མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་མཐོ་རིམ་དཔོན་རིགས་ཤིག་རྔ་པ་ཀིརྟི་དགོན་དུ་སླེབས་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མི་དང་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་མིན་ཅན་ཀྲུའུ་རྔ་པ་ཀིརྟི་དགོན་པར་རྟོག་ཞིབ་ཏུ་བསྐྱོད་དེ། ས་གནས་སྲིད་གཞུང་དང་དྲག་ཆས་དཔུང་དམག དགོན་པའི་ལས་འཛིན་ཚོགས་བསྡུ་བསྐངས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཐོག་མུ་མཐུད་ཤུགས་རྒྱག་དགོས་ཚུལ་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གཞུང་དབུས་ཉེན་རྟོག་སྡེ་ཁག་གི་དྲ་བའི་སྟེང་གནས་ཚུལ་སྤེལ་ཏེ།  ཕྱི་ཟླ་ ༡༡ ཚེས་ ༢༦ ནས་ ༣༠ བར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མི་དང་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་མིན་ཅན་ཀྲུའུ་རྔ་པ་ཀིརྟི་དགོན་དུ་སོང་སྟེ། དགོན་པའི་ཆོས་ལུགས་དོམ་དམ་མི་སྣ་དང་རྔ་པ་རྫོང་ཆོས་ལུགས་ལས་ཁུངས་ཀྱི་མི་སྣ་བཅས་ཐུག་ཡོད་པ་དང་།  སྐབས་དེར་མིན་ཅན་ཀྲུའུ་ཡིས་དགོན་པའི་ནང་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས་པའི་སྐོར་བརྗོད་ཡོད་པ་རེད།  རྒྱ་ནག་དབུས་བརྙན་འཕྲིན་སའེ་སའེ་ཌེ་ཝེ་ (CCTV)དང་ཟི་ཁྲོན་ཞིང་ཆེན་བརྙན་འཕྲིན་ཁང་སོགས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས།   མིན་ཅན་ཀྲུའུ་རྔ་པ་ཀིརྟི་དགོན་དུ་རྟོག་ཞིབ་ཏུ་བསྐྱོད་པའི་དྲིལ་བསྒྲགས་སྐོར་གྱི་བརྙན་འཕྲིན་ནང་།  དགོན་པའི་དོ་དམ་མི་སྣ་རེ་འགའ་མ་གཏོགས་དགོན་པའི་ཁོར་ཡུག་གང་སར་གྲྭ་བཙུན་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད།  དགོན་པའི་འདུ་ཁང་གི་ཟུར་ཅིག་བརྙན་འཕྲིན་ནང་ཐོན་པ་དེར་གྲྭ་བཙུན་གཅིག་ཀྱང་མེད་པར་འདུ་ཁང་སྟོང་པ་ཆགས་ཡོད་པ་རེད། ལྷག་པར་དུ་ཟི་ཁྲོན་བརྙན་འཕྲིན་ཁང་གིས་དེའི་སྐོར་གྱི་གནས་ཚུལ་མང་ཚོགས་ལ་དྲིལ་བསྒྲགས་བྱས་སྐབས།  དྲག་ཆས་དམག་དཔུང་རུ་སྒྲིག་གི་འཇིགས་རྔམས་འབུར་དུ་བཏོན་ཡོད་པ་རེད།

 

གཞན་ཡང་།  མིན་ཅན་ཀྲུའུ་ཡིས་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་རྔ་པ་རྫོང་དང་ཁྱུང་མཆུ་རྫོང་། ཟུང་ཆུ་རྫོང་སོགས་སུ་འབྲོག་དམངས་གྲོང་རྡལ་དུ་སྒྱུར་བཞིན་པའི་ལས་གཞི་ཁག་དང་།  དེ་བཞིན་ས་ཁུལ་དེ་དག་ནང་བོད་མིར་དྲག་གནོན་ཆེད་གཏན་སྡོད་བྱས་ཡོད་པའི་རྒྱ་ནག་བཅིངས་འགྲོལ་དམག་གི་འཐབ་ཇུས་རུ་དཔོན་དང་། དྲག་ཆས་ཉེན་རྟོག་དམག་དཔོན། སྤྱི་བདེ་ཉེན་རྟོག་རུ་ཁག  སྐོར་སྐྱོད་ལྟ་སྲུང་རུ་ཁག་སོགས་ཀྱི་ལས་ཀར་རྟོག་ཞིབ་བྱས་ཡོད་པ་དང་། སྐབས་དེར་མིན་ཅན་ཀྲུའུ་ཡིས་ “ འདས་པའི་ལོ་མང་རིང་ས་ཁུལ་འདིར་བཅའ་སྡོད་དམག་མི་རྣམས་ཀྱིས་དཀའ་ཁག་ལ་མ་འཛེམས་པར་དཔའ་ངར་ལྡན་པའི་སྒོ་ནས་སྤྱི་ཚོགས་བདེ་འཇགས་དོ་དམ་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། ད་ལྟའི་བར་རྒྱ་གཞུང་དམར་ཤོག་གི་མཛུབ་སྟོན་འོག་ཆེས་གནད་འགག་གི་དུས་སྐབས་སུ་རྒྱུག་ཕོད་པ་དང་། འཛིང་ཕོད་པ། རྒྱལ་ཐུབ་པ་བཅས་བྱས་ཏེ།  རྒྱ་གཞུང་དམར་ཤོག་དང་མང་ཚོགས་ཀྱིས་ཡིད་ཆེས་བཅོལ་ཆོག་པ་དང་། དམར་ཤོག་དང་མང་ཚོགས་ལ་ནམ་ཡང་གྱོང་མི་སྐུར་བའི་སྲུང་སྐྱོབ་རུ་དཔུང་ཞིག་ཆགས་ཡོད་སྟབས།   མ་འོངས་པར་ཡང་དམག་མི་ཚང་མས་མགོ་མཇུག་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་བློ་རིག་ལྡན་པའི་སྒོ་ནས་ནུས་ཤུགས་ཡོད་རྒུ་འདོན་དགོས་ལ།  ཁྱོད་ཚོ་ནི་རྒྱ་དམར་གཞུང་གི་ཁྲིམས་ལྟར་ངོ་ལོག་པར་རྡུང་བརྡེག་བཏང་སྟེ་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་དང་། ཏང་གི་ལམ་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་མཁན་གྱི་རུ་དཔུང་ཡིན། ”སོགས་བརྗོད་འདུག  ཐེངས་འདིར་མིན་ཅན་ཀྲུའུ་ཡི་རྟོག་ཞིབ་ལས་གཞི་གཙོ་བོ་གཅིག་ནི།  སྤྱི་ཚོགས་དོ་དམ་ནི་གཞི་རིམ་ཁྱིམ་ཚང་ནས་མགོ་བརྩམས་ཏེ་ས་ཁུལ་ཡོངས་སུ་དངོས་འབེབ་བྱེད་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་དོ་དམ་ལས་གཞི་རྨང་གཞིར་བཟུང་སྟེ་གཞི་རིམ་ས་ཁུལ་གྱི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོད་དགོས་པ་དེ་ཡིན་འདུག 

 

མིན་ཅན་ཀྲུའུ་ཡིས་རྔ་པ་ཀིརྟི་དགོན་གཙོས་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རྟོག་ཞིབ་ཏུ་བསྐྱོད་སྐབས།  ཟི་ཁྲོན་ཞིང་ཆེན་དམར་ཤོག་དྲུང་ཆེ་གཞོན་པ་དང་མངའ་སྡེ་བློན་ཆེན་ཅཱང་ཅུས་ཧྥུན་དང་། རྒྱ་ནག་ཆབ་སྲིད་ལྷན་ཁང་གི་དྲུང་ཆེ་ཝང་ཡོན་ཆིན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་མགོ་གཙོ་གཞོན་པ་སྲི་ཐར། ཟི་ཁྲོན་ཞིང་ཆེན་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་ཁྲིམས་སྲིད་ལྷན་ཁང་གི་དམར་ཤོག་དྲུང་ཆེ་ལིག་ཡུས་ཧྲོན། མངའ་སྡེ་བློན་ཆེན་གཞོན་པ་ཆིས་མའོ་ཧྲི་ཧཱ། ཟི་ཁྲོན་ཞིང་ཆེན་ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་ཙིན་ཧྲིན་ཆོན་སོགས་ཀྱང་མཉམ་དུ་རྟོག་ཞིབ་ཆེད་བསྐྱོད་ཡོད་པ་རེད།  

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤྱི་ཚོགས་དབྱེ་ཞིབ་དག་གིས་དཔྱད་བརྗོད་སྤེལ་པའི་ནང་།  ད་ལོའི་ཕྱི་ཟླ་ ༣ ནས་བཟུང་བོད་ནང་དུ་དགེ་འདུན་པས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དེར་པེ་ཅིན་གཞུང་བློ་འཚུབ་སྐྱེ་བཞིན་ཡོད་པར་མ་ཟད། རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལས་འགུལ་དེ་བོད་ཁུལ་ཡོངས་སུ་རྒྱ་ཁྱབ་ཏུ་གྱུར་ཏེ་བོད་མི་མང་པོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་འབྱུང་ཉེན་ཡོད་པའི་འཇིགས་སྐྲག་སྐྱེ་བཞིན་ཡོད་པ་དང་།  ཐེངས་འདིར་རྒྱ་གཞུང་དབུས་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་ཐད་ཀར་རྔ་པ་ཀིརྟི་དགོན་དུ་ཡོང་བ་དེ་ནི། ཕྱིའི་རྣམ་པས་ཐོག་ནས་བོད་མིར་སེམས་གསོ་དང་། དོན་གྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་དམག་མིས་ཕྱོགས་ཡོངས་ནས་སྤྱི་ཚོགས་ལ་དམ་དྲག་བྱེད་པའི་སྒྲིག་གཞི་རྩ་བརྟན་དུ་གཏོང་ཆེད་ཡིན་པ་བརྗོད་འདུག 

ད་ལོའི་ཕྱི་ཟླ་གསུམ་པའི་ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་། བོད་མདོ་སྨད་རྔ་པ་གཙོས་ཁམས་དཀར་མཛེས་དང་། རྟའུ། ཆབ་མདོ་བཅས་སུ་སྔ་ཕྱིར་སྐྱ་སེར་ ༡༢ ཀྱིས་རང་ལས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པར་མ་ཟད།  བལ་ཡུལ་དང་རྒྱ་གར་གྱི་ནང་དུའང་བོད་མི་གཉིས་རང་ལུས་མེར་བསྲེགས་ཀྱིས་གཞིས་ལུས་བོད་མིའི་རང་དབང་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ད་ཁོ་ཚོས་ཞི་དྲག་གང་ཞིག་གི་ཐབས་ཚུལ་སྤྱད་ཀྱང་ང་ཚོ་མགོ་མི་འཐོམ་པར་”དོགས་ཟོན་མཐོར་འདེགས་ཀྱིས་རང་རིགས་སྲུང་སྐྱོབ”བྱ་རྒྱུ་རང་ཡིན་ནོ།

    Reply
  2. བརྩོན་རྒྱམ། says:
    ལོ་ 14 སྔོན།

    གང་ལྟར་གཡོ་སྒྱུ་སྣ་ཚོགས་ཀྱི་དབང་གི་ད་སྐབས་ཡང་ལྟ་སྐོར་དུ་སོང་པ་ཞིག་ཡིན་རྒྱུ་རེད།  ཁོང་ཚོས་བཤད་སྟངས་ལ་ལྟས་ན་དགའ་འོས་དོན་བཟང་ཞིག་མ་ཡིན་པར་གསལ་བོ་རེད་གང་ཡིན་ཟེར་ན་རྒྱལ་གཅེས་ཆེས་གཅེས་ཀྱི་སལ་འགུལ་མུ་མཐུད་སྤེལ་དགོས་ཚུལ་བརྗོད་པ་ཙམ་གྱི་དོན་སྙིང་གོ་ཚར་བ་མ་ཡིན་ནམ།  ཧུའུ་མ་ཟད་མོའོ་ཤི་ས་ནས་ཡོང་རུང་ཕན་ཐོག་ཞིག་ཡོད་ནི་མ་རེད།  དམར་ཕྱོགས་ཀྱིས་གསར་ལམ་ཁག་ཏུ་སྐད་ཆ་སྙིང་རྗེ་འདྲ་བོ་བཤད་པ་རེད་མ་གཏོག་དོན་གཡོ་སྒྱུའི་གང་ནས་ཡོད་པ་ཡིན་དུས་ཡིད་ཆས་མི་འདུག

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཧུའུ་ཅན་ཐོ་ཁོ་རང་དངོས་སུ་ཕེབས་ནས་བཀའ་སློབ་ཅིག་གནང་ན་ཅུང་ཕན་གི་མེད་འགྲོ་་་་དེ་མིན་ཁག་པོ་རེད་ཡ་་་་་

    Reply
  4. སྟག་རྩེ་དཔལ་ལྡན says:
    ལོ་ 14 སྔོན།

    འདི་ན་གསེར་འདོག་ཉི་མའི་དྲོད་ངར་འཐིམ་མྱོང་ད་ལྟར་གཤེན་པའི་དུར་ས་འགྱུར་སོང་།།
    འདི་ན་ཤེས་བྱ་རིག་པའི་ཆུ་གཏེར་བཞུར་མྱོང་ད་ལྟར་ཀླ་ཀློའི་རྨོངས་བ་འཚུབ་སོང་།།
    འདི་ན་རིགས་མཐུན་སྤུན་ཟླའི་མཛའ་བརྩེ་ཟབ་མྱོང་ད་ལྟར་དགྲ་བོའི་གཡུལ་ས་འགྱུར་སོང་།།
    འདི་ན་མནོ་པའི་བློ་རྩེ་རྣ་རུ་ཕབ་ནས་བསམ་གཞིགས་བྱས་པའི་ཡིད་ག་མི་འདུག །། །།

    Reply
  5. གནས་ཚང་། says:
    ལོ་ 14 སྔོན།

    དཔོན་རིགས་དེའི་མིང་ལ་མུན་ཅན་ཀྲོའུ་ཟེར་བར་བཤད། ཕལ་ཆེར་ལིས་ཅན་ཀྲོའུ་མིན་པ་འདྲ། གང་ལྟར་གསར་འགྱུར་བཀོད་པར་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese