མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གི་ཆིབས་སྒྱུར།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ་དེ་རིང་ཞོགས་པར་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལི་དང་ཀ་ལི་ཀ་ཏ། ཧོན་སུར་རྒྱུད་སྨད་གྲྭ་ཚང་བཅས་ཀྱི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ་ཅེག་སྤྱི་མཐུན་རྒྱལ་ཁབ་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར། ཕྱི་ཚེས་ ༡༡ ནས་ ༡༢ ཉིན་བར་གྱི་ཉིན་གཉིས་རིང་༸གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་དུ་ ༼ཨེ་ཤ་ཡའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་།༽ ཞེས་པའི་བགྲོ་གླེང་ལྷན་ཚོགས་ཐོག་མཉམ་ཞུགས་དང་། དེར་ཡོད་མང་ཚོགས་ལ་ ༼དཀའ་ཚེགས་ཆེ་བའི་དུས་སྐབས་སུ་བདེ་སྐྱིད་འཚོལ་ཐབས།༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་རིམ་པར་བསྩལ་ཡོད་པ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལ་མཇལ་འཕྲད་ཀྱིས་བོད་དོན་སྐོར་ལ་བཀའ་བསྡུར་གནང་ཡོད་པ་དང་། མཐའ་མའི་ཉིན་གསར་འགོད་པའི་དྲི་བར་བཀའ་ལན་བཅས་གནང་སྟེ་འཛད་འཕྲིན་ལེགས་པར་གྲུབ་སྟེ། དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཡས་མས་སུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་ཚོགས་གཞོན་གཙོས། ལྷན་ཁང་ཁག་གི་བཀའ་བློན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། ས་གནས་མང་ཚོགས་བཅས་ཀྱི་ཕེབས་བསུའི་ཁྲོད་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད།  

ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༡ ཉིན་བར་གྱི་ཉིན་གསུམ་རིང་༸གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་གསོལ་འདེབས་གནང་བ་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་ ༼རྟོགས་བརྗོད་མདུན་ལེགས་མ༽ དང་དགེ་བཤེས་གླང་རིང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་ ༼བློ་སྦྱོང་ཚིག་བརྒྱད་མ༽། བདེ་མཆོག་གི་རྗེས་གནང་བཅས་ཀྱི་བཀའ་ཁྲིད་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སྐུ་ལ་ངལ་གསོ་བྲལ། གསུང་ལ་ངལ་གསོ་བྲལ། ཐུགས་ལ་ངལ་གསོ་བྲལ། ངལ་གསོ་མེད་པའི་མི་ཚེ་འདི། བདག་གི་བླ་མའི་མཛད་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན།

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 15 སྔོན།

    ༡མཁར་དམར་པོའི་དབུ་རྩེ་མཐོང་དུས་ན།། ངའི་སེམས་ཀྱི་རྒྱང་རིང་བླ་མ་དྲན།། མགོན་དྲན་ཐེངས་རེ་ལ་སྐྱོ་གདུང་རེ།། སེམས་སྐྱོ་གདུང་མནན་ཀྱང་མི་ནོན་གི།
    ༢དབུས་རྒྱ་ཕིབས་སེར་པོ་མཐོང་དུས་ན།། སྐུ་གསེར་མདོག་འཕྲོ་བའི་བླ་མ་དྲན།། རྗེ་བླ་མའི་གསེར་ཞལ་མཇལ་ན་བསམས།། སང་ད་ནངས་དོ་དགོང་མཇལ་ན་བསམས།།
    ༣གངས་རི་རྒྱལ་ལྷུན་པོ་མཐོང་དུས་ན།། ཐུགས་མཁྱེན་རྒྱ་ཡངས་པའི་བླ་མ་དྲན།། ངའི་བླ་མ་བྱང་ཆུབ་སེམས་དཔའ་དེ།། སྐུ་གཟི་འོད་ལམ་མེར་མཇལ་ན་བསམས།།
    འདི་ནི་གཞིས་བཞུགས་ན་གཞོན་རྡུང་ལེན་པ་ཚེ་རིང་དོན་གྲུབ་ཀྱིས་བླངས་པ་རེད། ཚིག་འབྲི་མཁན་གསེར་ལག་བློ་བཟང་ཡིན་པ་ཡོད།

    Reply
  3. ཟླ་བ་དབང་ཕྱུག says:
    ལོ་ 15 སྔོན།

    མི་ནུབ་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་རིས་འོད་ཕུང་མངོན་པར་བཞད།།
    ལེགས་གསུང་བདེན་པའི་ང་རོ་འབུམ་གྱིས་ས་ཆེན་ཁེངས་བའི་རླབས་དཀར་འཕྲོ།།
    རིགས་དྲུག་དད་པའི་འོད་ཞགས་རྩེ་རུ་དགའ་མགུ་མངར་མོའི་འགྱུར་བག་ཅན།།
    མགོན་པོ་ཁྱོད་ནི་སྲིད་པ་འདི་རུ་བྱོན་པའི་མཛད་འཕྲིན་བླ་ན་འགོངས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese