མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེག་མཆོག་དབུ་མ་ཆེན་པོའི་བགྲོ་གླེང།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་རིང་གི་ཐེག་མཆོག་དབུ་མ་ཆེན་པོའི་བགྲོ་གླེང་སྐབས་དང་པོ་དབུ་འཛུགས་གནང་ཡོད།

དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པའི་དུས་ཚོད་ ༩ པའི་སྟེང་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་བ་ཀུན་གྱི་ངེས་གསང་ཐེག་མཆོག་དབུ་མ་ཆེན་པོའི་བགྲོ་གླེང་སྐབས་དང་པོའི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཡོད་ཅིང་། ཐེངས་འདིའི་བགྲོ་གླེང་སྟེང་འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཨ་ལགས་ཆོས་ཀྱི་སྣང་བ་མཆོག་གཙོས། སིམ་ལ་མ་དགོན་གྱི་མཁན་རིན་པོ་ཆེ་ཀུན་དགའ་རིན་ཆེན་ལགས་དང་། བོད་ནས་གསར་དུ་ཕེབས་པའི་ཇོ་ནང་པའི་དགོན་སྡེ་ཁག་ཅིག་གི་མཁན་པོ་དང་བླ་སྤྲུལ་བཅས་དང་། གཞན། ལྷོ་ཕྱོགས་གདན་ས་ཁག་ཏུ་ཡོད་པའི་ཇོ་ནང་པའི་གྲྭ་རྒྱུན་ཡིན་པའི་བགྲོ་གླེང་བ་ ༡༢ དང་། སིམ་ལ་ཇོ་ནང་མ་དགོན་གྱི་བགྲོ་གླེང་བ་ ༡༡ ། བལ་ཡུལ་ཇོ་ནང་དགོན་ནས་ཕེབས་པའི་བགྲོ་གླེང་བ་ ༡༡ བཅས་བསྡོམས་མི་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད།

དེ་རིང་གི་མཛད་སྒོའི་ཐོག་མར་སྐུ་མགྲོན་དང་བགྲོ་གླེང་བ་རྣམ་པ་ཚོགས་ཁང་དུ་ཞབས་སོར་འཁོད་པ་དང་། སྐུ་པར མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་འབྲས་སིལ་འདེགས་འབུལ། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་སྐབས་དང་པོའི་དབུས་རྒྱུན་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བགྲོ་གླེང་གི་བྱུང་རིམ་དང་འཚོགས་སྟངས་སྐོར་ངོ་སྤྲོད་གནང་རྗེས། འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་ཀུན་དགའ་རིན་ཆེན་ལགས་ཀྱིས། དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་འདི་ཉིད་ལུང་རྟོགས་ཀྱི་སྒོ་ནས་འཛིན་རྒྱུ་དང་། གཞན་བགྲོ་གླེང་སྐབས་གཞུང་ཆེན་ཁག་གི་འགལ་མཚམས་ནས་ཟབ་དཔྱད་བྱ་དགོས་ཚུལ་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་མ་ཟད། འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཨ་ལགས་ཆོས་ཀྱི་སྣང་བ་མཆོག་གིས། དཔལ་རྒྱལ་བ་ཇོ་ནང་པའི་དབུ་མ་གཞན་སྟོང་གི་བརྒྱུད་རིམ་དང་། ད་ལྟའི་གཞན་སྟོང་གི་དར་རིམ་སོགས་ངོ་སྤྲོད་དང་། བགྲོ་གླེང་ཇི་ལྟར་བྱ་ཕྱོགས་ཀྱི་སྐོར་ལ་ལམ་སྟོན་བཀའ་སློབ་བཅས་གནང་ཡོད།

ཐེངས་འདིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བཞིན་པའི་ཐེག་མཆོག་དབུ་མ་ཆེན་པོའི་བགྲོ་གླེང་སྐབས་དང་པོ་དེ་རིང་ནས་ཉིན་གསུམ་རིང་ཚོགས་འཆར་ཡོད་ཅིང་། དེ་ཡང་བགྲོ་གླེང་གི་ཉིན་དང་པོར་ཨ་ལགས་ཆོས་ཀྱི་སྣང་བ་མཆོག་དང་རྒན་མེད་འོད་ཟེར་རྣམ་གཉིས་ཀྱིས་གཙོ་སྐྱོང་འོག་རབ་བྱེད་དང་པོའི་འགལ་མཚམས་དག་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་པ་དང་། གཉིས་པར་མཁན་པོ་ཀུན་དགའ་རིན་ཆེན་གྱིས་གཙོ་སྐྱོང་འོག་རབ་བྱེད་གཉིས་པའི་སྐོར་བགྲོ་གླེང་གནང་རྒྱུ། ཉིན་མཐའ་མར་མཁན་པོ་རིན་ཆེན་རྒྱ་མཚོ་དང་རྒན་ཀུན་དགའ་འཚམས་ཆུང་གཉིས་ཀྱིས་གཙོ་སྐྱོང་འོག་རབ་བྱེད་གསུམ་པ་བགྲོ་གླེང་གནང་རྒྱུ་ཡིན་པ་མ་ཟད། ཉིན་གསུམ་གྱི་དགོང་དྲོའི་ཆུ་ཚོད་ ༦།༣༠ ནས་ ༨ བར་རྩོད་པ་བཅས་གོ་སྒྲིག་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢༤ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 1

  1. ཅང་མེད། says:
    ལོ་ 14 སྔོན།

    དངོས་གནས་ཡག་པོ་འདུག ཕོ་ལུ་མོ་ཁ་རྩོད་ནས་འདུག་པ་ལས་ལས་འགུལ་རེ་སྤེལ་ན་ཡག་པོ་འདུག
    ཇོ་ནང་བགྲོ་གླེང་བརྟན་པར་ཤོག ཇོ་ནང་བསྟན་པ་རྒྱས་པར་ཤོག
    ཇོ་ནང་བསམ་དོན་འགྲུབཔརཤོག ཇོ་ནང་རྒྱལ་ཁ་ཐོབ་པར་ཤོག
    བགྲོ་གླེང་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཅས་…………སྒོ་གསུམ་གུས་པའི་ཕྱག་འཚལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese