མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨབ་རྒན་ནང་གཏོར་རྒོལ་བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨབ་རྒན་ནང་རང་སྲོག་འབེན་བཙུགས་ཀྱི་གཏོར་རྒོལ་དོན་རྐྱེན་གཉིས་བྱུང་སྟེ། མི་ ༥༩ རྐྱེན་འདས་དང་མི་ ༡༤༣ ལ་རྨས་སྐྱོན་ཕོག་ཡོད་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་ཁ་ཆེ་ཆོས་ལུགས་པའི་ནང་གསེས་ཞའེ་ཁྲའེ་(Shiite Muslim)ཆོས་རྒྱུད་བ་རྣམས་ཀྱི་ཨཱ་ཞའོ་ར་(Ashura)ཞེས་པའི་དུས་ཆེན་གྱི་སྐབས་དང་བསྟུན་ནས། ཨབ་རྒན་(Afghanistan)རྒྱལ་སའི་ཁ་ཆེ་ལྷ་ཁང་ཞིག་ནང་རང་སྲོག་འབེན་བཙུགས་ཀྱི་གཏོར་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐའ་མི་ ༥༥  རྐྱེན་འདས་དང་མི་ ༡༣༤  ལ་རྨས་སྐྱོན་ཕོག་ཡོད་པ་དང་།  གཞན་ཡང་།  ཉིན་དེར་ཨབ་རྒན་བྱང་ཕྱོགས་གྲོང་ཁྱེར་མཱ་རྫར་ཨུས་ཞའེ་རའེ་ཧྥི་ (Mazar-e Sharif) ནང་དུའང་དེར་མཚུངས་ཀྱི་གཏོར་རྒོལ་དོན་རྐྱེན་ཞིག་བྱུང་སྟེ།  མི་ ༤ འདས་གྲོངས་དང་མི་ ༩ ལ་རྨས་སྐྱོན་ཕོག་ཡོད་འདུག དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་མཁན་མང་ཆེ་བ་ནི་དུས་ཆེན་སྐབས་ལྷ་ཁང་ནང་མཆོད་མཇལ་དུ་ཡོང་མཁན་མང་ཚོགས་རྐྱང་ཡིན་པ་དང་། རྐྱེན་འདས་སུ་གྱུར་བ་དག་གི་ཁྲོད་བྱིས་པ་འགའ་ཤས་ཀྱང་ཡོད་འདུག  

དོན་རྐྱེན་དེ་བྱུང་རྗེས་མཆོད་མཇལ་དུ་ཡོང་མཁན་ཁ་ཆེ་མང་ཚོགས་རྣམས་ཀྱིས་དྲག་སྤྱོད་པ་དང་ཐ་ལེ་བྷན་འཇིགས་སྐུལ་བར་སྐྱོན་བརྗོད་ཁ་རྡུང་བཏང་ཡོད་པར་མ་ཟད།  ཨབ་རྒན་ནང་སྲིད་མགྲིན་ཚབ་པས་ཀྱང་གཏོར་རྒོལ་དོན་རྐྱེན་དེ་ནི་ཐ་ལེ་བྷན་དྲག་སྤྱོད་པར་འབྲེལ་བ་ཡོད་སྐོར་བརྗོད་འདུག་ལ།   ཉིན་དེར་དབྱིན་ཇི་རྒྱལ་ཁབ་ནང་འཚམས་གཟིགས་བྱེད་བཞིན་པའི་ཨབ་རྒན་སྲིད་འཛིན་ཧེ་མའེ་ཌི་ཁར་རྫེ་(Hamid Karzai) ཡིས་ཀྱང་གཟིགས་སྐོར་མཚམས་འཇོག་བྱས་ཏེ་ཕྱིར་ཨབ་རྒན་དུ་ལོག་ཡོད་འདུག

ད་ལྟའི་ཆར་གཏོར་རྒོལ་དོན་རྐྱེན་དེ་ངོས་ལེན་བྱེད་མཁན་གྱི་འཇིགས་སྐུལ་ཚོགས་པ་སུ་གང་ཡང་བྱུང་མེད་པ་རེད། དེ་སྔོན་ཨབ་རྒན་ནང་ཆོས་ལུགས་བར་གྱི་འགལ་བས་རྐྱེན་གྱིས་གཏོར་རྒོལ་དོན་རྐྱེན་བྱུང་བ་ཧ་ཅང་ཉུང་ཉུང་ཡིན་འདུག  ཡིན་ནའང་། ཕྱི་ལོ་ ༡༩༩༠ ལོར་ས་ནའེ་ཁ་ཆེ་བ་(Sunni Muslim)དང་ཐ་ལི་བྷན་ཤོག་ཁག་གིས་སྲིད་དབང་སྒེར་གཅོད་སྐབས། ཞའེ་ཁྲའེ་ཁ་ཆེ་བ་(Shiite Muslim)རྣམས་ལ་གནོད་འཚེ་བཟོས་མྱོང་ཡོད་འདུག 

ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཨབ་རྒན་ནང་ཉེ་བའི་ལོ་ ༡༠ ལྷག་རིང་རང་སྲོག་འབེན་བཙུགས་ཀྱིས་གཏོར་གཏོར་རྒོལ་དོན་རྐྱེན་བཟོ་མཁན་མང་ཆེ་བ་ནི། ཐ་ལི་བྷན་དང་ས་ནའེ་ཁ་ཆེ་བ་ཡིན་པར་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 4

  1. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 11 སྔོན།

    ངོ་མ་མི་མང་དཀྱིས་མ་དེ་ཚོ་སྙིང་མ་རྗེ།

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 11 སྔོན།

    བླ་མ་མཁྱེན། ད་བསད་ཡོད་གི་ཡ། གསེར་ཡུམ་ག།

    Reply
  3. སྨར་ཀླུང་དཔའ་ལ། says:
    ལོ་ 11 སྔོན།

    སློབ་དཔོན་ཀླུ་སྒྲུབ་ཀྱིས། མུ་སྟེགས་ལོག་ལྟ་བྲན་གྱི་རིགས་རྣམས་དང། །རིགས་ངན་ཤན་པའི་ལུས་སུ་བདག་མ་སྐྱེ་ཞེས་པ་དོན་ལ་གནས་འདུག ཀློ་ཀློར་སྐྱེ་ན་ད་དུང་ཡང་མུ་མཐུད་ནས་དོན་རྐྱེ་དེ་རིགས་ཆེ་རུ་ལས་དུས་ནམ་ཡང་ཆུང་རུ་འགྲོ་རྒྱུ་མེད་པ་མངོན་གསལ་བསྙོད་མེད་རེད། བོད་འདི་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། སྟོན་པ་ཤཱཀྱ་མུ་ནེའི་དམ་ཆོས་རིན་པོ་ཆེ་འདི་བོད་གངས་ཅན་པའི་ནང་དུ་བརྟན་གནས་གླིང་གསུམ་འགྱུར་བ་མེད་པའི་བཀའ་དྲིན་ལས་དོན་རྐྱེན་འདི་རིགས་མི་འབྱུང་བ་ཞིག་ལས་རྒྱ་དམར་གྱི་བྱེད་སྟང་ལ་ལྟོས་ན་བོད་རྒྱ་གཉིས་ག་དུས་མཐུན་འབྲེལ་འབྱུང་ཐུབ་ཀྱི་ཡོད་ན? དོན་རྐྱེན་འདི་རིགས་ནམ་ཡང་མི་འབྱུང་བར། ཞི་བའི་འཆམས་མཐུན་རྣལ་མས་རྒྱ་དམར་པོའི་སྡུག་སེམས་ག་དུས་འགྱུར་རྒྱུ་ཡོད་ན? འདི་ནི་རྒྱ་བོད་མི་རིགས་ཡོང་ལ་དྲི་བ་བཀོད་སྙིང་འདོད། དོན་རྐྱེན་ལ་སུ་ཡང་མི་དགའ་བ་རྐྱང་གཅིག་ལས་དགའ་དགའ་སྐྱིད་སྐྱིད་ལ་དོན་རྐྱེན་དུས་ནམ་ཡང་མི་འབྱུང་བ་ནི་ཆོས་ཉིད་མ་ཡིན་ནམ???????

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    རིགས་དང་སྲིད་ཀྱི་ཁེ་ཕན་སླད། ཉམ་ཆུང་དམངས་ལ་འཚེ་བྱེད་པ།
    འདི་ལས་སྤྱོད་ངན་གཞན་ཡོད་མིན། དཔེར་ན་འདི་དང་རྒྱ་གཞུང་བཞིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist