མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བའི་ཆོས་དད་དང་གོམས་གཤིས་རྩ་གཏོར་གྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་ཤིན་ཅང་ཡེས་ནེའུ་གྲོང་ཁྱེར་ནང་རྒྱ་གཞུང་གིས་༼ཆོས་ལུགས་འདུ་ཤེས་ཇེ་ཞན་དུ་བཏང་སྟེ་རིག་གནས་དཔལ་ཡོན་ལྡན་པའི་བདེ་ཐང་འཚོ་བར་བརྩི་མཐོང་༽ཞེས་པའི་ལས་འགུལ་ཞིག་སྤེལ་ཏེ། ཡུ་གུར་བའི་ཆོས་དད་དང་ཡུལ་སྲོལ་གོམས་གཤིས་ཉམ་དམས་གཏོང་ཐབས་དྲིལ་བསྒྲགས་བྱས་འདུག

༢༠༠༩ ལོར་ཡུ་གུར་བུད་མེད་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་པ།ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཤིན་ཅང་ཡེས་ནེའུ་གྲོང་ཁྱེར་གྱི་ཊོན་མའེ་ལིས་སྲང་ལམ་དུ།༼ཆོས་ལུགས་འདུ་ཤེས་ཇེ་ཞན་དུ་བཏང་སྟེ་རིག་གནས་དཔལ་ཡོན་ལྡན་པའི་བདེ་ཐང་འཚོ་བར་བརྩི་མཐོང་༽ཞེས་པའི་དྲིལ་བསྒྲགས་ལས་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་པ་དང་།ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་ཡུ་གུར་མི་རིགས་འདུས་སྡོད་ཀྱི་སྲང་གྲོང་ཡོངས་སུ་ཆོས་ལུགས་འདུ་ཤེས་ཉམ་དམས་སུ་གཏོང་ཐབས་སྐོར་གྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་ཏེ།  ཡུ་གུར་མི་རིགས་ཀྱི་བུད་མེད་དང་གཞོན་སྐྱེས་རྣམས་ཀྱི་ཁྲོད་ཨ་རུབ་(Arab) མི་རིགས་ཀྱི་གྱོན་ཆས་དང་གདོང་རས། སྨ་ར་རིང་པོ་སོགས་ཡུལ་སྲོལ་གོམས་གཤིས་ཡོངས་རྫོགས་མེད་པ་བཟོ་དགོས་པ་དེ་ཡིན་འདུག

ཕྱི་ཚེས་ ༡༥ ཉིན་ཡེས་ནེའུ་ས་གནས་སྲིད་གཞུང་དྲ་བའི་སྟེང་གསལ་བསྒྲགས་སྤེལ་ཏེ།ཐེངས་འདིའི་ཊོན་མའེ་ལིས་སྲང་ལམ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་དེ་ནི། ཡུ་གུར་གྲངས་ཉུང་མི་རིགས་ཀྱི་བུད་མེད་དང་གཞོན་སྐྱེས་རྣམས་ཀྱི་ཆོས་ལུགས་འདུ་ཤེས་ཇེ་ཞན་དུ་བཏང་སྟེ་རིག་གནས་དཔལ་ཡོན་ལྡན་པའི་བདེ་ཐང་འཚོ་བར་བརྩི་མཐོང་ཡོང་ཐབས་དང་། སྤྱི་ཚོགས་ཁྲོད་བུད་མེད་རྣམས་ནི་ཁྱིམ་ཚང་ནང་གི་ཨ་མ་དང་ཆུང་མ།  བུ་མོ་བཅས་ཡིན་པའི་དམིགས་བསལ་ནུས་པ་དང་། གཞོན་སྐྱེས་ཚོ་ནི་བསམ་བློ་གུ་ཡངས་དང་དངོས་པོ་གསར་པར་དོ་སྣང་ཡོད་པའི་དམིགས་བསལ་ནུས་པ་བཅས་བེད་སྤྱད་དེ། གཞོན་སྐྱེས་དང་བུད་མེད་ཁྲོད་བདེ་ཐང་རིག་གནས་དང་རྣམ་པ་གསར་བའི་འཚོ་བ་སྐྲུན་དགོས་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས་སྐོར་བརྗོད་ཡོད་པ་རེད།

ཐེངས་འདིའི་ལས་འགུལ་ཁྲོད་རྒྱ་གཞུང་གིས་བཙན་ཤུགས་ཀྱིས་མང་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་ཆོས་ལུགས་མི་སྣ་དག་ལ་སྐུལ་སློང་གཏམ་བཤད་སྤེལ་བཅུག་སྟེ་གསར་འགྱུར་བརྒྱུད་ལམ་ཁག་ནས་དྲིལ་བསྒྲགས་དང་།ས་གནས་གྲོང་སྡེ་དམར་ཤོག་འཐུས་མིའི་ངོས་ནས་དམར་ཤོག་སློབ་གྲྭའི་དགེ་རྒན་རྣམས་ཆེད་འབོད་ཀྱིས་ས་ཁུལ་ཁག་ནང་སྐོར་སྐྱོད་གཏམ་བཤད་སྤེལ་འཇུག་བཞིན་པར་མ་ཟད། དྲིལ་སྒྲོག་སློབ་གསོའི་ཁྱབ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཐུབ་པར་ཁག་ཐེག་དང་།  ས་གནས་བུད་མེད་ལྷན་ཚོགས་དང་གུང་གཞོན་ཚོགས་པའི་འབྲེལ་ཡོད་ལས་བྱེད་རྣམས་ཁྱིམ་ཚང་རེ་རེར་སོང་སྟེ།མང་ཚོགས་དང་གདོང་དང་གདོང་གཏུགས་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས་པ་དང་། ཁྱིམ་ཚང་གཅིག་ཀྱང་ལྷག་ལུས་མི་འབྱུང་བའི་ཁག་ཐེག་བྱ་དགོས་ཀྱི་ཡོད་འདུག    

ས་གནས་རྒྱ་གཞུང་གི་གསལ་བསྒྲགས་དེའི་ནང་། ཐེངས་འདིའི་ལས་འགུལ་ལ་འགན་གཙོ་བོ་ལེན་མཁན་ནི། ས་གནས་གྲོང་སྡེ་ཁག་གི་འཐུས་མིའི་དམར་ཤོག་དྲུང་ཆེ་དང་འགན་འཛིན།  བུད་མེད་ལྷན་ཚོགས་དང་གུང་གཞོན་ཚོགས་བཅས་ཡིན་པ་བཀོད་འདུག་པ་ལྟར། ཉེ་ཆར་ཤིན་ཅང་ཊོན་མའེ་ལིས་སྲང་ལམ་དུ་འབྲེལ་ཡོད་ལས་བྱེད་ཆེད་གཏོང་བྱས་ཏེ།ས་ཁུལ་དེའི་ཡུ་གུར་མི་རིགས་ཀྱི་བུད་མེད་དང་གཞོན་སྐྱེས་ཚོའི་ཁྲོད་ཆོས་གོས་དང་མི་རིགས་ཀྱི་གྱོན་ཆས།གདོང་རས།སྨ་ར་འཇོག་མཁན་སོགས་ག་ཚོད་ཡོད་མེད་དང་། དེ་བཞིན། གྲོང་སྡེ་ས་ཁུལ་ཁག་ནང་ཡོད་པའི་འཚེམ་ཁང་དང་གྱོན་ཆས་ཚོང་ཁང་དག་ལའང་ཞིབ་བཤེར་བྱས་ཏེ། ཡུ་གུར་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་དང་ཆོས་གོས་སོགས་ཚོང་འགྲེམས་ཀྱི་གནས་སྟངས་ལ་རྟོག་ཞིབ་བྱེད་བཞིན་ཡོད་འདུག

ཕྱི་ཚེས་ ༡༦ ཉིན་ཤིན་ཅང་ཡེས་ནེའུ་གྲོང་ཁྱེར་ཉེན་རྟོག་པ་གློ་བུར་དུ་གྲོང་སྡེ་ཁག་ནང་སོང་སྟེ། ཡུ་གུར་མཐུན་ཚོགས་ཀྱི་དབུ་ཁྲིད་རེ་བྷེ་ཡ་ལགས་ཀྱི་༼བྱམས་བརྩེ་ཡི་ཆ་རྐྱེན་བཅུ༽དང་༼མི་རིགས་ཡར་ལངས་གླུ ༽སོགས་ཚུད་པའི་འོད་སྡེར་སྟོང་ཕྲག་བརྒལ་བ་བསྔོག་བཤེར་བཙན་འཕྲོག་བྱས་ཡོད་པ་རེད།  གཞན་ཡང་།རྒྱ་གཞུང་ཉེན་རྟོག་པས་ཆོས་ལུགས་དང་འབྲེལ་བའི་འོད་སྡེར་མང་པོ་ཞིག་ནི་ཁྲིམས་འགལ་ཡིན་པའི་ཉེས་མིང་བཏགས་ཏེ།  ཟླ་འདིའི་ཚེས་མགོར་ཡུ་གུར་བ་མི་༧འཇུ་བཟུང་བྱས་ཡོད་འདུག

འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཡུ་གུར་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཐིས་ལགས་ཀྱིས།  རྒྱ་ནག་དམར་གཞུང་གིས་ཉེ་ཆར་ཡེས་ལིས་ས་ཁུལ་ནང་དམག་མིས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད།ས་གནས་གྲོང་ཁྱེར་གྱི་མཐའ་འཁོར་གྲོང་སྡེ་ཁག་ནང་སྔར་ལས་ལྷག་པར་སྐོར་སྐྱོད་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་འདུག  

ཡེས་ནེའུ་གྲོང་ཁྱེར་ནི་ཤིན་ཅང་ཡེས་ལིས་ས་ཁུལ་གྱིས་སྲིད་འཛིན་ལྟེ་གནས་ཡིན་པ་དང་།གྲོང་ཁྱེར་དེའི་ནང་ཡུ་གུར་མི་རིགས་ཀྱིས་བརྒྱ་ཆ་ ༤༩་༤ དང་། རྒྱ་རིགས་ཀྱིས་བརྒྱ་ཆ་ ༣༤་༩ ཟིན་ཡོད་འདུག

 
གསར་འགོད་པ། ཚེ་རིང་རྒྱལ།
 
 
 
 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༥ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 4

  1. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ཡུ་གུར་མི་རིགས་དང་། སོག་པོའི་མི་རིགས། མན་ཆུ་རན་མི་རིགས། དེ་བཞིན་བོད་མི་རིགས་བཅས་མཉམ་རུབ་ཀྱིས་རྒྱ་ནག་པོའི་དཔུང་འོག་ལས་ཐར་བའི་ལས་ལ་བརྩོན་པའི་དུས་ལ་སླེབས་ཡོད་པས་སེམས་ཤུག་མ་ཆུང་།
    Uyghurs, Mongolians, Manchurens and Tibetans are time to be together and fight for the independent from the malicious Chines communist regime.

    Reply
  2. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ང་ཚོའི་དགྲ་གུང་ཁྲན་རེད་་ དེང་ཐོག་གུང་ཁྲན་མེད་པར་བཏངས་ནས་རྒྱ་ནག་མང་གཙོར་སྒྱུར་དགོས་འདུག་པས ང་མཉམ་འབྲེལ་བྱས་ན་ལེགས་པས. ཐབས་ལམ་སྟོན་རོགའ

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གཉའ་གནོན་མྱོང་མཁན་གཅོག་པ་ཡིན། གདུང་སེམས་མཉམ་སྐྱེད་ནུས་པ་ཆིག་སྒྲིལ་གྱིས། ཀླ་ཀློའི་དམར་སྲིང་མགོ་རྟིང་སློག་པར་བརྩོན།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་གཞུང་གུང་ཁྲན་ཀླ་ཀློས། ༼ཆོས་ལུགས་འདུ་ཤེས་ཇེ་ཞན་དུ་བཏང་སྟེ་རིག་གནས་དཔལ་ཡོན་ལྡན་པའི་བདེ་ཐང་འཚོ་བར་བརྩི་མཐོང་༽ཟེར། ཧ་ཧ། ཀླ་ཀློ་ནི། ཀླ་ཀློ་རང་རེད་འདུག་གདའ། ཁ་ཆེའི་མི་རིགས་ཚོས་ཀྱང་གཟབ་རན་མི་འདུག་གམ། བོད་རིགས་ཡུ་རིགས་མཛའ་མཐུན་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese