མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་བཞིན་སྤྲོ་བཞིན་ཆོས་འབྲེལ་བྱ་རྒྱུའི་ཁས་ལེན་གཙང་མ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༸གོང་ས་མཆོག་གིས་ཨུ་རུ་སི་སྤྱི་མཐུན་རྒྱལ་ཁབ་ཐུ་བ་མངའ་སྡེའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར་འབུལ་བཞེས་གནང་བ་མ་ཟད། ཨུ་རུ་སི་དད་ལྡན་པ་རྣམས་ལ་ལམ་སྟོན་བཀའ་སློབ་གནང་ཡོད།  

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་བཟུང་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨུ་རུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་བ་དང་བྷུ་རུ་ཡཱ་ཐུ  ཁལ་མིག་བཅས་ཀྱི་ནང་པའི་ཆོས་ཞུ་བ་རྣམས་ལ་བཀའ་ཁྲིད་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་གསུང་ཆོས་མཇུག་བསྡུའི་ཉིན་མཐའ་མར་༸གོང་ས་མཆོག་གིས་ཨུ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་བ་མངའ་སྡེའི་མཐོ་སློབ་ (Tuva State University) ཀྱིས་ཁོང་གི་སྐུ་ཚེ་ཧྲིལ་པོར་ཚན་རིག་དང་འགྲོ་བ་མིའི་ཡ་རབས་བཟང་སྤྱོད། ཆོས་ལུགས་མཐུན་སྒྲིལ། རང་དབང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་རླབས་ཆེན་གྱི་མཛད་འཕྲིན་བཅས་ལ་གཞིགས་ཏེ་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར་ ( Professor Emeritus) འབུལ་བཞེས་གནང་བ་དང་། ཁལ་མུག་ནང་བསྟན་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུ་ནང་པ་ཡོངས་ཀྱི་ཚབ་བྱས་ཏེ། ཐོག་མའི་འཆར་གཞི་ལྟར་ཨུ་རུ་སུ་ནང་པའི་དད་ལྡན་པ་རྣམས་ཀྱིས་༸གོང་ས་མཆོག་ལ་ལོ་གསུམ་རིང་ལ་བཀའ་དབང་ཞུ་རྒྱུའི་ལས་རིམ་དེ་རིང་ཡོངས་སུ་མཇུག་སྒྲིལ་ཡང་། འདས་པའི་ལོ་གཉིས་རིང་གི་ཆོས་ཞུ་བའི་གྲངས་འབོར་དང་སྤྱི་ཚོགས་ཁྲོད་ཀྱི་ཕན་ནུས་བཅས་ལ་བརྟེན་ནས་མ་འོངས་པར་མུ་མཐུད་བཀའ་ཆོས་བསྩལ་གནང་ཡོང་བའི་གསོལ་འདེབས་ལ་༸གོང་ས་མཆོག་གིས་ཞལ་བཞེས་གནང་ཡོད།  

བཀའ་དབང་མཇུག་སྒྲིལ་རྗེས་༸གོང་ས་མཆོག་གིས། ཐེངས་འདིར་ཆེད་དུ་ཕེབས་པའི་ཨུ་རུ་སུའི་ཆོས་ཞུ་བ་ ༡༦༠༠ ལྷག་ལ་དམིགས་བསལ་བཀའ་སློབ་གནང་དོན། “ སྔོན་མ་ང་རང་ཐུ་བ་ལ་ཐེངས་གཅིག་བསླེབས་པ་རེད། སྐབས་དེར་ཐུ་བའི་ནང་འགྱུར་བ་ཕྱིན་འཕྲལ་ཡིན་སྟབས། དངོས་གནས་སྔ་མོའི་བོད་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་བག་ཆགས་ཀྱི་ཤུལ་དང་། དད་པ་དམ་ཚིག་གི་འབྲེལ་བ་དམིགས་བསལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། སྐབས་དེའི་སྲིད་འཛིན་ཡང་ཧ་ཅང་ཡག་པོ་ཡོད། ཕྱིས་སུ་ངོས་རང་ཨུ་རུ་སིའི་ས་ཁོངས་སུ་འགྲོ་རྒྱུ་མ་བྱུང་བ་རེད། རིན་པོ་ཆེས་བཤད་པ་ལྟར་ཆབ་སྲིད་ཀྱི་གནས་སྟངས་འོག་འགྲོ་ཐུབ་མེད་ཀྱང་།  ཐུ་བ་ས་ཁུལ་གཙོས། ཁལ་མུག་དང་བྷུ་རུ་ཡ་ཐུ་ནས་འདིར་དད་པ་རྒྱུན་མ་ཆད་པར་ཡོང་སྟེ། ལོ་ཤས་རིང་ལ་ཆོས་འབྲེལ་བྱ་རྒྱུ་བྱུང་ཡོད། དེ་རིང་ཐུ་བ་གཙུག་ལག་སློབ་གྲྭ་ཆེན་མོའི་ངོས་ལ་མཁས་པའི་བྱ་དགའ་ཞིག་གོ་སྒྲིག་གནང་བ་རེད། ཐུགས་རྗེ་ཆེ་ཞུ་གི་ཡིན། རིན་པོ་ཆེས་གསུངས་པ་བཞིན། འདས་པའི་ལོ་ཤས་ཀྱི་ཉམས་མྱོང་ལ་གཞིགས་ན་སངས་རྒྱས་པའི་ཆོས་ལ་དག་སྣང་བྱེད་རྒྱུ་ཆེ་རུ་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། ས་ཐག་རིང་པོ་ནས་འདིར་ཡོང་རྒྱུ་ལས་སླ་བོ་མ་རེད། ཕྱོགས་གཅིག་ནས་ས་ཐག་རིང་པོ་དང་གཉིས་ནས་ལམ་གྲོན་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་བྱས་ཏེ་ཡོང་གི་ཡོད་པ་རེད། གང་ལྟར། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་དང་། བྱང་ཆུབ་སེམས་ལ་མོས་པ་རྩེ་གཅིག་ཡོད་མཁན་ཞིག་གི་ངོས་ནས་གཞན་ལ་ཕན་པ་བྱུང་ན་སྲོག་འཚོ་བའི་དགོས་དོན་ཚང་བ་རེད། ངོས་ནམ་རྒྱུན་རང་གི་ལུས་ངག་ཡིད་གསུམ་གཞན་ལ་བདེ་བའི་རྐྱེན་དུ་འགྱུར་བ་ཞིག་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད། ཁྱེད་ཚོས་དཀའ་ངལ་ཁྱད་དུ་གསད་དེ་ཡོང་བ་ལ་ཕན་པ་བསྒྲུབ་རྒྱུ་དང་། ལྷག་པར་དུ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བྱེད་མཁན་ཞིག་གི་ངོས་ནས་ངའི་ལས་འགན་ཆགས་ཡོད་སྟབས། དགའ་བཞིན་སྤྲོ་བཞིན་ཆོས་འབྲེལ་བྱ་རྒྱུའི་ཁས་ལེན་གཙང་མ་ཡོད། ” ཅེས་གསུངས་ཡོད།

ཁ་སང་ཕྱི་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་ཨུ་རུ་སུ་དད་ལྡན་པ་དང་བོད་ནས་ཡོང་བའི་ཆོས་ཞུ་བ། དེ་བཞིན་བཞུགས་སྒར་ཉེ་འཁྲིས་ཀྱི་སེར་སྐྱ་མང་ཚོགས་བཅས་ལ་ཉིན་གྲངས་གསུམ་རིང་བཀའ་ཆོས་ཡོངས་སུ་མཇུག་སྒྲིལ་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཕྱི་ཟླ་ ༡ ཚེས་ ༡༠ གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ



འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༦ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༩ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བླ་མ་ཀུན་གྱི་བླ་མ་དང་ཉི་མ་ཀུན་གྱི་ཉི་མའོ།
    མཛད་འཕྲིན་སྤྲིན་གྱི་རྒྱ་མཚོ་རྒྱས་གྱུར་ཅིག

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཡིད་བཞིན་གྱི་ནོར་བུ། དཔག་བསམ་གྱི་ཤིང་མཆོག འཇིག་རྟེན་འགྲོ་བ་ལྷ་མི་ཡོངས་ཀྱི་སྐྱབས་མགོན། འཛམ་གླིང་ཞི་བདེའི་དད་དཔོན་བླ་ན་མེད་པ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་ཆེན་པོ་གང་ཉིད་སྐུ་ཚེ་ནམ་མཁའ་གནས་ཀྱི་བར་དུ་བཞུགས་པར་གསོལ་བའི་སྨོན་འདུན་ཡང་ཡང་ཞུ།
    འགྲོ་འདུལ་འཕགས་མཚོག་སྤྱན་རས་གཟིགས་དབང་དངོས། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག །སྐུ་ཚེ་བརྟན་ཅིང་རི་བོ་པོ་ཏ་ལར། །མྱུར་དུ་ཁྲིར་འགོད་རྒྱལ་བསྟན་དར་རྒྱས་ཤོག
    བོད་གཞིས་བྱེས་མྱུར་དུ་འཛོམ་པར་ཤོག །བོད་གཞིས་བྱེས་མྱུར་དུ་འཛོམ་པར་ཤོག །བོད་གཞིས་བྱེས་མྱུར་དུ་འཛོམ་པར་ཤོག །བོད་གཞིས་བྱེས་མྱུར་དུ་འཛོམ་པར་ཤོག བོད་རྒྱལ་ལོ།།།།།།།

    Reply
  3. ཤག་སྒང་པ། says:
    ལོ་ 15 སྔོན།

    སྒོ་གསུམ་གུས་པས་ལྷ་ཕྱག་གྲངས་མེད་ཕུལ་ལོ།། ༸རྒྱལ་བ་ཁྱེད་ཡུན་དུ་རྒྱལ་གྱུར་ཅིག

    Reply
  4. ནད་པ says:
    ལོ་ 15 སྔོན།

    ༸ གོང་ས་སྐུ་འཕྲེང་བཅུ་གསུམ་ཆེན་པོས་ཀྱང་བོད་ཀྱི་རྒྱལ་ས་ལྷ་སར་བཞུགས་དུས་བོད་མི་ཚོར་དེ་ཙམ་གྱིས་བཀའ་ཆོས་དང་ཆོས་འབྲེལ་མཛད་མེད་ཀྱང་སོག་ཡུལ་དུ་བྱོན་དུས་བཞུགས་ཁྲི་འཁོད་དེ་བཀའ་ཆོས་དང་དབང་ལུང་སོགས་ཀྱི་མཛད་པ་བསྐྱངས་ཡོད།

    སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གིས་ད་རེས་དགའ་ཞིང་སྤྲོ་བཞིན་དུ་ཆོས་འབྲེལ་བྱ་རྒྱུའི་ཁས་ལེན་གཙང་མ་ཡོད་ཅེས་བཀའ་དྲིན་ཞལ་བཞེས་ཟམ་མོ་ཐོབ་པ་ཧ་ཅང་གི་བསྐལ་བ་བཟང་པོ་རེད།

    རྗེ་བཙུན་འཇམ་དཔལ་ངག་གི་དབང་པོའི་སྐུ།།
    སྙིང་རྗེའི་གཏེར་ཆེན་བློ་གྲོས་བཟང་པོའི་གསུང་།།
    ཡེ་ཤེས་མཐུ་སྟོབས་གསང་བའི་བདག་པོའི་ཐུགས།།
    ༸ རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་སྡེ།།
    ཡོངས་རྫོགས་བསྟན་པའི་བདག་པོར་ཞབས་བརྟན་གསོལ།།

    ཞེས་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ཚིག་འདི་སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་དམ་པ་རྫ་རོང་འཁྲུལ་ཞིག་རིན་པོ་ཆེས་ལྗགས་རྩོམ་གནང་བའི་ཐུགས་བཞེད་ལྟར་གེགས་མེད་ལྷུན་གྱིས་འགྲུབ་པར་སྨོན།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    “གང་ལྟར། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་དང་། བྱང་ཆུབ་སེམས་ལ་མོས་པ་རྩེ་གཅིག་ཡོད་མཁན་ཞིག་གི་ངོས་ནས་གཞན་ལ་ཕན་པ་བྱུང་ན་སྲོག་འཚོ་བའི་དགོས་དོན་ཚང་བ་རེད། ངོས་ནམ་རྒྱུན་རང་གི་ལུས་ངག་ཡིད་གསུམ་གཞན་ལ་བདེ་བའི་རྐྱེན་དུ་འགྱུར་བ་ཞིག་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད།” ཅེས་པའི་གསུང་འདི་ཟུར་འདོན་བྱས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese