མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་སྐོར་བ་ཚོ་ཕྱི་ལོ་༢༠༡༢ ཟླ་ ༦ ཚེས་ ༣༠ བར་བསྡད་ཆོག

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཕྱི་ཟླ་གཉིས་པར་ཉིན་གྲངས་བཅོ་ལྔའི་དུས་ཡུན་ལས་མེད་པའི་སྐྱབས་བཅོལ་ལག་འཁྱེར་ཞིག་བཟོས་ཡོད་རིགས་ཚོར། རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣༠ བར་དུས་ཚོད་འཕར་འགྱང་ཞུ་ཆོག་པའི་བཀའ་འཁྲོལ་ཞིག་བསྩལ་ཡོད་ཀྱང་། ཁྲིམས་གཞི་དེ་ཧི་མ་ཅཱལ་མངའ་སྡེ་གཞུང་སིམ་ལ་རུ་ལྷག་སྟེ་ད་དུང་ས་གནས་སུ་འབྱོར་མི་འདུག 

ཟླ་སྔོན་མའི་ཚེས་ ༢༧ ཉིན་བཞུགས་སྒར་ཁུལ་གྱི་བོད་པ་སྐྱབས་བཅོལ་ལག་འཁྱེར་(RC)གྱི་དཀའ་ངལ་ཡོད་རིགས་བརྒྱ་སྐོར་ཞིག་མེག་གྷན་པདྨ་ཐང་དུ་འཛོམས་ཏེ། སྐྱབས་བཅོལ་ལག་འཁྱེར་གྱི་དཀའ་ངལ་སེལ་ཕྱོགས་སྐོར་ལ་གྲོས་བསྡུར་དང་། འདིའི་ཐོག་ལས་ཀ་བྱེད་མཁན་མི་མང་སྐུ་ཚབ་བསྐོ་བཞག བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་ལ་སྐྱབས་འཇུག་ཞུ་སྟངས་བཅས་ལ་ལས་རིམ་བསྒྲིགས་སོང་། ཁོང་ཅག་ནི་ ༢༠༠༣ ལོའི་རྗེས་སུ་བོད་ནས་འབྱོར་བ་དག་ཡིན་ཞིང་། བལ་ཡུལ་རྒྱ་གར་གཞུང་ཚབ་ཀྱིས་རྒྱ་གར་ནང་འཛུལ་ཞུགས་ཆོག་པའི་དམིགས་བསལ་དེབ་དཀར་པོ་ཞིག་སྤྲད་ཡོད་པའི་སྟེང་ “གནས་སྐོར” ཞེས་བཀོད་པ་དག་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ལག་དེབ་དཀར་པོ་དེ་བརྒྱུད་སྐྱབས་བཅོལ་ལག་འཁྱེར་( RC )ཞིག་བཟོས་ཡོད་ཀྱང་། ལག་འཁྱེར་དེ་དོ་བདག་སོ་སོར་འབྱོར་སྐབས་དུས་ཡུན་རྫོགས་རྒྱུར་ཉིན་ ༡༥ ལས་མེད་པ་དང་། བསྐྱར་དུ་དུས་ཚོད་འཕར་འགྱང་ཞུ་རྒྱུར་རྒྱ་གར་གཞུང་གིས་ཆོག་མཆན་ཐོབ་མེད། 

གསར་འགོད་པས་ཉིན་དེར་གསར་དུ་བསྐོས་པའི་མང་ཚོགས་འཐུས་མི་ཚོར་སྐྱབས་བཅོལ་ལག་འཁྱེར་གྱི་དཀའ་ངལ་སེལ་ཕྱོགས་ལ་ཐབས་ཤེས་ག་རེ་བྱ་འཆར་ཡོད་མེད་དྲིས་པར། དང་པོ་བཀའ་ཤག་དང་བདེ་སྲུང་། སྐུ་སྒེར་སོགས་འབྲེལ་ཡོད་ལས་ཁུངས་ཁག་ལ་སྙན་གསེང་ཞུས་ཏེ་ཐོ་གཞུང་དུ་བཀོད་པའི་གནས་སྐོར་བཀོད་ཡོད་པ་དག་ལ་འགྱུར་བ་གཏོང་རྒྱུ་དང་། ཁོང་ཚོར་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་པ་གཞན་དག་དང་གཅིག་མཚུངས་ཀྱི་སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུར་རེ་སྐུལ་ཞུ་འཆར་ཡོད་ཚུལ་བརྗོད་བྱུང་ལ། དེ་ལྟར་མ་བྱུང་ཚེ་བསྐྱར་དུ་མི་མང་དང་གྲོས་བསྡུར་ཐོག་ཐབས་ལམ་ག་རེ་ལ་བརྟེན་དགོས་པར་བལྟ་རྒྱུ་ཡིན་ཟེར།

ཁོང་ཅག་གིས་ད་ལོའི་ཕྱི་ཟླ་ ༩ པར་སྤྱི་འཐུས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན་ཏེ། བཀའ་ཤག་དང་སྤྱི་འཐུས། སྤྱི་འཐུས་སྒེར་རེ་རེ་བཅས་སུ་ཞུ་ཡིག་ཕུལ་ཡོད་འདུག ཉེ་ཆར་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་ ༢༠༡༡ ཟླ་ ༡༡ ཚེས་ ༡༥ བཀོད་པའི་ཡི་གེ་ཞིག་འབྱོར་བའི་ནང་། ཕྱི་ཟླ་ ༩ པའི་ཚེས་ ༧ འཁོད་པའི་ཞུ་ཡིག་དེ་འཛིན་སྐྱོང་ལ་ཡར་ཞུ་བྱས་པའི་བཀའ་ལན་འབྱོར་པར། ད་ཆར་བཀའ་ཤག་དང་བདེ་སྲུང་ལས་ཁུངས། ལྡི་ལི་སྐུ་ཚབ་དོན་གཅོད་བཅས་ཀྱིས་རྒྱ་གར་དབུས་གཞུང་ལ་ཡིག་ངག་གཉིས་ཐོག་ནས་ཞུ་སྐུལ་ཐབས་ཤེས་གནང་དང་གནང་མུས་ཡིན་པའི་བཀའ་ལན་འབྱོར་ཡོད་པར་གསལ་འདུག

ཚོགས་དྲུང་ལས་ཁུངས་ཀྱི་བཀའ་ལན་དེ་དང་འབྲེལ་ཏེ་གསར་འགོད་པས་ཚོགས་དྲུང་དང་བཀའ་དྲུང་བཅས་སུ་ཆེད་བཅར་གྱིས་རྒྱ་གར་དབུས་གཞུང་ལ་སྐྱབས་བཅོལ་ལག་འཁྱེར་གྱི་དཀའ་ངལ་དེ་སེལ་མ་ཐུབ་པའི་འགག་རྩ་གང་ལ་ཐུག་ཡོད་མེད་བཅས་བཀའ་འདྲི་ཞུས་པར། གནས་སྐབས་རིང་དམིགས་བསམ་བཀའ་ལན་གང་ཡང་མེད། མི་མང་གི་དཀའ་ངལ་དེ་དངོས་ཡོད་ཡིན་པ་ལྟར། ཐབས་ཤེས་དང་ཡར་ཞུ་བྱེད་མུས་ཡིན་པ་ལས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ལས་བཀའ་གཏོང་ཐབས་མེད་པ་མང་ཚོགས་ཀྱིས་ཤེས་དགོས་པ་རེད་ཟེར།  

བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ལ་བཅར་འདྲི་ཞུས་པར། ཁོང་གིས་ “ད་ལྟའི་ཆར་ལག་འཁྱེར་དུས་འགྱང་མེད་པའི་གནད་དོན་དེའི་ཐད་རྒྱ་གར་དབུས་གཞུང་གི་ཐག་གཅོད་ཡི་གེ་ཞིག་ཧི་མཱ་ཅལ་མངའ་སྡེ་གཞུང་(Shimla) ལ་བཏང་འདུག ང་ཚོས་མངའ་སྡེ་གཞུང་ལ་གང་མགྱོངས་ས་གནས་སུ་གཏོང་གནང་པའི་འབོད་སྐུལ་ཞུས་ཡོད། ཐག་གཅོད་དེ་ནི་གནས་སྐོར་པའི་ཐོ་གཞུང་ནང་ཐེབས་མཁན་ཚོར་སྐྱབས་བཅོལ་ལག་འཁྱེར་ཞིག་བཟོས་ཡོད་པ་ ༢༠༡༡ ཟླ་ ༣ ཚེས་ ༣༡ ནས་དུས་ཡུན་རྫོགས་ཏེ་བསྐྱར་དུ་དུས་ཡུན་འཕར་འགྱང་བྱས་མེད་རིགས་ ༢༠༡༢ ཟླ་ ༦ ཚེས་ ༣༠ པར་དུས་འགྱང་ཆོག་མཆན་ཐོབ་ཡོད་པ་ཞིག་རེད།” ཅེས་དང་། ད་སྔ་རྒྱ་གར་གཞུང་ལ་ཡར་ཞུ་བྱས་པའི་བཙན་བྱོལ་བོད་མིའི་དཀའ་ངལ་རིགས་ཡ་མེད་བཏང་མྱོང་མེད་སྟབས། སྔ་ཕྱི་ཙམ་མ་གཏོགས་དཀའ་ངལ་འདི་སེལ་ཐུབ་ངེས་ཡིན་པར་གསུངས་སོང་།

ཕྱི་ལོ་ ༢༠༠༣ ཟླ་ ༥ ཚེས་ ༣༠ རྗེས་སུ་རྒྱ་གར་ནང་འབྱོར་རིགས་ལ་བལ་ཡུལ་རྒྱ་གར་གཞུང་ཚབ་ཀྱིས་ལག་དེབ་དཀར་པོ་ཞིག་སྤྲད་ཡོད་པའི་སྟེང་། སྐྱབས་བཅོལ་དང་གནས་སྐོར། ཤེས་ཡོན། གཞན་ཞེས་སྡེ་ཚན་ ༤ རུ་དབྱེ་སྟེ་ཐོ་འགོད་བྱས་ཡོད་ལ། བར་སྐབས་ཤིག་ནས་བོད་ནས་འབྱོར་བ་མང་ཆེ་བར་གནས་སྐོར་སྡེ་ཚན་ནང་ཐོ་འགོད་བྱས་ཡོད་པ་མ་ཟད། སློབ་ཕྲུག་དང་ཆབ་སྲིད་བཙོན་ཟུར་དག་གི་ལག་དེབ་སྟེང་དུའང་གནས་སྐོར་ཞེས་བཀོད་ཡོད་འདུག སྔ་ལོར་བཞུགས་སྒར་ཁུལ་གྱི་གནས་སྐོར་པའི་ཐོ་གཞུང་ནང་མིང་ཐོ་ཐེབས་ཡོད་པའི་མི་གྲངས་ ༥༠༠ ལྷག་འདུ་འཛོམས་ཀྱིས་བཀའ་ཤག་དང་། སྤྱི་འཐུས་ལྷན་ཁང་། བདེ་སྲུང་སོགས་སུ་བཅར་ཏེ་སྐྱབས་བཅོལ་ལག་འཁྱེར་རག་ཐབས་ལ་འབད་བརྩོན་རིམ་པར་བྱས་མཐར། འདི་ལོའི་ཕྱི་ཟླ་ ༢ པའི་ནང་གློ་བུར་དུ་གསལ་བརྡ་ཞིག་འབྱོར་ཏེ། མི་འགྱང་བར་བཟོ་རྒྱུ་ཡིན་ཚུལ་དང་། པར་དང་མཛུབ་ཐེལ། སྣེ་ལེན་ཁང་གི་འབྱོར་ཐོ་སོགས་གྲ་སྒྲིག་དགོས་པའི་གནས་ཚུལ་ཐོན་ཞིང་། ལག་འཁྱེར་དེ་བཟོ་མགོ་བརྩམས་ཏེ་ཟླ་གཅིག་ལས་མ་འགོར་བར་དོ་བདག་སོ་སོའི་ལག་ཏུ་རག་སྐབས། དུས་ཡུན་རྫོགས་རྒྱུར་ཉིན་ ༡༥ ལས་མེད་པ་མ་ཟད། དེ་མ་ཐག་རྒྱ་གར་འབྲེལ་ཡོད་ལས་ཁུངས་སུ་བཅར་པར་དུས་ཡུན་ཕར་འགྱང་གི་ཆོག་མཆན་ཡང་སྤྲད་མེད།

 

གསར་འགོད་པ། བནྡེ་སྐྱབས།

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

 

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese