མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སེ་རི་ཡ་གཞུང་གི་ཁས་ལེན།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་སེ་རི་ཡ་གཞུང་གིས་ཨ་རབ་མཐུན་ཚོགས་ཀྱིས་བཏོན་པའི་ཟིང་འཁྲུག་ཞི་འཇགས་ཀྱི་གྲོས་དོན་དང་། རྒྱལ་སྤྱིའི་ལྟ་ཞིབ་པ་སེ་རི་ཡའི་ནང་གཏོང་དགོས་པའི་གྲོས་དོན་ཁས་ལེན་བྱས་འདུག

ཉེ་ལམ་ཨ་རབ་མཐུན་ཚོགས་ཀྱིས་སེ་རི་ཡའི་གཞུང་ལ་གྲོས་དོན་ཞིག་ཕུལ་ཡོད་ཅིང་། གྲོས་དོན་དེའི་ནང་སེ་རི་ཡའི་གྲོང་ཁྱེར་ཁག་ཏུ་ཡོད་པའི་དྲག་ཆས་དམག་དཔུང་ཕྱིར་འཐེན་དང་། བཙོན་འཇུག་བཀག་ཉར་འོག་ཡོད་པའི་ཞི་རྒོལ་མི་མང་ཀློད་གྲོལ་བྱ་དགོས་པ།རྒྱལ་སྤྱིའི་ལྟ་ཞིབ་པ་སེ་རི་ཡའི་ནང་གཏོང་རྒྱུ་དང་། གལ་སྲིད་གྲོས་དོན་དེར་ཁས་ལེན་མ་བྱས་ཚེ་ཨ་རབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་སེ་རི་ཡ་གཞུང་དང་ཚོང་འབྲེལ་མཚམས་འཇོག་དང་། སྲིད་འཛིན་བྷག་ཤར་དང་འབྲེལ་བའི་སེ་རི་ཡའི་མཐོ་རིམ་དཔོན་རིགས་རྣམས་ཨ་རབ་རྒྱལ་ཁབ་ཁག་ནང་ཕྱི་བསྐྱོད་བྱ་རྒྱུར་འགོག་རྐྱེན་བཟོ་རྒྱུ། སེ་རི་ཡའི་ནང་ཕྱི་ཕྱོགས་ཀྱི་གནམ་གྲུ་འཕུར་མཚམས་འཇོག་རྒྱུ། དབུས་གཞུང་གི་དངུལ་ཁང་དང་འབྲེལ་ཐག་གཅོད་རྒྱུ་སོགས་འགོག་རྐྱེན་རིགས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ལ། གོང་གི་གྲོས་དོན་དེར་སེ་རི་ཡ་གཞུང་གིས་ཕྱི་ཚེས་ ༥ དགོང་མོ་བར་བརྡ་ལན་གསལ་བོ་སྤྲོད་དགོས་པའི་ཐ་ཚིག་བསྒྲགས་ཡོད་འདུག

ཨ་རབ་མཐུན་ཚོགས་ཀྱིས་ཕྱི་ཟླ་ ༡༡ པའི་ནང་གྲོས་དོན་ཁག་ཅིག་སེ་རི་ཡ་གཞུང་ལ་སྤྲད་ཡོད་པར་ཁས་ལེན་མ་བྱས་སྟབས། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་ནས་ཨ་རབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་སེ་རི་ཡའི་ཕྱི་འབྲེལ་ཐད་འགོག་རྐྱེན་རིམ་པར་སྤྲད་ཡོད་ཅིང་། ཐེངས་འདིར་བསྐྱར་དུ་ཉེན་བརྡ་དང་ལྷན་དུ་གྲོས་དོན་ཞིག་ཕུལ་པར། ཕྱི་ཚེས་ ༥ ཉིན་སེ་རི་ཡའི་ཕྱི་སྲིད་བློན་ཆེན་མུའ་ལེམ་ ( Walid Muallem ) གྱིས་ཨ་རབ་མཐུན་ཚོགས་ཀྱི་གྲོས་དོན་ཁག་ལ་ཁས་ལེན་མིང་རྟགས་འགོད་རྒྱུའི་བརྡ་ལན་ཕུལ་ཡོད་ཀྱང་། སེ་རི་ཡ་གཞུང་དང་ཨ་རབ་མཐུན་ཚོགས་བར་གྱི་གྲོས་དོན་ཁག་ལ་མིང་རྟགས་མ་བཀོད་གོང་དེ་སྔའི་འགོག་རྐྱེན་དག་འཕྲད་དུ་ཕྱིར་འཐེན་བྱ་དགོས་པའི་ཆ་རྐྱེན་བཏོན་ཡོད་འདུག

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས་སྤེལ་པའི་གནས་ཚུལ་ལྟར་ན།སེ་རི་ཡའི་ནང་དྲག་གནོན་མུ་མཐུད་གནས་ཡོད་འདུལ་ལ། ཁ་སང་ཕྱི་ཚེས་ ༥ ཉིན་དམག་མི་དང་ངོ་རྒོལ་པ་ ༡༧ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ཕྱི་ཟླ་ ༡༡ པའི་ནང་ཁྱོན་མི་ ༩༥༠ སྲོག་ཤོར་ཡོད་པ་དང་། འདི་ལོ་སེ་རི་ཡར་ཟིང་འཁྲུག་བྱུང་པ་ནས་མི་ ༤༠༠༠ ལྷག་རྐྱེན་ལམ་དུ་བཏང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

མཆན། 1

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    ཡིང་བཞིན་ནོར་བུས། དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་དང་འཆམ་མཐུན་གྱིས་ཡོད་ཚད་ཞི་བདེར་ཕྱོགས་དགོས་པར་གསུངས་ཤིང་སྨོན་པ་བཞིན། དེ་བཞིན་མྱུར་དུ་འགྲུབ་པའི་མཐུན་རྐྱེན་སྒྲུབ་ལ་ཀུན་གྱིས་བརྩོན་པར་རིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist