ཉེ་ཆར་ཕི་ལི་པིན་ནང་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་རྒྱུ་གཉིས་ཐད་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པའི་ཐད། ༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་དང་རོགས་དངུལ་སྩལ་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་༸གོང་ས་མཆོག་གིས་ཕི་ལི་པིན་གྱི་སྲིད་འཛིན་ཨ་ཀི་ནོ་ (Benigno Aquino III) མཚན་ཐོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཏེ། ཉེ་ཆར་ལྷོ་ཕྱོགས་མིན་ཌ་ནོའི་ (Mindanao) ས་ཁུལ་ནང་ཆུ་ལོག་གི་གོད་ཆག་ཚབས་ཆེན་འོག་ཡུལ་མི་མང་པོའི་ཚེ་སྲོག་ཤོར་བ་དང་། ཁང་ཁྱིམ་དང་རྒྱུ་ནོར་སོགས་ལ་གོད་ཆག་ཚབས་ཆེ་ཕོག་པར་བློ་ཕམ་དང་། གོད་ཆག་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་དང་། རྗེས་ཤུལ་ནང་མི་དང་གཉེན་ཉེ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་མྱུར་དུ་དཀའ་ངལ་ལས་གྲོལ་ཆེད་སྨོན་ལམ་འདེབས་པ་གནང་རྒྱུ་ཡིན་པ་གསུང་ཡོད་པར་མ་ཟད། གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་རོགས་སྐྱོར་གྱི་འདེབས་ཕྲན་བུ་འབུལ་རྒྱུ་ཡིན་པའི་ཞལ་བཞེས་གནང་ཡོད་འདུག





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)
ཀུན་གྱི་ཉི་མ་འབྱོར་ལྡན་ཞིང་། །
ཀུན་གྱི་ཉི་མ་ཡུན་བརྟན་ཤོག །
ཀུན་གྱི་ཉི་མའི་སྨོན་ལམ་དང་། །
ཀུན་གྱི་མགོན་པོའི་བཞེད་འདོད་གྲུབ། །