མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དྲ་རྒྱའི་གསང་མྱུལ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཨ་རིའི་བདེ་སྲུང་ཚན་པས་རྒྱ་ནག་གི་དྲ་རྒྱའི་གསང་མྱུལ་ཚོགས་པ་ ༢༠ གནས་གཞི་རྩད་གཅོད་བྱུང་ཡོད་པ་དང་། དེའི་ཁྲོད་དྲ་རྒྱའི་གསང་མྱུལ་ཚོགས་པ་ ༡༢ ནི་རྒྱ་ནག་དམག་ཁུལ་དང་འབྲེལ་བ་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་ཨ་རིའི་སྲང་ལམ་གསར་ཤོག་གིས་གནས་ཚུལ་སྤེལ་ཏེ། ཨ་རིའི་བདེ་སྲུང་ཉམས་ཞིབ་མི་སྣས་དྲ་ལམ་བརྒྱུད་ཨ་རིའི་ནང་གསང་ཉུལ་བྱེད་མཁན་རྒྱ་ནག་གི་དྲ་རྒྱའི་གསང་མྱུལ་ཚོགས་པ་ ༢༠ ལྷག་རྩད་གཅོད་བྱུང་ཡོད་པ་དང་། དེའི་ཁྲོད་ ༡༢ ནི་རྒྱ་ནག་དམག་ཁུལ་དང་འབྲེལ་བ་ཡོད་པར་མ་ཟད།  རྒྱ་ནག་གི་དྲ་རྒྱའི་གསང་ཉུལ་ཚོགས་པ་མང་ཆེ་བར་མཐུན་རྐྱེན་སྦྱོར་མཁན་རྒྱ་ནག་དམག་ཁུལ་ཡིན་པའི་སྐོར་བརྗོད་འདུག  

ཨ་རིའི་བདེ་སྲུང་ཉམས་ཞིབ་མི་སྣས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཨ་རིའི་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་གི་དྲ་རྒྱའི་གསང་ཉུལ་ཚོགས་པའི་མི་རེ་འགའི་མིང་དང་ཐོབ་ཐང་གསལ་བོ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་ནི་གལ་ཆེ་བའི་ཉམས་ཞིབ་ཀྱི་གྲུབ་འབྲས་ཤིག་ཡིན་པར་མ་ཟད།  ཨ་རིའི་ཕྱོགས་ནས་ཐད་ཀར་རྒྱ་གཞུང་དང་ཁ་གཏད་དུ་ལངས་ཏེ། ཕར་རྒོལ་གྱི་ཐབས་ལམ་ལག་སྟར་བྱེད་ཆོག་པའི་སྐོར་བརྗོད་ཡོད་པ་རེད།

ཡིན་ནའང་། ཉི་ཧོང་རྒྱ་ནག་ཞིབ་ཁང་གི་མགོ་གཙོ་ཡཱང་ཀྲུང་མའེ་ཡིས།  “ཨ་རི་ནི་དྲ་རྒྱའི་ལག་རྩལ་གྱི་ཕྱོགས་ནས་ཚད་མཐོར་པར་སླེབས་ཡོད་པར་མ་ཟད། ཨ་རིས་དྲ་རྒྱའི་ཆེད་ལས་སྡེ་ཁག་ནི་དྲ་རྒྱའི་དམག་དཔུང་འཛུགས་སྐྲུན་དང་དྲ་རྒྱའི་བདེ་སྲུང་གི་ནུས་པ་སོགས་ཕྱོགས་གང་ཐད་ནས་འཛམ་གླིང་གི་སྔོན་ཐོན་ཡིན་པར་ཡིད་ཆེས་ཡོད། རྒྱ་གཞུང་གིས་དྲ་རྒྱའི་ཁྱབ་ཁོངས་ལ་གཞི་རྒྱ་ཆེན་པོས་གནོད་འཚབ་གཏོང་བཞིན་པ་དེར་སྔར་ལས་ལྷག་པར་གདོང་ལེན་བྱེད་དགོས། ང་ཚོས་ཤེས་གསལ་ལྟར་ན་རྒྱ་གཞུང་གིས་ལོ་གཅིག་གི་སྔོན་ནས་བཟུང་དྲ་དམག་སྒྲིག་འཛུགས་བྱས་ཡོད་པར་མ་ཟད། དྲ་རྒྱའི་དམག་འཐབ་ཀྱི་འཆར་གཞི་དེ་ལོ་བཅུའི་ཡར་སྔོན་ནས་བཏང་ཡོད་པ་རེད། ” ཅེས་བརྗོད་འདུག

ད་ལོའི་ཕྱི་ཟླ་ ༡༡ པའི་ཚེས་མགོར་ཨ་རིའི་གསང་མྱུལ་ཁ་གཏད་ལས་འགུལ་གྱི་འགན་ལེན་མི་སྣས་སྙན་ཐོ་ཞིག་བཏོན་ཏེ།  བདེན་དཔང་གསལ་འདོན་མ་བྱས་པའི་ཐོག་ནས་རྒྱ་ནག་ནི་རྒྱལ་སྤྱིའི་སྒང་དཔལ་འབྱོར་གསང་བ་བརྐུ་འཕྲོག་བྱེད་མཁན་གྱི་རྒྱལ་ཁབ་དེ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་བཞིན། ཨ་རིའི་གྲོས་ཚོགས་འཐུས་མིའི་ཁྲོད་དུའང་དྲ་རྒྱའི་གསང་ཉུལ་ཐད་རྒྱ་གཞུང་ལ་སྐྱོན་འཛུགས་བྱེད་མཁན་ཇེ་མང་དུ་གྱུར་ཡོད་པ་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 9

  1. ཤིང་ལོ། says:
    ལོ་ 15 སྔོན།

    གསང་བ་མི་ཡིས་བཟོས་སོང་།།
    མི་ནི་སྒོར་གྱིས་བསླུས་སོང་།།
    དམ་ཚིག་ཆུ་ལ་བསྐྱུར་དུས།།
    གནམ་སའི་འཇིག་སྐྲག་སླེབས་སོང་།།

    Reply
  2. ནད་པ says:
    ལོ་ 15 སྔོན།

    ཨ་རྒྱ་གཉིས་ཀྱི་འགྲན་རྩོད་དེ་རྣོ་ངར་ཅན་ཞིག་ཏུ་འགྱུར་རྒྱུ་རེད། ཨ་རིས་དམར་ཤོག་དེ་ཉིན་གཅིག་དམངས་གཙོའི་རྒྱལ་ཁབ་གཅིག་ཏུ་འགྱུར་རྒྱུའི་དམིས་འབེན་གཙོར་བཟུང་ཡོད།

    དམར་ཤོག་དེས་ཨ་རིའི་སྟོབས་ཤུགས་ཉམས་དམས་སུ་བཏང་ནས་རིམ་བཞིན་འཛམ་གླིང་གི་ཆེས་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་རང་དེ་དམར་གཞུང་དེས་བྱ་ཐུབ་རྒྱུར་འབད་བརྩོན་བྱེད་པ་དང་རྨི་ལམ་གཏོང་བཞིན་ཡོད།

    ཨ་རྒྱ་འདི་གཉིས་ཀྱི་བར་ན་བོད་ཀྱི་རྩ་དོན་དེ་ཡང་རྐང་རྩེད་སྤོ་ལོ་ལྟར་མཚམས་མཚམས་ཨ་རིས་གཡུགས། མཚམས་མཚམས་རྒྱ་མིས་གཡུགས་ཏེ་འགྲན་རྩོད་ཁྲོད་བོད་དོན་དེ་ཡང་མཚམས་མཚམས་ལ་རང་བཙན་གྱི་འཐབ་རྩོད་འདྲ་པོ། ཡང་རང་སྐྱོང་གི་འཐབ་རྩོད་འདྲ་པོ། ཡང་སྐབས་ལ་ལར་གལ་ཆེན་པོ་འདྲ་པོ། ཡང་དུས་གཅིག་ལ་གལ་ཆུང་འདྲ་པོ་སོགས་ཆོ་འཕྲུལ་བསྟན་པ་འདྲ་པོ་ཆགས་ཡོད།

    གང་ལྟར་ནའང་ཨ་རིས་བོད་འདི་སྟོབས་ཤུགས་ཆེ་ཙམ་ཆགས་རྒྱུར་དམིགས་འབན་བཟུང་བཞིན་ཡོད་ལ་༸ གོང་ས་ཏྰ་ལའི་བླ་མའི་མཚན་སྙན་དང་། བོད་དོན་དེ་ཡང་ཡང་ཡང་འཛམ་གླིང་ནང་ཐོར་འདེགས་ཅན་དུ་གཏོང་གང་ཐུབ་བྱེད་བཞིན་ཡོད།

    རྒྱ་གཞུང་དེས་བོད་དེ་རགྱ་ནག་གི་ཆ་ཤས་ཅན་ཞིག་ཡིན་ལ་རྒྱ་ནག་གི་ནང་སྲིད་ལའང་ཨ་རིས་ཐེ་ཇུས་བྱེད་དབང་མེད་ཚུལ་བཤད་བཞིན་ཡོད། གང་ལྟར་འཛམ་གླིང་གི་འཕེལ་ཕྱོགས་དང་། ཨ་རྒྱའི་འཕེལ་ཕྱོགས། རྒྱ་དཀར་ནག་གི་འཕེལ་ཕྱོགས་སོགས་འཁྲོད་དུ་བོད་དེ་ཡལ་དང་མི་ཡལ། ལངས་དང་མ་ལངས། ཤི་དང་གསོན། ཆགས་དང་འཇིག་སོགས་སུས་ཀྱང་བྲཇོད་ཐབས་བྲལ།

    ཡིན་ནའང་༸ གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར་རེ་བ་བཟང་ས་དང་གྲ་སྒརིག་སྡུག་ས་ནས་བྱེད་དགོས།

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    མགོ་སྐོར་གཏོང་ཐུབ་སར་མགོ་སྐོར བཙན་དབང་གཏོང་ཐུབ་སར་བཙན་དབང མི་ཤེས་ས་ནས་རྐུན་མ ད་དུང་དཀྲོགས་གཏམ འཇིག་རྟེན་འདི་བདེ་རུ་མི་འཇུག་ཁོ་ཐག་ཡིན་ནི་རེད་དོ གུང་ཇག་ལ་རྐུ་འཕྲོག་གཡོ་གསུམ་ལས་ཕན་ཆ་དུད་འབྲུ་ཙམ་ཡང་མེད་ཤེས་པར་གྱིས

    Reply
  4. མྱི་ནག་ཚང་། says:
    ལོ་ 15 སྔོན།

    བསམ་ཤོག་གི་གྲངས་གནས་དེས་ང་ཚོ་ད་དུང་ཨ་རི་ལ་ཡིད་ཆེས་དང་ཨ་རི་ལ་རེ་བ་བརྒྱབ་སྡད་པ་མཚོན་པར་འདོད། སྟག་མཚེར་རིན་པོ་ཆེ་མཆོག་གིས་བོད་དོན་ཐོག་རེ་བ་ཞིག་རྒྱག་ས་ཞིག་ཡོད་ན་ནི་རྒྱ་གར་ཡིན། ཨ་རི་ལ་རེ་བ་མ་བྱེད་ཅེས་པའི་བཀའ་མོལ་དེ་མགོ་རྟིང་བསླགས་ནས་ཉན་པ་འདྲ་བོ་རེད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དུས་བབ་དྲ་ངོས་ན། བོད་དོན་དྲིལ་བསྒྲགས་ལ་སྐད་ཡིག་གང་ཞིག་གལ་ཆེན་ཆགས་ཡོད་ཟེར་བའི་བསམ་ཤོག་དེ་ཁྱད་མཚར་ཞིག་རེད་ལ། ལྷག་པར་ཧིན་རྡུ་ལ་ད་དུང་ཀླད་གོར་བྱས་ནས་བསྡད་ཡོད་པ་དེ་ཡང་ཡ་མཚར་ཅིག་རེད།
    བོད་བོད་ཀྱིས་ངོ་ཤེས་དགོས་ལ་རྒྱ་དཀར་ནག་གཉིས་ཀྱིས་གཙོས་འཛམ་གླིང་མི་དམངས་ཀྱིས་ངོ་ཤེས་དགོས། དེ་བས་སྐད་ཡིག་ཚང་མ་གལ་ཆེན་ཡིན། མ་མཐར་ཡང་བོད་དོན་དྲིལ་བསྒྲགས་ལ་སྐད་ཡིག་གཙོ་བོ་འགའ་ཞིག་ངོས་འཛིན་ཆོག་པ་ལས་གཅིག་ངོས་བཟུང་ན་མི་འོས། བསམ་ཤོག་གི་གདམ་གའི་སྐད་ཡིག་འདི་དག་ལས་ད་དུང་གལ་ཆེན་གང་དག་ཡོད་དམ།
    འདི་ཞོར་འཕྲོས་ཡིན།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དྲང་མོ་བཤད་ན་གསང་མྱུལ་བ་ཟེར་བ་འདི་རྒྱལ་ཁབ་ཚང་མར་ཡོད་ཡོད་པ་ཞིག་རེད། དྲ་ཐོག་གི་གསང་མྱུལ་བ་ཡང་དེ་བཞིན་རེད། གང་ལྟར་གསང་མྱུལ་བས་གསང་མྱུལ་བ་འཚོལ་རེས་དང་འགོག་རེས་འདི་ཡང་མི་མངོན་པའི་དམག་འཐབ་ཅིག་རེད། འཛུལ་མཁས་ན་འགོག་མཁས་པ་དང་འགོག་མཁས་ན་འཛུལ་ཡང་མཁས་པའི་འགྲན་རྩོད་འདི་ཡང་ང་ཚོ་མིའི་རིགས་ཀྱི་ལས་ཀ་འཐོལ་བ་དེ་རེད།

    Reply
  7. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ཨ་རི་གཞུང་གི་དཔོན་རིགས་ཚོ། ཞེ་དྲགས་མ་གསུང་རོགས། གང་ལགས་ཤེ་ན་རྒྱ་ནག་དེ་ཆེན་པོ་འདི་ལྟ་བུ་བཟོ་མཁན་དེ་སུ་ཤེས་པར་གྱིས་ལ་མ་འོངས་པར་དྭོགས་གཟོན་ཡང་གྱིས།

    Reply
  8. དོན་འགྲུབ། says:
    ལོ་ 15 སྔོན།

    ད་ལྟའི་རྒྱ་ནག་གུང་ཁྲན་ནི་ཕྱོགས་གང་ས་ནས་ཚད་ལྡན་དང་ཡིད་ཆེས་བྱེད་ཆོག་སའི་རྒྱལ་ཁབ་ཞིག་གཏན་ནས་ཆགས་མེད་པ་ནི་གཡོ་སྒྱུའི་ལས་ཀ་འདི་གཅིག་པུས་ཀྱང་ར་སྤྲོད་གསལ་པོ་བྱས་ཡོད།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འགན་ལེན་མི་སྣས་སྙན་ཐོ་ཞིག་བཏོན་ཏེ། བདེན་དཔང་གསལ་འདོན་མ་བྱས་པའི་ཐོག་ནས་རྒྱ་ནག་ནི་རྒྱལ་སྤྱིའི་སྒང་དཔལ་འབྱོར་གསང་བ་བརྐུ་འཕྲོག་བྱེད་མཁན་གྱི་རྒྱལ་ཁབ་དེ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད་ཨེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese