མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་ཀྱི་ལ་རྒྱ་ཤེས་ཡོན་གྱི་ཐོག་ནས་ཡོང་དགོས།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་གངས་སྐྱིད་ཕྱི་དྲིལ་ལས་ཁུངས་སུ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། རྒྱ་ནག་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་ཚོས་འཚེ་བའི་བྱ་སྤྱོད་མ་སྤེལ་བར་ཤེས་ཡོན་ཐོག་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ དང་ཕྱེད་ཀའི་སྟེང་གངས་སྐྱིད་ཕྱི་དྲིལ་ལས་ཁུངས་སུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། ཉེ་ལམ་རྒྱ་ནག་ཁྲིན་ཏུའུ་ལྕགས་ལམ་བཟོ་བསྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭ་ཞིག་ཏུ། བོད་རྒྱའི་སློབ་ཕྲུག་བར་འཁྲུག་འཛིང་ཤོར་བའི་གནས་སྟངས་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

གསལ་བསྒྲགས་དེའི་ནང་བཀོད་དོན། “ ཟླ་འདིའི་ཚེས་ ༡༤ ཉིན་གྱི་དགོང་མོར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་ལྕགས་ལམ་བཟོ་བསྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭ་ཞིག་གི་ནང་། བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མའི་བར་འཁྲུག་འཛིང་ཆེན་པོ་ཤོར་ཡོད་པ་དེར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སེམས་འཚབ་དང་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད། མཚན་མོ་དེར་རྒྱ་རིགས་སློབ་མ་ ༣༠༠༠ ཙམ་གྱིས་བོད་རིགས་སློབ་མ་བརྒྱ་ཕྲག་ཁ་ཤས་ལ་རྒོལ་འཛིང་བྱས་ཡོད་སྟབས། བོད་རིགས་སློབ་མ་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱོད་དགོས་པའི་གནས་ཚུལ་བྱུང་ཡོད། ཁྲིན་ཏུའུ་གྲོང་ཁྱེར་དུ་བྱུང་བའི་བོད་རྒྱ་སློབ་ཕྲུག་གཉིས་ཀྱི་འཁྲུག་འཛིང་དེ་ཐོག་མ་མིན་པར། ༢༠༡༠ ལོར་ཡང་སི་ཁྲོན་ཙི་ཀུང་གྲོང་ཁྱེར་དུ་འཁྲུག་འཛིང་དེ་ལྟ་བུ་ཞིག་བྱུང་ཡོད་པ་མ་ཟད། སྐབས་དེའི་འཁྲུག་འཛིང་ཁྲོད་རྒྱ་རིགས་སློབ་ཕྲུག་ཅིག་གིས་བོད་ཕྲུག་ཞིག་ལ་གྲིས་བཙུགས་ཏེ་རྐྱེན་ལམ་དུ་བཏང་ཡོད་ཀྱང་། ད་བར་ལག་དམར་འཛིན་བཟུང་བྱས་ཏེ་ཁྲིམས་ཐག་བཅད་པའི་གནས་ཚུལ་གང་ཡང་བྱུང་མེད་ཅེས་ ” འཁོད་འདུག

ཡང་གསལ་བསྒྲགས་དེའི་ནང་མུ་མཐུད་དུ་བཀོད་དོན། “ དབུས་བོད་མིིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ཏུ་སློབ་སྦྱོང་བྱེད་བཞིན་བོད་རིགས་སློབ་མ་ཚོར་སྐབས་བབ་ཀྱི་སློབ་སྦྱོང་ལ་ཧུར་བརྩོན་གནང་རྒྱུ་དང་། ཕ་མེས་ཀྱི་ཡ་རབས་བཟང་སྤྱོད་དང་ཡ་མ་བྲལ་བར་རྒྱ་རིགས་སློབ་གྲོགས་ཚོའི་མཐུན་ལམ་ཡར་རྒྱས་གཏོང་རྒྱུ་ལས། རང་ཉིད་བློ་ཁོག་ཆེ་མདོག་གིས་གཞན་ལ་འཁྲུག་པ་མི་རྒྱག་པའི་འབོད་སྐུལ་ཞུ་བཞིན་ཡོད། ང་ཚོས་རྒྱ་ནག་གྲོང་ཁྱེར་ ༡༢ ཙམ་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་ཚོའི་བདེ་འཇགས་ཐོག་རྒྱ་གཞུང་གིས་ངེས་པར་དུ་འགན་ལེན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་བོད་མིའི་འཐབ་རྩོད་དེ་རྒྱ་ནག་དང་རྒྱ་མི་རིགས་ལ་ངོ་རྒོལ་བྱས་པ་ཞིག་མིན་པར། ཞི་བའི་ཐོག་ནས་བོད་དོན་ཐག་གཅོད་ཡོང་བར་ནན་བརྗོད་བྱེད་ཀྱི་ཡོད་ཅེས་ ” འཁོད་འདུག    

ཐེངས་འདིའི་བོད་རྒྱ་སློབ་ཕྲུག་གི་རྩོད་གཞི་དེའི་ཐད་ལ་གསར་འགོད་པས་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ལ་བཀའ་འདྲི་ཞུས་པར།  “ དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་པོ་ཞིག་ད་སྔ་ཤེས་རྟོགས་བྱུང་མ་སོང་ཡང་། བོད་རྒྱའི་སློབ་ཕྲུག་གི་རྩོད་རྙོག་དེ་ཐེངས་དང་པོ་ཆགས་ཡོད་པ་མ་རེད། ༢༠༡༠ ལོར་ཡང་སི་ཁྲོན་ཙི་ཀུང་གྲོང་ཁྱེར་དུ་བོད་རྒྱའི་སློབ་ཕྲུག་བར་རྩོད་རྙོག་ཞིག་བྱུང་ཡོད། དེ་ཡིན་དུས། བོད་པའི་སློབ་ཕྲུག་ཚོས་མི་རིགས་ཀྱི་ལ་རྒྱ་ཟེར་བ་དེ་ཤེས་ཡོན་གྱི་ཐོག་ནས་སྟོན་དགོས་པ་ཞིག་ཡིན་སྟབས། རྒྱ་རིགས་སློབ་ཕྲུག་བར་རྩོད་རྙོག་ཡོང་སྐབས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་གནད་དོན་ཐག་གཅོད་དགོས་པ་རེད། རྒྱ་གཞུང་གི་ངོས་ནས་ཀྱང་ཕྱོགས་རིས་ཀྱི་དབང་དུ་མ་སོང་བར་གནས་ཚུལ་གང་བྱུང་རྣམས་ཇི་མ་ཇི་བཞིན་དྲིལ་བསྒྲགས་བྱ་རྒྱུ་གལ་ཆེན་རེད་ཅེས་ ” གསུངས་བྱུང་།

 ཟི་ཁྲོན་ཁྲིན་ཏུའུ་ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་ཁྱོན་བསྡོམས་རྒྱ་རིགས་སློབ་མ་སྟོང་ཕྲག་ ༣༠༠༠ ཙམ་དང་།  བོད་རིགས་སློབ་མ་ ༣༠༠ ཙམ་ཡོད་འདུག  སློབ་གྲྭ་དེར་ཡོད་པའི་བོད་རིགས་སློབ་མ་རྣམས་ནི། དེང་སྐབས་རྒྱ་གཞུང་གིས་བོད་རིགས་འཛིན་གྲྭ་ཞེས་པའི་མིང་ཐོག་ནས། རྒྱའི་ནང་ལོགས་ས་ཁུལ་ཁག་ཏུ་བོད་རིགས་སློབ་མ་སྡེབ་གཏོང་གི་ལས་གཞི་ལྟར་བྱས་པ་ཞིག་ཡིན་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༦ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 2

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ནད་གསུང་སྙིང་འདི་རེད་ཅེས་ཤེས་ཐུབ་མ་སོང. བོད་ཡིག་འདི་ཕུན་སུམ་ཚོགས་པོ་ཞེས་པའི་དོམ་ཅི ཡི་གེ་མགོ་ནག་རྒྱལ་བོ་ཡིན ལྟོ་གོས་སྦྱིན་པའི་ཐ་མ་ཡིན ཞེས་པ་འདི་བོད་ཡིག་གི་གནས་བབ་རེད་བསམ གཏམ་དཔེ་དེ་ལས་ནརྒལ་དགོས་ན་ཅི་ཞིག་ཇི་ལྟར་བྱེད་དགོས་སམ
    གཞན་དབུས་བོད་མིའི་གཞུང་གི་སྲིད་སྐྱོང་བ་གཙོས་བཀའ་བློནརྣམ་པར་མཚོན་ན དབྱིན་ཡིག་གིས་དེང་རབས་ཤེས་ཡིན་བརྒྱ་ཆའི་བདུན་ཅུ་ངེས་པར་ཡོད་དགོས་ལ བོད་ཡིག་གི་ཚད་ཅི་ཙམ་མཐོ་ཡང དབྱིན་ཤེས་60%ཙམ་ལ་བབ་ཚེ་དཔེ་ཟག་རེད ངའི་བསམ་པར དབྱིན་ཡིག་གིས་དེང་ཤེས༩༠%ཟིན་ཚེ བོད་ཡིག་གིས་ཤེས་ཚད0%ཡིན་ཀྱང་མི་འགྲིག་པ་ཅི་ཡང་མེད་པར་བསམ་མོ
    ད་དུང་་་་ད་རྗེས་སུ་བཤད་ཆོག

    Reply
  2. ནད་པ says:
    ལོ་ 15 སྔོན།

    ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་པ་ལྟར་ང་ཚོས་ཤེས་ཡོན་ཐོག་ལ་ཤུགས་སྣོན་ལྷག་པར་རྒྱག་དགོས་ཀྱི་འདུག

    ཤེས་ཡོན་དེ་ཡང་། ༸གོང་ས་མཆོག་གིས་གསུངས་པ་ལྟར་གནའ་དེང་གི་འདབ་ཤོག་གཉིས་ལྡན་དགོས། བོད་རང་ཉིད་ཀྱི་ཤེས་རིག་ཚད་ལྡན་ཐོག་ལྷག་ཏུ་དེང་རབ་ཚན་རིག་སོགས་ཀྱི་ཁྱབ་ཁོངས་ཆ་ཚང་བྱང་ཆ་ལྡན་པ་ཞིག་དགོས།

    ཤེས་ཡོན་དེ་འདྲ་ཞིག་གིས་ཐོག་ནས་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ཕུན་སུམ་ཚོགས་པ་ཞིག་བཟོ་ཐུབ་ན་མ་འོངས་པའི་བོད་དང་། བོད་རིགས་དེ་སླར་ཡང་འཛམ་གླིང་ངོམ་སུ་ཆོག་པ་ཞིག་ཡོང་ངེས་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese