མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་དགོན་པའི་སྒོ་ཆེན་སྟེང་སྦྱར་རོགས།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྒྱལ་གཅེས་དཔའ་བོ་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཁ་ཆེམས་ཡི་གེ་ཞིག་བཞག་ཏེ་ཀ་རྨ་དགོན་པའི་སྒོ་ཆེན་སྟེང་སྤྱར་དགོས་པའི་རེ་སྐུལ་བྱས་འདུག  

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཁམས་ཆབ་མདོ་ཀརྨ་ཤང་དུ་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། འདས་གྲོངས་སུ་གྱུར་བའི་བོད་མི་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། སྐུ་ལུས་མེར་བསྲེགས་མ་བཏང་གོང་ཁ་ཆེམས་ཡི་གེ་བཞི་བཞག་ཡོད་པ་དང་།  ཁོང་གི་བཞག་པའི་ཁ་ཆེམས་ཡི་གེ་བཞིའི་ཡིག་ལྐོགས་གཅིག་གི་སྟེང་ཡི་གེ་དེ་དག་ཀརྨ་དགོན་པའི་སྒོ་ཆེན་སྟེང་སྦྱར་རོགས་ཞེས་རེ་སྐུལ་བྱས་ཡོད་པ་མ་ཟད། ཁ་ཆེམས་ཡི་གེ་དང་པོའི་ནང་། བོད་ཀྱི་ཁྱད་ཆོས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡང་དག་པའི་ལྟ་བ་མ་ནོར་བར་ལེགས་པར་འཛིན་སྐྱོང་བྱེད་པའི་ཀརྨ་དགོན་མཁན་བློ་གྲོས་རབ་གསལ་དང༌། རྣམ་སྲས་བསོད་ནམས། གྲྭ་བཙུན་ཐམས་ཅད་བཙོན་བཟུང་རྡུང་རྡེག་འདི་འདྲ་བཟོས་ན། ངེད་ཀརྨ་དགོན་མཁན་སློབ་འབྲེལ་ཡོད་ཐམས་ཅད་སྡུག་བསྔལ་གྱིས་ཤི་ན་དགའ་འདུག སྤུན་ཟླ་ཚོ། སེམས་མ་ཕམ། དཔའ་མ་ཞུམ་ཞེས་འཁོད་ཡོད་པ་དང་། ཁ་ཆེམས་ཡི་གེ་གཉིས་པའི་ནང་། བདག་གཞན་བརྗེ་བའི་ཆོས་གྲོགས་ཚོ། བསྟན་པ་འཛིན་པའི་མཁན་པོ་རྣམ་གཉིས་དང༌། གྲྭ་བཙུན་ཚོ་ལ་བསམ་མནོ་ཞིག་ཐོངས་དང། ཆོས་ལུགས་སྤེལ་མི་ཆོག་པའི་དབང་བསྡུས་ལ་ཡིད་ཆེས་འདུག་ལགས་སམ། ཞེས་བཀོད་འདུག

ཡང་ཁ་ཆེམས་ཡི་གེ་གསུམ་པའི་ནང་། ཀརྨ་དགོན་ཆོས་གྲོགས་ཚོ། བསླབ་གསུམ་གྱི་མཁན་པོ་དང་གྲྭ་བཙུན་དེ་ཚོ་ལ་བསམ་ན་བསྡད་ན་ཅི་ཕན། ཡར་ལ་ལོངས་ཤོག རྙེད་བཀུར་ཆོས་བརྒྱད་གྲགས་པའི་རོ་རྣམས་ལ།། རི་དྭགས་དགྲ་ལ་འཇིགས་བཞིན་རབ་ཏུ་འབྲོས།། མནོག་ཆུང་ཚེ་འདིས་བསླུ་བ་མ་ནུས་པའི།། སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས།། ཞེས་དང་། ཁ་ཆེམས་ཡི་གེ་བཞི་པའི་ནང་། བོད་ཁམས་སྤྱི་དང་ད་ལོ་ཀརྨ་དགོན་པའི་སྡུག་བསྔལ་འདི་བསམ་ཚེ་བདག་འཇིག་རྟེན་འདིར་བསྡད་ན་ཚེ་འགྲོ་ཐབས་མི་འདུག་ཅེས་བཀོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

སྐར་མ ༢ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧

མཆན། 10

  1. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ཨ་ཁ་ཁ། ཁྱོད་ཀྱི་ཕ་མ་རྒན་རྒོན་གཉིས་ལ་བླ་མའི་བྱིན་རླབས་ལས་ལྷག་པའི་ཕལ་ཆེར་རྣམ་སྨིན་གྱིས་དུག་མདའ་ཞིག་འཕོག་པ་ཡིན་སྲིད་བརྟག་དཔྱད་ཡག་པོ་ཞིག་གྱིས་དང་། བདེ་བ་ཅན་དུ་སྐྱེ་བར་ཤོག སྐྱེ་ནས་བུས་དུག་མདའ་ཞི་བར་ཤོག

    Reply
  2. དུག་མདའ། says:
    ལོ་ 14 སྔོན།

    ཨོ་རེད་འགྱུར་མེད་བསྟན་འཛིན། ཨ་མའི་བུ། ལོ་འགའི་སྔོན་ངའི་ཕ་མ་གཉིས་རྒྱ་གར་ལ་ཡོང་ནས་ལོ་བཅུའི་རིང་ངས་ཀྱང་ཕྱག་འཚལ་མ་མྱོང་བའི་བན་དེ་བརྗིད་ཉམས་ཅན་པོ་དེ་མཇལ་སོང་བ་མ་ཟད་ནང་མི་ལོང་པ་གང་བོ་སྐྱབས་འཇུག་ཀྱང་ཞུས་སོང་། དེས་ཀྱང་ཐུགས་ལ་འཛིན་པའི་ཉམས་བསྟན་སོང་། ད་ལོ་ངའི་ཕ་མ་གཉིས་ཀྱི་སྙིང་ལྟ་བའི་ཚ་མོ་དེ་མགོན་དང་སྐྱབས་བྱེད་མཁན་གང་ཡང་མེད་པར་ཚེ་ལས་འདས་སོང་། ད་ཡིན་ན་ང་གཉིས་ཀས་ཀརྨ་པ་ཐང་ལ་འཕེན་ནོ།། སྟབས་ཡག་ན་ཕྱོགས་གཞན་ཞིག་བྱ་དགའ་འགའ་ཡང་རེག་སྲིད་ལ། མ་མཐའ་ཡང་རང་ཉིད་ཀྱི་ཁོག་ཏུ་མནན་པའི་མ་དགའ་བ་དེ་མི་ཡིས་ངོས་ཟིན་གྱི་རེད་པ། 

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    རང་རེའི་དྲ་གྲོགས་འགས་ཀརྨ་པར་མཚན་སྨད་སྣ་ཚོགས་ཞུ་བཞིན་འདུག ཀརྨ་པས་བོད་མིའི་ཚེ་སྲོག་ཤོར་བར་ཐུགས་ཀྱིས་མ་བཟོད་དེ། ཁོང་གིས་འབོད་སྐུལ་ཞུས་པ་ལྟར་རང་ལུས་ཞུ་འབུལ་མཚམས་འཇོག་མ་བྱེད་ན། ཁོང་གི་བཀའ་ལ་མ་བརྩི་བ་རེད་དམ།  གོང་ས་མཆོག་གིས་རང་བཙན་གྱི་ལྟ་བ་དོར་ཏེ་དབུ་མའི་ལམ་འདེམ་ཡོད་ཀྱང་། གཞོན་ནུ་ཚོགས་པ་དང་། ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་བ་རྣམས་གཙོས། རང་བཙན་གྱི་འབོད་སྒྲ་སྒྲོག་མཁན་ཡོངས། གོ་ས་མཆོག་ལ་རྒྱབ་གཏོད་མཁན་རེད་དམ། གལ་སྲིད་ཡིན་ན་ཁོང་ཚོས་རྒྱ་བ་རིན་པོ་ཆེ་ལ་བོད་ལ་གདན་འདྲེན་དགོས་ཞེས་པའི་འབོད་སྒྲ་གྲགས་དོན་ཅི་རེད། ཐལ་རང་གཉིས་བཞིན་སྒྲུབ་བྱེད་ཕྲན་བུ་རེ་མ་མཚུངས་རུང་མཐར་ཐུག་གི་ཐུབ་བྱ་འམ་སྒྲུབ་བྱ་དེ། རང་དབང་ཡིན་པ་གཅིག་མཚུངས་ཡིན། མ་ཟད་ཁྱེད་ཀྱིས་ཀརྨ་པས་རང་ལུས་མེ་སྲེག་མི་བྱེད་པའི་འབོད་བསྐུལ་གྱིས་གྲུབ་འབྲས་སྣེ་གཅིག་ཐོན་མ་སོང་ཟེར། གྲུབ་འབྲས་མ་ཐོན་པའི་ཁྱེད་ལ་དཔང་པོ་དང་སྒྲུབ་བྱེད་ག་རེ་ཡོད། གལ་སྲིད་ཁྱེད་ཀྱིས་དཔང་པོར། རོང་ཚ་བསྟན་འཛིན་འཇོག་ན། ཀརྨ་པས་འབོད་བསྐུལ་རྗེས་ནས་ད་བར། སྐུ་ལུས་མཆོད་འབུལ་བྱེད་མཁན་ཁོང་ལས་མེད་པ་ཁྱེད་ལ་གནས་ལུག་ཅི་ཞིག་བསྒྲང་རྒྱུ་ཡོད། ཀརྨ་པར་ལ་འཇོན་ཐང་མེད་པའམ། ཡང་ན་འཁོར་གཡོག་གིས་སླུ་བྲིད་བྱེད་ཀྱིན་ཡོད་པའི་རྒྱུ་མཚན་ཁུངས་ལུང་གང་ཡང་མེད་པའི་འུར་སྒྲོག་གི་གཏམ་མཚམས་འཇོག་བྱེད་ན་བཟང་། 
     ཁོང་བླ་སྤྲུལ་ཞིག་དང་ཆོས་ལུགས་ཤིག་གི་དབུ་ཁྲིད་ཡིན་པའི་ཆ་ནས་། ཁོང་ལ་དགག་སྐྱོན་འདོགས་བྱེད་མི་རུང་བརྗོད་ཀྱི་མེད། དྲག་ཞན་སུ་ཞིག་ལ་སྐྱོན་བརྗོད་བྱེད་སྐབས་རྒྱུ་མཚན་དང་ཁུངས་ལུང་དགོས། དེ་མིན། གནས་ལུགས་ཕྲ་མོ་བཙལ་བའི་བློ་མིག་དང་བྲལ་བའི་དབང་རྟུལ་སྨྲ་སྒོ་བསྡམས་ན་མཛེས་སོ།

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ཀརྨ་པ་ལ་ཁྱོད་དང་ང་བཞིན་དངུལ་ལ་དུང་ཞེན་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་པ་ལས། དེ་ལྟ་བུའི་དུང་ཞེན་ཆེ་ན་ཉར་བའི་ཐབས་ཤེས་ཡང་ཅིའི་ཕྱིར་མི་ཤེས་ཏེ་དངུལ་ཡོད་མཁན་གྱི་མི་གཞན་པ་རྣམས་དང་གཅིག་མཚུངས་སུ་ལྡན་ནོ། འགྱུར་བསྟན་ཁྱོད་དང་ང་གཉིས་ཀརྨ་པའི་འཁོར་དུ་མ་སྐྱེས་མ་གཏོགས་གལ་སྲིད་སྐྱེ་ཡོད་ན་དཀོར་ཟ་མཁན་གཙོ་བོ་ཞིག་ཏུ་འགྱུར་རེ་སྐན། ཧ་ཧ།

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཧེ་་ཧེ་ཧེ་་་འབྲོང་བུ་སོག་ཚ་་་་ཀརྨ་པ་ལ་མངོན་ཤེས་ཡོད་ན་དངུལ་འབུམ་ཕྲག་མང་པོ་
    ཤོར་འགྲོ་བ་གང་བྱས་ནས་མ་ཤེས་པ་རེད་་་་་
    ཧེ་ཧེ་ཧེ་་་དམངས་ཁྲོད་ཀྱི་གནའ་གཏམ་ལ་ཀརྨ་པ་ལ་རྐུ་མ་བརྒྱ་ཡིས་སྐོར་ཟེར་བ་གོ་ལོས་མྱོང་་་་

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “ཡར་ལ་ལོངས་ཤོག རྙེད་བཀུར་ཆོས་བརྒྱད་གྲགས་པའི་རོ་རྣམས་ལ།། རི་དྭགས་དགྲ་ལ་འཇིགས་བཞིན་རབ་ཏུ་འབྲོས།། མནོག་ཆུང་ཚེ་འདིས་བསླུ་བ་མ་ནུས་པའི།། སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས།།”
    “བོད་ཁམས་སྤྱི་དང་ད་ལོ་ཀརྨ་དགོན་པའི་སྡུག་བསྔལ་འདི་བསམ་ཚེ་བདག་འཇིག་རྟེན་འདིར་བསྡད་ན་ཚེ་འགྲོ་ཐབས་མི་འདུག”

    འོས་དང་མི་འོས་དྲག་རྩུབ་ཅིར་སྣང་ཡང། །
    རྣམ་དག་སེམས་དང་སྤོབས་པ་འདི་འདྲ་ཡིས། །
    ཐར་བའི་ཐེམ་སྐས་འཛེགས་ལ་སོམ་ཉི་ཅི། །

    Reply
  7. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    འགྱུར་བསྟན་ལགས། ངས་བལྟས་ན་ཀརྨ་པའི་དགོངས་ཕྱོགས་དེ་ནོར་བ་མིན་པར་ཁྱེད་རང་གི་བསམ་ཚུལ་དེ་ནོར་བ་ཞིག་མཐོང་གི། ཀརྨ་པ་དགུང་ལོ་ཆུང་ཡང་གཞན་སེམས་ཤེས་པའི་ཐུགས་རྒྱུད་ལྡན་པས་བླ་མ་དག་གི་སྐྱེས་སྤྲུལ་རྣམས་སྒྲིབ་མེད་ཡེ་ཤེས་ཀྱིས་མཁྱེན་པའི་དེ་ལ་མ་འོངས་པར་གཟིགས་པར་ནོར་འཁྲུལ་འདུག་ཞེས་བརྗོད་ན་ཟེར་མཁན་ཁོ་རང་གི་མདོག་ཕྱིར་བསྟེན་པ་ཞིག་ལས་མ་འདས། བསམ་བཞིན་སྐྱེ་བ་བཞེས་པའི་སྐྱེ་སྤྲུལ་དེ་རྣམས་ནི་སེམས་ཅན་གཅིག་ལ་གནོད་པའི་ལས་ལྟ་ཅིག་བསམ་བློ་ཡང་མི་ཕྱོགས་པས་རྒྱུ་མཚན་ལ་བརྟེན་ནས་བོད་བསྟན་སྲིད་ཀྱི་དོན་དུ་ཤིན་ཏུ་གཅེས་པའི་རང་སྲོག་མི་གཅོད་པར་དེ་ལས་གཞན་པའི་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་དགོས་པའི་སྐུལ་མ་གནང་ནའང་ཉེན་པ་པོ་རང་ཉིད་ནས་ཇི་མི་སྙམ་པར་སྲོག་དང་བསྡོས་ཀྱང་བྱས་ན་ཅི་བྱེད། དཔེར་ན་སྟོན་པས། སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། ཞེས་གསུངས་ཡོད་ནའང་རང་རེ་རྗེས་འཇུག་ཚོས་བླ་ལྷ་ཁག་ལ་སྐུར་འདེབས་སོགས་ཀྱི་སྡིག་པ་མུ་མཐུད་སོག་བཞིན་འདུག་པས་བདག་བཅག་གི་སྟོན་པ་ཡང་ངོ་གནོང་དགོས་པ་ཞིག་ཡིན་ན་?

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཀརྨ་དགོན་གྱི་གྲྭ་བསྟན་ཕུན་ལགས་ཀྱི་སྐུ་ལུས་མེ་མཆོད་སྒྲོན་པར་སྙིང་ནས་མྱ་ངན་དང་གུས་འདུད་ཞུ། །

    Reply
  9. གྲྭ་རྐྱང་། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་བོད་མིའི་བདེ་སྡུག་གི་ཆེད་དུ་གཅེས་པའི་ལུས་སྲོག་ཕངས་མེད་དུ་བཏང་བ་འདི་དུས་ནམ་ཡང་ང་ཚོའི་སྙིང་ལ་བརྗེད་དཀའ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་བཞེངས་ཡོད་པས། ཤ་ཁྲག་རིགས་རུས་གཅིག་པའི་སྤུན་ཟླ་ཚོ། ཁྱེད་ཅག་གིས་འདི་གང་གི་ཆེད་དུ་ཡིན་པ་མ་བརྗེད་པའི་ཐོག་ནས་ལས་འགུལ་འདིའི་གྲུབ་འབྲས་མངོན་དུ་གྱུར་ཐུབ་པའི་ཤུགས་རྒྱག་རོགས།

    Reply
  10. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཀརྨ་པ་དགོང་ལོ་ཆུང་སྐྱོན་ཡིན་ནམ་འཇོན་ཐང་མེད་པ་ཡིན་ནམ་ཡང་ན་ཞབས་ཞུ་ཚོས་ལོག་ལམ་དུ་ཁྲིད་སོང་བ་གང་ཡིན་ཡང་ལས་ཀ་གང་བྱས་ཀྱང་ནོར་བ་ཞིག་མ་གཏོགས་བྱ་གི་མི་འབོད་བསྐུལ་མ་དགོས་ས་ལ་རང་ལུས་མེར་བསྲེགས་མི་ཉན་ཟེར་ནས་འབོད་བསྐུལ་བྱས་སོང་གྲུབ་འབྲས་སྣེ་གཅིག་མ་ཐོན་པར་ཀརྨ་དགོན་གྱི་གྲྭ་ལོག་གིས་རང་ལུས་མེར་བསྲེགས་སོང་་་་དེ་ངོ་ཚ་བོ་འདྲ་ཞིག་ཆགས་སོང་་་་་་་དཔའ་བོ་དེས་སྙིང་སྟོབས་ལ་ཡིད་རངས་ཞུ་་་་་་་་་འོན་ཀྱང་ཀརྨ་པས་ཕྱག་ལས་གཟབ་གཟབ་མ་བྱས་ན་ཉེན་ཁ་ཆེ་བའི་ས་མཚམས་ལ་བསླེབས་འདུག་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese