་ 15 སྔོན།

    ཡིག་བསྒྱུར་ལེགས་པོ་བྱུང་མི་འདུག ཀློག་བདེ་པོ་མེད་ཅིང་རབ་རིབ་སབ་སིབ་མང་ངོ་།།

    Reply
  12. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    བདེན་པ་ཤོད་ས་མེད་པའི་མྱི་ཡུལ་འདིར།།
    བདེན་པའི་ལས་དེར་རྫུན་པའི་ངོ་བོར་ལྟ།།
    བདེན་པར་འགལ་བའི་རྫུན་པར་ཚད་མ་འཛིན།།
    བདེན་རྫུན་དབྱེར་མཐའ་མ་ཤེས་སྙིང་རེ་རྗེ།།

    བཟང་ངན་འགོ་ལྟག་ལོག་པའི་དུས་ངན་འདིར།།
    བཟང་པའི་སྤྱོད་པར་ངན་པའི་དོན་ཏུ་གཞིགས།།
    བཟང་པོར་རྫོབ་པའི་ངན་པར་ལག་ཆ་འཛིན།།
    བཟང་ངན་དབྱེར་མཐའ་མ་ཆོད་སྙིང་རེ་རྗེ།།

    འབྱུང་བཞིའི་གྲུབ་ཆ་རྒོལ་བའི་དེང་དུས་སུ།།
    རྡུལ་མཚོན་འཕྲུལ་འཁོར་ཞི་བདེའི་ལམ་དུ་ལྟ།།
    འཚེ་མེད་སྤྱོད་པར་དགོས་མེད་ལྟག་ཁ་ཕུད།།
    མ་རིག་མུན་པས་བསྟིམས་པས་སྙིང་རེ་རྗེ།།

    Reply
  13. གཅན་དཔལ་ལྡན། says:
    ལོ་ 15 སྔོན།

    ན་གཞོན་ལོ་ཙཱ་བ་གྲོགས་སད་མིའམ་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་བསྒྱུར་རྩོམ་ཡག་པོ་ཞིག་སྤེལ་འདུག ད་དུང་ཡང་། མུ་མཐུད་དུ་དུས་དང་མཐུན་པའི་རྩོམ་གང་མང་བསྒྱུར་རོགས། དེ་བཞིན་དྲན་སྐུལ་ཞུ་རྒྱུ་ཞིག་ལ། གྲོགས་ཏྲེ་ཧོར་ཐུབ་བསྟན་ལགས་ཀྱིས་ཀྱང་དུས་བབ་དྲ་ཐོག་ཏུ་སྤྱི་ཚོགས་ལ་ཕན་པའི་རྩོམ་ཡིག་གང་མང་བསྒྱུར་ན་རང་གཞན་ཀུན་ལ་ཕན་ཐོགས་ཆེ། ཐུགས་རྗེ་ཆེ།

    Reply
  14. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ངས་ཀྱང་མདང་དགོང་ཟིན་བྲིས་ཤིག་བྲིས་ཡོད། ནང་དོན་ཡང་འདི་དང་ཧ་ཅང་འབྲེལ་ཆེ། དྲ་གནས་འདི་ཡིན།
    https://tibettimes.net/wordpress/blogs.php?id=265&post_id=18441

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese