མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་རག་ནང་འགས་གཏོར་བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བུའི་ཉིན་ཨེ་རག་རྒྱལ་ས་པ་ཀི་ཏ་ནང་བསྟུད་མར་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་ ༦༣ རྐྱེན་འདས་དང་མི་ ༡༨༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་ཨེ་རག་རྒྱལ་ས་པ་ཀི་ཏ་ནང་བསྟུད་མར་ས་གནས་ཁག་མ་འདྲ་བ་ ༡༣ ལ་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་ ༦༣ རྐྱེན་འདས་དང་མི་ ༡༨༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག   འགས་གཏོར་དོན་རྐྱེན་བྱུང་ཡུལ་གཙོ་བོ་ནི་ཞའེ་ཁྲའེ་མུ་སི་ལིམ་ (ShiiteMuslims) ཆོས་ལུགས་ཕྱོགས་གཏོགས་མི་མང་འདུས་སྡོད་ཀྱི་ས་གནས་ཁག་ཡིན་པ་རེད། འདི་ནི་ཉེ་ ཆར་ཨེ་རག་ནང་ནས་ཨ་རིའི་དམག་མི་ཕྱིར་འཐེན་བྱས་པའི་རྗེས་ཀྱི་འགས་གཏོར་དོན་ རྐྱེན་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཐེངས་འདིའི་དོན་རྐྱེན་གྱིས་ཨེ་རག་གི་ཆབ་ སྲིད་གནས་སྟངས་ལ་མུ་མཐུད་དཀའ་ངལ་འཕྲད་རྒྱུ་ཡིན་པ་མངོན་ཡོད་པ་རེད། 

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་ཞའེ་ཁྲའེ་མུ་སི་ལིམ་ཆོས་ལུགས་ཕྱོགས་གཏོགས་མགོ་ཁྲིད་ཀྱི་དབང་འཛིན་འོག་ཡོད་པའི་ཨེ་རག་སྲིད་གཞུང་གིས། སན་ནེའུ་མུ་སི་ལིམ་ (SunniMuslims) ཆོས་ལུགས་ཕྱོགས་གཏོགས་ནས་ཡིན་པའི་སྲིད་བློན་གཞོན་པ་ཁྲའེ་རེ་ཁི་ (Tariq) ལ་སྲིད་གཞུང་གི་མགོ་ཁྲིད་གཞན་དག་ལྐོག་གསོད་ཀྱི་ངན་ཇུས་ཡོད་སྐོར་བརྗོད་དེ། ཉེ་ཆར་བདའ་འདེད་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད། ཡིན་ནའང་། ཕྱི་ཚེས་ ༢༡ ཉིན་སྲིད་བློན་གཞོན་པ་ཁྲའེ་རེ་ཁི་ཡིས། “ཟླ་འདིའི་ནང་ཨ་རིའི་དམག་མི་ཨེ་རག་ནས་ཕྱིར་འཐེན་གྱི་གོ་སྐབས་དང་བསྟུན་ནས། སྲིད་བློན་མའེ་ལིས་ཁི་ (Nouri al-Maliki) ཡིས་རང་ཉིད་ཀྱི་དབང་ཤུགས་སྲ་བརྟན་བཟོ་ཆེད་རེད། ” ཅེས་བརྗོད་དེ། ཐེངས་འདིར་ཁོ་རང་འཇུ་བཟུང་གི་བཀའ་རྒྱ་བཏང་བ་དེ་ནི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་ཡིན་པ་དང་། ད་ལྟ་སྲིད་བློན་མའེ་ལིས་ཁི་ཡིས་བདེ་འཇགས་དམག་དཔུང་དང་གསང་བའི་བདེ་སྲུང་ལ་སྟངས་འཛིན་བྱས་ཡོད་པར་མ་ཟད། མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་དག་ལ་འབྲེལ་འདྲིས་བྱེད་མི་མཆོག་པའི་དམ་དྲག་ཀྱང་བཟོས་ཡོད་ཚུལ་དང་། གཞན་ཡང་། ཨ་རི་གཞུང་གིས་ཨེ་རག་ནང་ཡང་དག་པའི་དམངས་གཙོའི་སྲིད་གཞུང་ཞིག་འཛུགས་ཐུབ་མེད་པ་དེས། ཨེ་རག་ནང་མ་འོངས་པར་ཨེ་རན་གྱི་ཤུགས་རྐྱེན་བསྐྱར་དུ་སླེབས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།  

ད་ལྟ་ཨེ་རག་སྲིད་བློན་གཞོན་པ་ཁྲའེ་རེ་ཁི་ནི་ཆབ་སྲིད་ལམ་ལུགས་ཕྱེད་རང་སྐྱོང་འོག་ཡོད་པའི་ཨེ་རག་བྱང་ཕྱོགས་ས་ཁུལ་གྱི་མངའ་སྡེ་ཁོར་ཌེ་ཞི་ (Kurdish) ནང་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཨེ་རག་སྲིད་བློན་མའེ་ལིས་ཁི་ཡིས་རྒྱལ་ས་པ་ཀི་ཏར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག   མངའ་སྡེ་ཁཱོར་ཌེ་ཞི་ཡིས་ཁྲའེ་རེ་ཁི་འཛིན་བཟུང་གིས་ཕྱིར་རྩིས་སྤྲོད་བྱེད་དགོས་པ་བརྗོད་འདུག   

གསར་འགོད་པ། ཚེ་རིང་རྒྱལ།  

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. དོན་འགྲུབ། says:
    ལོ་ 15 སྔོན།

    འཇིག་སུ་རུང་བའི་འཚེ་བ་འདི་འདྲ་ས་ཕྱོགས་གང་དུ་ཡང་དུས་ནམ་ཡང་མེད་པར་སྨོན།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དྲག་པོའི་ལས་འགུལ་འཇིགས་སུ་རུང། འཚེ་མེད་ཞི་བས་རང་གཞན་དགེ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese