མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིས་སྟོང་བརྒྱད་ནས་ད་བར་རི་འཁྱམ་ལུང་ཉུལ་བྱས་བསྡད་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་ཀན་ལྷོ་ཅོ་ནེ་རྫོང་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་གྲྭ་སྐལ་བཟང་ཆོས་གྲགས་ལགས་རྒྱ་ནག་འཛིན་བཟུང་གི་བཀའ་རྒྱའི་འོག འདས་པའི་ལོ་ངོ་ ༣ ལྷག་གི་རིང་སི་ཁྲོན་དང་ཆབ་མདོ། ལྷ་ས་བཅས་ས་གནས་རིམ་པའི་ནང་ཉེན་ཡོལ་བྱས་མཐར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་འདུག ཟླ་འདིའི་ཕྱི་ཚེས་ ༣ ཉིན་འདི་གའི་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་ཏེ། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་མདོ་སྨད་ཅོ་ནེ་ཕྱོགས་ནས་ཡར་ལངས་རྒྱག་སྟངས་དང་། ཞི་རྒོལ་རྗེས་ཁོ་རང་ཉེན་ཡོལ་དུ་ཕྱིན་ཏེ་དཀའ་སྡུག་གི་འཚོ་བ་བསྐྱལ་བའི་སྐོར་རྒྱུས་ལོན་བྱས་ཡོད། 

གྲྭ་སྐལ་བཟང་ཆོས་གྲགས་ལགས་ཀྱིས་བརྗོད་པ་ལྟར་ན། ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཡས་མས་སུ་ཅོ་ནེ་རྫོང་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་གྲྭ་བ་ ༥༠༠ ལྷག་དང་ས་གནས་བོད་མི་བཅས་ཀྱིས་དགོན་པའི་ནང་བསང་གསོལ་བཏང་རྗེས། ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ངག་ནས་“ ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཀློད་གྲོལ་གཏོང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། དགོན་པའི་རང་ས་རང་དབང་དགོས། ” ཞེས་འབོད་ཚིག་སྒྲོག་བཞིན་མདོ་ཁོག་ཞང་མི་མང་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས། ནགས་ལས་ཁང་བཅས་ཀྱི་སྒོ་ཁར་སྐོར་སྐྱོད་ཀྱིས་སྐད་འབོད་བྱས་ཤིང་། དེ་གའི་སློབ་ཆུང་སྒོ་རའི་ནང་གི་རྒྱ་ནག་གི་རྒྱལ་དར་ཕབ་སྟེ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པ་མ་ཟད། ཉེན་རྟོག་ལས་ཁུངས་ཀྱི་སྒོ་དང་སྒེའུ་ཁུང་བཅག་ཅིང་རླངས་འཁོར་མེར་བསྲེགས་བཏང་སྟེ། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ པའི་བར་ངོ་རྒོལ་བྱས་ཡོད་འདུག ཕྱི་དྲོར་རྒྱ་དམག་སྟོང་ཕྲག་གཅིག་ལྷག་འབྱོར་ཏེ་དགོན་པ་མཐའ་སྐོར་ཞིང་། ཀན་ལྷོ་ཁུལ་དང་ཅོ་ནེ་རྫོང་ཉེན་རྟོག་པ་དང་བདེ་འཇགས་མི་སྣས་གྲྭ་དམངས་ཚོས་མགོ་སྒུར་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་། དགོན་པའི་དགེ་འདུན་པ་ཚོས་མགོ་བསྒུར་འདོད་མ་བྱས་སྟབས་ཉིན་དེར་གྲྭ་བ་ ༣༠༠ དང་མི་སྐྱ་ཁ་ཤས་བཅས་འཛིན་བཟུང་བྱས་ཤིང་། བཀྲ་ཤིས་ཆོས་འཁོར་གླེང་དགོན་པ་བདུན་ཕྲག་གཉིས་རིང་སྒོ་བརྒྱབ་ཡོད་འདུག

གྲྭ་སྐལ་བཟང་ཆོས་གྲགས་ལགས་ཀྱིས་བརྗོད་དོན། “ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༨ ཉིན་གྱི་ཕྱི་དྲོར་རྒྱ་དམག་སྟོང་ཕྲག་ལྷག་གིས་དགོན་པའི་མཐའ་བསྐོར་བ་དང་། ཉེན་རྟོག་པ་དང་སྲིད་གཞུང་གི་ལས་བྱེད་མང་པོ་ཞིག་དགོན་པའི་ནང་ཡོང་སྟེ་ཛ་དྲག་གི་ཚོགས་འདུ་སྐོང་སོང་། ཚོགས་འདུའི་ཐོག་ང་དང་གྲྭ་བ་གཞན་གསུམ་ལས་འགུལ་སྣེ་འཁྲིད་པ་དང་རྒྱལ་དར་སྒྲེང་མཁན་ཡིན་པའི་མིང་འདོན་བྱས་འདུག ང་ཚོས་མགོ་བཏགས་བྱས་ཀྱང་རྗེས་སུ་ཉེས་ཆད་ལྕི་མོ་ཡོད་པ་བཤད་མ་དགོས་པ་ཡིན་སྟབས། ངེད་ཅག་གྲྭ་བ་ ༤ དགོན་པའི་རྒྱབ་རིའི་ནགས་གསེབ་བརྒྱུད་རི་བྱོལ་དུ་ཕྱིན་པ་ཡིན། ཉིན་ ༡༥ ཙམ་ལ་དགོན་པ་དང་བར་ཐག་རིང་བའི་རི་ཁུག་ཅིག་ཏུ་བསྡད་པ་ཡིན། ཉིན་ཞིག་ང་ཚོའི་རྩམ་པ་ཚར་སོང་བས། ངའི་རོགས་པ་བསྟན་འཛིན་རྒྱ་མཚོ་ཆེ་ཆུང་གཉིས་གསང་སྟབས་ཀྱིས་ཡུལ་ལ་རྩམ་པ་ལེན་དུ་ཕྱིན་སྐབས། བསྟན་འཛིན་རྒྱ་མཚོ་ཆེ་བའི་སྤུན་མཆེད་ཀྱི་བུ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག སྐབས་དེར་སྤུན་མཆེད་ཀྱིས་ཀྱང་རྒྱ་ནག་གི་ལག་འོག་ནས་བྲོས་ཀྱང་མཐར་ཐབས་མེད་པ་དང་། མི་གཅིག་གི་ཆེད་དུ་མི་གཉིས་ལ་ཁྲིམས་ཆད་ཕོག་ན་ཡག་པོ་མེད་ཚུལ་བཤད་འདུག་ལ། ཁོང་གཉིས་མགོ་བཏགས་པ་ཡིན་ན། དགོན་པའི་བླ་མ་ཞིག་གིས་རོགས་རམ་འོག་སྒོར་མོའི་ཆད་པ་ལས་བཙོན་འཇུག་ཁྲིམས་ཆད་མི་གཅོད་པའི་སྐོར་སོགས་བཤད་འདུག ཁོང་གཉིས་ཚུར་ཡོང་ནས་ང་ཚོར་གནས་ཚུལ་དེ་དག་བཤད་རྗེས་རྒྱ་གཞུང་ལ་མགོ་འདོག་ཞུ་རུ་ཕྱིན་སོང” ཞེས་ངོ་སྤྲོད་གནང་བྱུང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། “ ཕྱིས་སུ་རྒྱ་ནག་གཞུང་གིས་མི་སུ་ཞིག་གིས་ང་དང་སྐལ་བཟང་ཕྱོགས་གླང་གཉིས་རྩིས་སྤྲོད་བྱས་ན་རྒྱ་སྒོར་ཁྲི་ ༡ སྤྲོད་རྒྱུའི་གསལ་བསྒྲགས་བཀྲམས་འདུག དེ་ནས་ངེད་གཉིས་རི་སྒང་དང་གྲོག་རོང་། ནགས་ཚལ་སོགས་སུ་ཟླ་ ༥ ཙམ་ལ་ཡིབ་སྡོད་བྱས་པ་ཡིན་ལ། ཉིན་ཞིག་ལྟོ་སློང་དུ་ཕྱིན་ཏེ་ངེད་གཉིས་ཁ་འཐོར་སོང་། དེ་ནི་ཀན་སུའུ་དང་སི་ཁྲོན་གྱི་ས་མཚམས་ཤིག་རེད། དེ་ནས་ང་རང་གཅིག་པུ་སི་ཁྲོན་མཛོ་དགེ་དང་ཁྲོ་ཆུ་བཅས་འབྲོག་ཁུལ་དུ་སློང་མོ་རྒྱག་བཞིན་ ༢༠༡༠ ལོར་དཀར་མཛེས་བྲག་མགོ་འབྲོག་ཁུལ་དུ་འབྱོར་སོང་། དེ་གའི་ཁྱིམ་ཚང་ཞིག་ནས་ང་རང་གིས་ཉིན་རེར་རྒྱ་སྒོར་ ༡༠ ཡི་གླ་བྱས་ཏེ་ཟླ་ཁ་ཤས་བསྡད་པ་ཡིན། དེའི་རྗེས་ཆབ་མདོ་དང་ཀོང་པོ་སོགས་བརྒྱུད་དེ་སློང་མོ་བྱེད་བཞིན་ལྷ་སར་བསླེབས་སོང་། ལྷ་ས་ནས་ཐབས་ཤེས་འདྲ་མིན་བྱས་ཏེ་ལམ་འཁྲིད་པ་ཞིག་ལ་རྒྱ་སྒོར་ ༢༥༠༠༠ སྤྲད་དེ་གོམ་པ་བརྒྱབ་ནས་རྒྱ་གར་ལ་ཡོང་བ་ཡིན” ཅེས་དང་། ཁོང་གིས་མུ་མཐུད་དུ། “ ཕྱིས་སུ་ང་རང་ལྷ་སར་ཐོན་སྟེ་ཕྱིར་གྲོགས་པོ་ཞིག་ལ་འབྲེལ་བ་བྱས་སྐབས་བསྟན་འཛིན་རྒྱ་མཚོ་ཆེ་ཆུང་གཉིས་ལ་ཁྲིམས་ཐག་བཅད་ཡོད་པ་ལས། སྐལ་བཟང་ཕྱོགས་གླང་གར་ཡོད་ཤེས་མ་སོང་ལ། ངའི་ནང་མི་ཚོར་འཇིགས་སྐུལ་བྱས་ཏེ། ངེད་གཉིས་རྩིས་སྤྲོད་བྱེད་དགོས་ཚུལ་བརྗོད་ཡོད་པ་མ་ཟད། གལ་སྲིད། ངེས་གཉིས་རྩིས་སྤྲོད་མ་བྱས་ཚེ་ངའི་སྤུན་མཆེད་ལས་ཁུངས་ནས་གནས་དབྱུང་གཏོང་རྒྱུ་ཡིན་ཚུལ་ཡང་བརྗོད་འདུག ད་ཆར་ང་ཡོང་སའི་དགོན་པའི་ནང་གཏན་འཇགས་གྲྭ་བ་ ༣༠༠ ལས་ལྷག་བསྡད་མི་ཆོག་པའི་བཀའ་རྒྱ་བཏང་འདུག” ཅེས་བརྗོད་བྱུང་།

 

གསར་འགོད་པ། དོན་གོ

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    གྲྭ་བསྐལ་བཟང་ལགས། ཁྱེད་དང་ཁྱེད་ཀྱི་སྡེ་དགོན་གཉིས་ནས་ལུས་སྲོག་འབེན་དུ་བཙུགས། དཀའ་བ་དང་དུ་བླངས་ཏེ་བསྟན་སྲིད་ཀྱི་ཞབས་འདེགས་སྒྲུབ་པར་རྗེས་སུ་ཡི་རང་ཞུ་བ་དང་ཆབས་གཅིག རི་ལུང་མང་པོ་བརྒལ་བའི་མཐར། སྐུ་ཉིད་དེར་སླེབས་ཙམ་བྱུང་བ་རེད། རིང་དུ་ཡིད་ལ་བཅངས་པའི་གོང་ས་མཆོག་མཇལ་འདོད་ཀྱི་འདུན་པའི་དད་པ་དེ་དངོས་སུ་སྐལ་བཟང་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་རེད། ཡིན་ཡང་། གུས་པས་ཞུ་འོས་མ་མཆིས་ཀྱང་། རང་དབང་ལུང་པ་ནས་ད་དུང་ཡང་ཧུར་ཐག་གནང་གལ་ཆེ། གལ་སྟེ་གནས་སྟངས་གཞན་གྱི་དབང་གིས་ལས་འགུལ་སོགས་རྒྱ་ཆེར་སྤེལ་མ་ཐུབ་ནའང་། རྡ་སའི་ཕྱོགས་ལྷུང་གི་ནད་ཡམས་ཀྱིས་མ་གོས་པར་རང་ཚུགས་ངང་བསྡད་ཐུབ་ན་བསྟན་སྲིད་ལ་ཕན་ངེས། ཐུགས་རྗེ་ཆེ།
    བདག་གིས་མགོ་བོ་དུད་དེ་ལྷག་བསམ་ཅན་གྱི་དཔའ་བོ་ཁྱེད་དང་ཁྱེད་འདྲ་རྣམས་ལ་གུས་འདུད་ཞུའོ།།

    Reply
  2. ནད་པ says:
    ལོ་ 14 སྔོན།

    བོད་ནས་གསར་དུ་འབྱོར་བའི་སྐབས་སུ་ཚང་མས་སེམས་ཤུགས་ཀྱི་ཁེངས་ནས་རྡ་སར་རེ་བ་འདྲ་བོ་བཅོལ་ཏེ་བོང་བུའི་རྣ་ཆོག་ལྟར་ཡར་ཀྲོང་ངེར་བསླངས་ཏེ་རྫི་གསང་དོད་པོ་ཡོད་པ་རེད།

    དེ་ནས་ལོ་གཅིག་གཉིས་སོང་རྗེས་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་བབ་དང་། སྐུ་ངོ་ཚོའི་གནས་བབ། རྒྱལ་སྤྱིའི་གནས་བབ་དང་མཐོང་ཚུལ་བཅས་ཀྱིས་འོག་སེམས་ཤུགས་ཀྱིས་ཁེངས་པའི་བོད་མི་དེ་ཚོའི་བོང་བུའི་ཨམ་ཅོག་ཡར་བསླངས་བ་དེ་རིམ་བཞིན་མར་ཨམ་ཅོག་ལྷུག་ལྷུག་ཆགས་ནས་སེམས་ཤུགས་དང་ངར་ཤུགས་ཡོངས་སུ་མར་ཆགས་འགྲོ་བ་རེད།

    ད་དུང་སྡུག་ཉེས་ན་འགའ་ཤས་ཤིག་༸ གོང་ས་མཆོག་ལའང་མཚན་སྨད་དང་བཀུར་འདེབས། ཟུར་ཟའི་གཏམ་བརྗོད་པའི་ཚད་གཞིའི་སྟེང་དུ་སླེབས་ཡོང་རེད།

    གང་ལྟར་ནའང་རྡ་ས་དང་པི་ཅིང་གཉིས་ཀྱི་བར་ནས་བོད་མི་མགོ་ཚོས་ལ་མ་ཚོས་པའི་མི་མང་པོ་ཞིག་ཆུད་བཟོས་སུ་འགྲོ་བཞིན་ཡོད།

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    སྔ་ལོ་ཞིག་ལ་བླབྲང་གི་གྲྭ་བ་བཞི་ཡིན་པ་ཡོད དེ་ཚོ་རྒྱ་གར་ལ་སླེབ་དུས་ཀྱང་རྒྱ་བསྒྲག་སྟོང་བསྒྲག་འདྲ་བྱས་སོང བྱེད་སྟངས་དེ་ཕུག་ལ་གནོད་པར་སེམས སོ་སོ་ཇི་ལྟར་ཐར་མིན་བདེ་སྲུང་ལ་མ གཏོག་མ་གསུང་ན་ལེགས་སྙམ གཞན་བོད་ནང་དུ་སྡུག་པོ་གཏོང་བ་གང་ཤེས་གསུང སྐད་འབོད་ཅི་བྱས་གསུང. མགོ་བ་འམ་ཤུགས་རྐྱེན་ཆེ་ཤོས་གཞིས་ལུས་ཚོ་མ་བཤད་ན་ལེགས
    མདོར་ན་དེང་ཐོག་བདེ་སྲུང་ལ་ཆ་ཚང་བཤད་པ་ལས་གསར་འགོད་པ་ཚོར་གང་ཡང་མ་གསུང་ན་དགེའོ རང་གིས་ནང་རང་གི་གནས་ཚུལ་བཤད་ལམ་མ་རྙེད་ན. རང་རྒྱ་གར་ལ་བདེ་འབྱོར་བྱུ་བ་ཙམ་བཤད་ན་མི་འགྲིག་པ་མེད་དོ།།
    མ་གཞི་ནས་འདི་གར་འབྱོར་ཟིན་ཚེ་གསར་འགོད་པ་ཚོས་ཀྱང་ཞེ་བོ་གསར་འགྱུར་ཅིག་རེག་འདོག་འདོག་མ་གནང་ན་བཟང་གི་རེད གཞན་གྱི་བདེ་འཇགས་ཐད་ནུས་མེད་པ་ཀུན་གསལ་རེད

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གནས་སྐབས་ཀྱི་འཇིགས་པ་ལས་ཐར་བ་ལས་ཡག་གི བདག་གིས་ནི་མུ་མཐུད་དེ་བྱས་རྗེས་འཇོག་རོགས་ཞེས་ཞུ་སྤོབས་མ་མཆིས། ཁྱེད་ཅག་ལ་བཀའ་དྲིན་ཆེ་རང་ཞུ། རང་གི་མི་ཚེ་གང་ཡག་གང་སྐྱིད་ཅིག་ཡོང་བའི་རེ་བ་ཡོད།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དཔའ་བོ་ཁྱེད་བདེ་ཐང་ངང་རང་དབང་ལྡན་པའི་རྒྱལ་ཁབ་ནང་བྱོན་པར་ལེགས། མ་འོངས་པར་གཙོ་བོར་སྐུ་གཟུགས་ལ་འཕྲོས་བཞེས་གང་ལེགས་དང་། ཤེས་ཡོན་ལ་སྦྱང་བརྩོན་གྱིས་བོད་བསྟན་སྲིད་ཀྱི་ཞབས་ཞུ་རྣམ་དག་ཞིག་ཡོང་བའི་སྨོན་ལམ་ཤར་མར་བྱེད། ཁ་གྲོ

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་ཅོ་ནེ་རྫོང་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་གྲྭ་བ་ ༥༠༠ ལྷག་དང་ས་གནས་བོད་མི་བཅས་ཀྱིས་དགོན་པའི་ནང་བསང་གསོལ་བཏང་རྗེས། ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ངག་ནས་“ ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཀློད་གྲོལ་གཏོང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། དགོན་པའི་རང་ས་རང་དབང་དགོས། ” ཞེས་འབོད་ཚིག་སྒྲོག་བཞིན་མདོ་ཁོག་ཞང་མི་མང་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས། ནགས་ལས་ཁང་བཅས་ཀྱི་སྒོ་ཁར་སྐོར་སྐྱོད་ཀྱིས་སྐད་འབོད་བྱས་ཤིང་། དེ་གའི་སློབ་ཆུང་སྒོ་རའི་ནང་གི་རྒྱ་ནག་གི་རྒྱལ་དར་ཕབ་སྟེ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པ་མ་ཟད། ཉེན་རྟོག་ལས་ཁུངས་ཀྱི་སྒོ་དང་སྒེའུ་ཁུང་བཅག་ཅིང་རླངས་འཁོར་མེར་བསྲེགས་བཏང་སྟེ། ་་་་

    Reply
  7. དམག་ལོག་ says:
    ལོ་ 14 སྔོན།

    ཁྱེད་རང་རྒྱ་ལག་ཏུ་མ་ཤོར་ཡག་པོ་རེད། ད་ནས་རྒྱ་གཞུང་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་སྤལ་ཐུབ་པའི་རེ་བ་ཡོད། ཨ་མའི་བུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese