མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕགས་ཕག་ལོའི་གསར་བརྗེ་དང་རྒྱ་ནག་གི་དམངས་གཙོ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ལྷག་པའི་ཉིན་ལྡི་ལིར་རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེ་སྐོར་ལ་བགྲོ་གླེང་ཞིག་བྱས་ཡོད་ཅིང་། སྐབས་དེར་རྒྱ་ནག་པེ་ཅིན་དེང་རབས་ལོ་རྒྱུས་ཞིབ་འཇུག་གླིང་གི་འགན་འཛིན་གཞོན་པས་རྒྱ་ནག་དམངས་གཙོར་འགྱུར་བར་ཕྱིའི་གནོན་ཤུགས་དང་སྐུལ་སློང་དགོས་གལ་ཆེ་ཚུལ་བརྗོད་འདུག

ཟླ་འདིས་ཕྱི་ཚེས་ ༧ ཉིན་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་( India international centre )གི་གོ་སྒྲིག་འོག རྒྱལ་ས་ལྡི་ལི་གསར་པར་༼ ཕྱི་ལོ་ལོ་ ༡༩༡༡ ལོའི་རྒྱ་ནག་གི་གསར་བརྗེ།༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་ཡོད་ལ། བགྲོ་གླེང་གཏམ་བཤད་པར་རྒྱ་ནག་པེ་ཅིན་དེང་རབས་ལོ་རྒྱུས་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་དང་འགན་འཛིན་གཞོན་པ། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་གཅིག་ལྕོགས་སྐུ་ཞབས་བང་ཁྲོ་ཀོང་( Wang Chaoguang )གདན་ཞུ་བྱས་འདུག་ལ། གཞན། རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་མཱ་ངྷ་བེ་ཐ་ཕེ་དང་དྲུང་ཆེ་ཕཱ་ཁྲི་ར་སི་ཡ་ཨོ་བྷ་རོ། ལྡི་ལི་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་ཁྲིམས་དོན་སློབ་སྟོན་པ་ཙི་ཡོན་ཧོན་བཅས་སྲིད་དོན་པ་དང་དམངས་གཙོ་དོན་གཉེར་པ། སྤྱི་ཚོགས་ཞབས་ཞུ་པ། ཁྲིམས་རྩོད་བཅས་གནད་ཡོད་མི་སྣ་ ༣༠ ཙམ་མཉམ་ཞུགས་བྱས་འདུག གཞུང་འབྲེལ་གྱི་བགྲོ་གླེང་འདིས་སྟེང་བོད་ཀྱི་སྐུ་ཚབ་མཚོན་པའི་ཐོག་ནས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་དང་། ཎེ་རོ་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ཀྱི་བོད་རིགས་མཐོ་རིམ་སློབ་མ་ ༩ ཙམ་མཉམ་ཞུགས་ཐུབ་པ་བྱུང་ཡོད་འདུག

བགྲོ་གླེང་སྟེང་རྒྱ་རིགས་བང་ཁྲོ་ཀོང་གིས་ཕྱི་ལོ་ ༡༩༡༡ ལོར་རྒྱ་ནག་ནང་གསར་བརྗེ་ལངས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཆིན་གོང་མ་བཙན་རྒྱལ་རིང་ལུགས་ཀྱི་དབང་སྒྱུར་གཉའ་གནོན་དང་། བཙན་འཛུལ་ལ་མགོ་སྒུར་མ་འདོད་པར་རླབས་ཆེན་གྱི་གསར་བརྗེ་པ་སོན་ཀྲོན་ཧྲན་( song zhongshan )གྱིས་སྣེ་ཁྲིད་འོག་རྒྱ་ནག་གི་ཞིང་པ་དང་བཟོ་བ་གཙོ་པོར་གྱུར་པའི་ཞིང་ཆེན་ ༡༨ མཉམ་འབྲེལ་ཐོག་ཆིན་གོང་མ་མགོ་རྟིང་སློག་པའི་གསར་བརྗེ་ཞིག་ཡིན་ཡང་། སྐབས་དེར་དམངས་གཙོའི་གསར་བརྗེ་མགོ་བརྩམས་པ་ཙམ་ལས་རྒྱལ་ཁ་ཐོབ་ཐུབ་མེད་ཚུལ་སོགས་བརྗོད་ཡོད།

ཁོང་གིས་བརྗོད་དོན། “ ཕྱི་ལོ་ ༡༩༡༡ ལོའི་གསར་བརྗེ་ནི་རྒྱ་ནག་ལོ་རྒྱུས་སྟེང་དུས་རབས་གསར་པའི་རླབས་ཆེན་གྱི་བྱ་བཞག་ཆེན་མོ་ཞིག་མགོ་བརྩམས་པ་ཡིན་ལ། འདིས་མི་སེར་རྒྱལ་ཁབ་ཀྱི་འབངས་མི་རྣམས་ལ་མདུན་སྐྱོད་ཀྱི་བློ་སྟོབས་སྤེལ་ཏེ། ལོ་ངོ་ཉིས་སྟོང་བརྒལ་པའི་བཙན་རྒྱལ་རིང་ལུགས་ཀྱི་སྲིད་གཞུང་མཇུག་སྒྲིལ་ཐུབ་ཡོད། གཉིད་ལས་བསླངས་པ་ལྟ་བུའི་གསར་བརྗེ་འདིས་གུ་ཡངས་ཀྱི་ཁྲིམས་སྲོལ་གསར་པ་ཞིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ། ཆབ་སྲིད་ཚོགས་པ་མང་པོ་ཞིག་ཀྱང་མངོན་གསལ་དུ་ཐོན་ཡོད། གུ་ཡངས་ཀྱི་འོས་འདེམས་བརྒྱུད་དེ་རྒྱ་ནག་ནང་སྲིད་གཞུང་གསར་པ་ཞིག་ཐོག་མར་དབུ་བརྙས་པ་རེད། ཡིན་ན་ཡང་། ནུབ་ཕྱོགས་ཀྱི་དམངས་གཙོའི་ཚོད་ལྟའི་བྱེད་ཐབས་འདི་ལེགས་འགྲུབ་མ་བྱུང་སྟབས་མི་སེར་རྒྱལ་ཁབ་ཀྱི་རྩ་འཛུགས་ལྷན་ཁང་ཁག་གི་རྨང་གཞི་འཐོར་བ་རེད། དེང་སྐབས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་པར་ཕྱི་ལོགས་ཀྱི་གནོན་ཤུགས་དང་། ལྷག་པར་དུ་འཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དང་སྐུལ་སློང་ཤུགས་ཆེན་བྱ་དགོས ” ཞེས་འབོད་སྐུལ་དང་བཅས། དེ་རིང་ང་ལ་འདི་འདྲའི་གཏམ་བཤད་རྒྱ་ཆེན་པོ་སྤེལ་པའི་གོ་སྐབས་གནང་པར་སྙིང་ཐག་པ་ནས་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གི་འགན་འཛིན་རྣམ་གཉིས་གཙོས་པའི་ཆེད་མཁས་པ་རྣམ་པ་དང་། མཉམ་ཞུགས་བྱེད་མཁན་ཚང་མར་བཀའ་དྲིན་ཞུ་བཞིན་ཡོད་ཅེས་སོགས་བརྗོད་ཡོད་པ་རེད།

བགྲོ་གླེང་གི་མཇུག་བསྡོམས་གཏམ་བཤད་སྟེང་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་མཱ་ངྷ་བེ་ཐ་ཕེ་མཆོག་གིས “ རྒྱ་ནག་ནི་ལོ་ངོ་ཉིས་སྟོང་བརྒལ་པར་བཙན་རྒྱལ་རིང་ལུགས་ཀྱི་དབང་སྒྱུར་འོག་གནས་པའི་རྒྱ་ཁབ་ཅིག་ཡིན་པས། དུས་ཡིན་ཐུང་ངུའི་ནང་འགྱུར་པ་ཐེབས་རྒྱུ་ཁག་པོ་ཡིན་ཡང་། ང་ཚོ་ཚང་མའི་ཐུན་མོང་གི་བགྲོ་གླེང་དང་ཞིབ་འཇུག་བརྒྱུད་རྒྱལ་ཁ་ཐོབ་པའི་རེ་བ་མངོན་གསལ་དུ་འགྱུར་བཞིན་ཡོད་སྟབས། ཚང་མས་ནུས་ཤུགས་གཅིག་ཏུ་བསྒྲིལ་དགོས” ཞེས་འབོད་སྐུལ་དང་བཅས་བགྲོ་གླེང་མཇུག་སྒྲིལ་ཡོད་པ་རེད།

དེང་སྐབས་རྒྱལ་སྤྱིའི་ཐོག་ ༡༩༡༡ ལོའི་རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེ་ལ་གླེང་སློང་ཤུགས་ཆེན་ཡོང་གི་ཡོད་ཅིང་། ཉེ་ཆར་ཉི་ཧོང་གི་ཁྲོཀ་ཁེའོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཀོ་མ་ཁ་སློབ་གླིང་ནང་དུ་ཡང་ ༼ ༡༩༡༡ ལོའི་རྒྱ་ནག་གི་གསར་བརྗེ ༽ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཆེན་པོ་ཞིག་ཚོགས་ཡོད་ལ། དེ་མིན་ཨོའོ་མན་དང་། ཨ་ཧྥི་རི་ཀ་ལྷོ་མ། ཐེ་ཝན། སེང་གྷ་པོར་སོགས་སུའང་བརྗོད་གཞི་འདིའི་ཐོག་དཔྱད་གླེང་སྣ་ཚོགས་བྱེད་བཞིན་ཡོད་འདུག རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་ད་ཆར་ཕྱི་ལོ་ ༡༩༡༡ ལོའི་རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེའི་ཐད་བསྐྱར་གླེང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེ་རྒྱ་ནག་དམངས་གཙོ་ཅན་དུ་སྐུལ་སློང་དང་། དམངས་གཙོའི་སྟོབས་ཤུགས་རྒྱ་ནག་མི་མང་གིས་ལོངས་སུ་སྤྱོད་རྒྱུའི་རྟགས་མཚན་གསལ་བོ་ཞིག་ཡིན་ཚུལ་རྗོད་བཞིན་ཡོད་པ་རེད།

ས་གནས་གསར་འགོད་པ། ཤེས་རབ་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༧ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དམངས་གཙོའི་འཕེལ་འགྲིབ་འདི་ལྟར་གླེང་ཚུལ་ནི་ཐབས་ལ་མཁས་ཤིང་དགེ་མཚན་ཆེ་བ་ཞིག་རེད། གུང་ཁྲན་ཏང་གིས་གོ་མིན་ཏང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་དང་བྱེད་ཀྱིན་པ་དེས། རྒྱ་ཆེའི་མི་དམངས་ལ་དོགས་འདྲོགས་གསར་བ་ཞིག་གམ་དྲན་གསོ་འཕར་མ་ཞིག་ཀྱང་བྱེད་འཇུག་གིན་ཡོད་པས། འདི་ཡང་རྐྱེན་ངན་གྲོགས་ཤར་དུ་ལེན་དགོས་པ་ཞིག་རེད། གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀྱི་དམངས་གཙོའི་ལེགས་བཅོས་ཀྱི་ལམ་ལུགས་བཟང་ངན་དེ་རྩོད་མི་དགོས་པར་དེང་སང་བཤམས་བཞག་ཡོད་པ་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་ནག་གོང་མ་མང་ཆེ་བ་བུག་བསུབ་དོག་དྲགས་ནས་རྒྱ་མོ་རྐང་རིལ་བཟོས་མཉམ་དུ་དུས་ཚོད་བསྐྱལ། གུང་ཕྲན་མ་འོ་ལ་སོགས་འཆལ་པོ་ཁོང་ཚོས་དུས་ད་ལྟའི་བར་ཁྲེལ་མེད་བྱས་ནས་དུས་ད་ལྟ་ཡང་རྒྱ་ནག་མང་གཙོ་ཆགས་མ་ཐུབ་པ་ནི། རྒྱ་གཞུང་ཙམ་མ་ཟད་རྒྱ་རིགས་བྱིང་རྣམས་ཀྱང་ངོ་ཚ་དགོས་པའི་གནས་ཤིག་མ་ཡིན་ནམ། རྒྱ་རིགས་གྲོགས་པོ་ཚོ།

    Reply
  3. བརྩོན་རྒྱམ། says:
    ལོ་ 15 སྔོན།

    རྒྱ་ནག་མི་མང་ལ་མང་གཙོ་གལ་ཆེན་ཡིན་པར་མ་ཟད་གྲངས་ཉུང་མི་རིགས་ལ་དེ་བས་གལ་ཆེན་རེད་འོན་ཀྱང་རྒྱ་ནག་སྒེར་གཅོད་སྲིད་དབང་འཇིག་མ་རྫོགས་པར་མང་གཙོ་ཟེར་པ་ཕ་རིས་སྤང་རྒྱན་རེད།

    Reply
  4. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    རྒྱ་ནག་གི་མི་མང་ལ་མང་གཙོའི་དགེ་ཕན་དང་གུང་ཁྲན་ངན་ཚུལ་ངོ་སྤྲོད་ཐུབ་པ་གལ་ཆེ་བར་སྣང

    Reply
  5. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ངོ་ནས་བྱས་ན་ད་བཟོད་རྒྱ་ནག་མང་གཙོ་ཅན་དུ་འགྱུར་ཟིན་དགོས་མོད. རྒྱ་ནག་འདི་དབང་ཆ་རེག་ན་ངོ་ཚ་མེད་འགྲོ་བའི་མི་གཤིས་ལད་པོ་ཅན་ཞིག་ཙང. ད་དུང་སྒེར་གཅོད་སྲིད་དབང་གི་ངོ་བོར་ལྷག་ཡོད་རེད. རྒྱ་མི་རིགས་ཀྱི་རང་བཞིན་ལ་སྒེར་ཁེ་གཙོ་གཉེར་ཐོག སྤྱི་ཕན་ཅན་རེ་ཟུང་དང་མི་དམངས་ཚོར་སྡུག་མནར་ཆེ་དྲག་པས. བག་ཁུམ་ཆེ་བའི་མི་རིགས་ཤིག་ཏུ་གྱརཟིན་པས་ཁེག་ཙམ་ཡོད་རུང. འགྱུར་བ་མི་འགྲོ་རང་འགྲོའི་ཚད་སླེབ་ཡོང་གི་ཡོད་པའདྲ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese