མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་ལོག་གིས་མི་ ༡༨༠ རྐྱེན་ལམ་དུ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཧྥེ་ལེ་པེན་ལྷོ་ཕྱོགས་ས་ཁུལ་དུ་རླུང་འཚུབ་དང་དྲག་ཆར་གྱི་རྐྱེན་པས་ཆུ་ལོག་བརྒྱབ་སྟེ་མི་ ༡༨༠ ལྷག་འདས་གྲོངས་སུ་གྱུར་འདུག

འདས་པའི་ཆུ་ཚོད་ ༢༤ རིང་ཧྥེ་ལེ་པེན་(Philippines) གྱི་ལྷོ་ངོས་མེན་ཌ་ནའོ་(Mindanao) མཚོ་གླིང་དང་། ཨ་ལེ་གྷན་(Iligan)གྲོང་ཁྱེར། ཀཱ་གྷ་ཡན་(Cagayan de Oro) སོགས་སུ་དྲག་ཆར་ཆེན་པོ་བབས་པ་དང་བསྟུན་ནས་རླུང་འཚུབ་ཤུགས་ཆེར་གཡུག་སྟབས། ཞོགས་པ་མི་རྣམས་ཉལ་བསྡད་པའི་སྐབས་སུ་མཚོ་ངོགས་ཀྱི་ཆུ་རླབས་གྲོང་ཁྱེར་དང་མཚོ་འགམ་ས་ཁུལ་ཁག་ནང་འཕྱུར་ཏེ། མི་ ༡༨༠ ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པ་མ་ཟད་མང་ཆེ་བ་བྱིས་པ་ཡིན་འདུག

ཡུལ་མི་ཁྲི་ཕྲག་མང་པོ་ས་བབ་མཐོ་སར་ཉེན་ཡོལ་དུ་བྲོས་བྱོལ་ལ་འབྲོ་བཞིན་ཡོད་འདུག་ལ། ད་ལྟའི་ཆར་དམག་མི་འབུམ་ ༡ ཙམ་གྱིས་གོ་ཆག་བྱུང་པའི་ས་ཁུལ་དེ་དག་ཏུ་མྱུར་སྐྱོན་བྱེད་བཞིན་ཡོད་འདུག གོད་ཆག་འདིའི་ཁྲོད་མི་ག་ཚོད་ཅིག་རྐྱེན་འདས་དང་བོར་བརླག་ཏུ་ཕྱིན་པའི་གྲངས་ཚད་ཁ་གསལ་ཤེས་རྟོགས་བྱུང་མེད་པ་དང་། གོང་གི་འདས་གྲོངས་སུ་གྱུར་པའི་གྲངས་ཚད་དེ་ནི་ད་ལྟའི་ཆར་དངོས་སུ་ལག་སོན་བྱུང་པའི་གྲངས་འབོར་ཙམ་ཡིན་འདུག

ཧྥེ་ལེ་པེན་ནི་ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡོད་པའི་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཅིག་ཡིན་ལ། ལོར་ལྟར་ཆ་སྙོམས་རླུང་འཚུབ་ཤུགས་ཆེ་བ་ཐེངས་ ༢༠ ཡས་མས་བྱུང་གི་ཡོད་ཀྱང་། ཐེངས་འདིའི་རླུང་འཚུབ་དང་ཆུ་ལོག་ནི་ཚབས་ཆེ་ཤོས་ཤིག་ཆགས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།  

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཡང་རྒྱལ་སྤྱིའི་གསར་འགྱུར་དུ།
    ཧྥེ་ལེ་པེར་རྒྱ་གྲམ་དམར་པོའི་ལས་བྱེད་ཅིག་གིས་བརྗོད་དོན་ལ། ཆུ་ལོག་གིས་གྲོངས་པའི་མི་༦༡༣དང་། ༦༥༣བོར་འདུག ཡང་སྤྱི་ཁྱབ་ལྷན་ཁང་ཞིག་ནས་གནས་ཚུལ་སྤེལ་བ་ལྟར་ན། མི་༩༢༧ ཞིག་གི་ཕུང་པོ་རྒྱ་མཚོ་ནས་རྙེད་ནའང་། ད་དུང་ཡང་བོར་གྲངས་ཀ་་མི་ཉུང་བ་དང་། འཚོལ་མུས་སོ།།
    ངས་འབོད་སྐུལ་ལ། ཀློག་མཁན་དག་གིས། ཉུང་མཐར་མ་ནི་༩༡༣ དང་།ང་ལ་གསོལ་བ་འདེབས་རོགསཞུའོ།།

    Reply
  2. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་དེ་འདྲའི་གནས་ཚུལ་ཁ་གསལ་འགོད་ཐུབ་ན་མ་མཐའ་ཡང་མ་ནི་གཅིག་བགྲང་གི་རེད་པ་།་་་་་ད་དུས་མིན་གི་རྐྱེན་ལམ་དུ་གཏང་ཡ་དེ་ཇེ་མང་ནས་ཇེ་མང་དུ་འགྲོ་གི་འདུག་ག་།དེ་ནི་ཕལ་མིའི་བཟོས་པའི་ཉེར་ལེན་ལ་བརྟན་ནས་ཡིན་པ་མང་པོ་ཞིག་གི་ཞལ་ནས་གསུངས་གི་འདུག་ཕལ་ཆེ་ཡིན་པ་འདྲ་།་་་ད་དཀོན་མཆོག་མཁྱེན་ཕལ་ཆེ་ཉིས་སྟོང་བཅུས་གཉིས་ནང་བཞིན་ཕྱག་ས་རེད་།་ཚེ་འདས་རྣམས་དགས་པའི་ཞིང་དུ་སྐྱེ་བར་ཤོག་།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཁ་སང་བཟའ་ཉི་མའི་ཉིན་གྱི་རྒྱལ་སྤྱི་གསར་འགྱུར་ལྟར་ན། ཧྥེ་ལེ་པེ་ནང་ཡོད་པའི་རྒྱ་གྲམ་དམར་པོའི། ཚོགས་མིས་བརྗོད་གསལ་ལ་ཆུ་ལོག་གི་རྐྱེན་གྱིས། མི་༦༥༢རྐྱེན་ལམ་དུ་ཕྱིན་ཡོད་དོ།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    བཟའ་སྤེན་པའི་ཉིན་གྱི། འཛམ་གླིང་གསར་འགྱུར། SBS ལྟར་ན། ཧྥེ་ལེ་པེན་ནང་། མི་༤༤༠ གྲོངས་ཡོད་འདུག། ཨོཾ་མ་ནི་པདྨེ་ཧུཾཿ

    Reply
  5. རྔ་བ་བསོད་དེ། says:
    ལོ་ 14 སྔོན།

    སྟབས་ལེགས་པ་ཞིག་ལ། ང་ཚོ་བོད་རིགས་སློབ་མ་དག་ལ་དེ་ཙམ་དཀའ་ངལ་སྤྲད་མ་སོང་ལ། ལྷག་པར་དུ་སྡོད་ཁང་ཐོག་བརྩེགས་གཉིས་པ་འདུག་མཁན་རྣམས་ལ་དེ་བས་ཀྱང་དཀའ་ངལ་སྤྲད་མ་སོང་། འོན་ཀྱང་། ཐོག་བརྩེགས་དང་པོར་འདུག་མཁན་ཁག་གཅིག་ལ་ཆུ་ལོག་གིས་གནོད་སྐྱོན་ཐེབས་ཡོད་ཀྱང་། དཔལ་འབྱོར་གཅིག་པུ་ལས་ཚེ་སྲོག་གི་འཇིགས་པ་ལས་སྐྱོབས་ཐུབ་ཙམ་བྱུང་སོང་། གནས་སྐབས་གནམ་གཤིས་ཀྱིས་རྐྱེན་པས་དཀའ་ངལ་ཕྲན་བུ་ཞིག་འཕྲད་བཞིན་ཡོད་ན་ཡང་། ཡུལ་མི་གཞན་དང་བསྡུར་ན། ང་ཚོ་ལ་དཀའ་ངལ་གང་ཡང་མི་འདུག འོན་ཀྱང་། གནམ་གཤིས་བརྟག་དཔྱད་ཁང་གི་བརྗོད་པ་ལྟར་ན། ད་རུང་ཆུ་ལོག་དེ་ལས་ཆེ་བ་ཞིག་ཡོང་གི་ཡོད་རབས་བཤད་སོང་། ཡིན་ན་ཡང་། སྐྱོན་རྒྱུ་མ་རེད་འདོད་ཀི།

    Reply
  6. ཤར་མདའ། says:
    ལོ་ 14 སྔོན།

    ཆར་རླུང་གི་འབྱུང་བའི་དབང་གི་སྐུ་སྲོག་ཤོར་བ་ཡིན་དེ་ནི་འབྱུང་བཞི་གནོད་འཚེ་ཡིན་པས་གནས་ལུགས་དང་རྒྱུ་མཚན་དེ་བས་བརྗོད་ཐབས་བྲལ།  དེ་ནི་ཆོས་ཕྱོགས་ནས་བརྗོད་ན་སྔོན་བསགས་ལས་སྨོན་གྱི་དབང་གི་རེད་ཟེར་བ་རེད།   བོད་མི་སྟོང་ཕྲག་མང་པོ་རྒྱ་ནག་དམར་གཞུང་གི་དྲག་གནོན་དང་གཉའ་གནོན་གྱི་དབང་གི་དུས་མིན་རྐྱེན་འདས་སུ་གཏོང་གི་ཡོད་པ་རེད།  དེ་ནི་དམྱལ་བ་མི་ཡུལ་དུ་དངོས་སུ་ལག་སྟར་བྱེད་ཀྱི་ཡོད་པ་དངོས་ཡོད་མ་ཡིན་ནམ། 

    Reply
  7. གྲྭ་རྐྱང་། says:
    ལོ་ 14 སྔོན།

    སྔོན་བསགས་ལས་དབང་བཙན་པོས། །
    ཉམ་ཐག་འགྲོ་བའི་ཚེ་སྲོག །
    དོན་མེད་ཆུ་ལ་བསྐུར་སྐབས། །
    མིག་ཆུ་ཤོར་དགོས་བྱུང་བས། །

    བསླུ་མེད་དཀོན་མཆོག་གསུམ་ལ། །
    སྙིགས་དུས་སྐྱེ་འགྲོའི་ཚེ་སྲོག །
    མྱུར་དུ་སྐྱོབ་པའི་སྨོན་འདུན། །
    གདུང་ཤུགས་དྲག་པོས་འདེབས་ཡོད། །

    Reply
  8. སྟག་རྩེ་དཔལ་ལྡན says:
    ལོ་ 14 སྔོན།

    ས་གཞི་ཆེན་པོའི་ལྷུ་ལག་བཙན་གྱིས་གཏོར།།
    དུག་རྫས་ནག་པོས་དྭངས་གཙང་མཁའ་དབུགས་རྫོབ།།
    འབྱུང་བཞི་མ་བསྙོམས་ཆུ་རླུང་དྲག་ཆར་ཚུབ།།
    ཁྲི་མ་འབུམ་གྱི་ཚེ་སྲོག་ཐལ་བ་བརླག།

    འཕྲུལ་ལས་རྒན་པོས་བསམ་སྦྱོར་རྡོ་ལས་རྩུབ།།
    ཧམ་སེམས་རྒོད་པོའི་ལག་པ་ལྕགས་ལས་འཁྲེགས།།
    རིན་ཐང་ན་སོའི་བང་མཛོད་འགོ་སྟིང་བསྒྱུར།།
    ཁྲི་མ་འབུམ་གྱི་བདེ་སྐྱིད་ཐལ་བ་བརླག།

    བསམ་ན་མིག་ལ་གཟེད་པའི་འཚེ་མ་རེད།།
    བསྡད་ན་ཨ་ཅོག་གཀྲུགས་པའི་ངུ་སྒྲ་རེད།།
    རིན་ཐང་ཚེ་སྲོག་བཅོས་པའི་གཤེན་མ་རེད།།
    བདེ་སྐྱིད་གཞི་རྩར་བྲེགས་པའི་གདོན་མ་རེད།།
    དེང་གི་འཕྲུལ་རིགས་ལག་རྩལ་གྱི་རྐྱེན་པས་འཛམ་གླིང་གང་ས་འབྱུང་བའི་འཇིགས་པ་ཡང་ཡང་བྱུང་དང་འབྱུང་བཞིན་ཏེ་སྐྱེ་འགྲོ་མང་པོའི་ཚེ་སྲོག་ཤོར་བཞིན་པ་འདིར་གཟིགས་དང་།།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རླུང་འཚུབ་དྲག་ཆར་རྒྱུ་མེད་རྐྱེན་མེདམིན། །
    ཚེ་སྔོན་ལས་དང་ཁོར་ཡུག་ཉམས་པས་ལན། །
    བོད་རིགས་ཚན་རིག་པ་རྣམས་ད་རེམས་རན། །
    འཆི་རྐྱེན་ཤོར་རྣམས་བདེ་ནས་བདེ་བར་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese