མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཚན་རིག་པས་འཇིག་རྟེན་གྱི་ཆེས་ཐོག་མའི་གསང་བ་བརྟོལ་བ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp
ཤ་བོ་ཐར། ལྡི་ལི་མཐོ་སློབ་ཀྱི་དངོས་ལུགས་རིགས་པའི་ཆེད་ལས་སློབ་མ།   

ཡོ་རོལ་དངོས་ལུགས་ཞིབ་འཇུག་ཁང་ (Cern European physics research centre) ནི་ཧེ་རྒུའུས་བྷོ་སོན་(Higg Boson) ནམ་“ལྷའུ་རྡུལ”ཞེས་བརྗོད་པ་དེ་འཚོལ་རྙེད་ཐུབ་ཆེད་འཛམ་གླིང་རྒྱལ་ཁབ་དག་གིས་ཨ་སྒོར་ཐེར་འབུམ་བརྒྱད་ལྷག་བཏང་ནས་བཙུགས་པའི་སིར་སུ་ཡི་རྒྱལ་མཚམས་སུ་ཡོད་པའི་རྡུལ་ཕྲན་ཚོད་ལྟ་ཁང་ཆེན་པོ་ཞིག་ཡིན་ཞིང་།  ཉེ་བའི་ཆར་སུན(Cern) གྱི་ཚན་རིག་པ་ཚོས་ཚོད་དཔག་བྱས་ཚོད་ལྟར་ན་ཁོང་ཚོས་གོང་དུ་བརྗོད་པའི་རྡུལ་དེ་འཚོལ་རྙེད་བྱུང་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་རེད།    རྡུལ་ཀྱི་ཆ་དུམ་འདི་ནི་འཇིག་རྟེན་གྲུབ་རྐྱེན་གྱི་ཆེས་ཐོག་མའི་རྨང་གཞིའི་གྲུབ་རྐྱེན་ཅིག་ཡིན་པས། འཛམ་གླིང་གི་ཆེས་ནུས་ཤུགས་ཅན་གྱི་རྡུལ་ཕྲན་འགད་ཆས་ (Large Hadron Collider (LHC)ནི་ཚན་རིག་པ་རྣམས་ཀྱི་རྣམ་ཀུན་རྟོགས་འདོད་ཆེ་བའི་གནས་ཤིག་ཀྱང་ཡིན།“ལྷའི་རྡུལ”ནི་ “ཚད་ལྡན་དཔེ་གཟུགས” (standard model) ཞེས་བ་དེ་རྡུལ་ཕྲན་དངོས་ལུགས་ཀྱིས་ད་དུང་ཡང་འཇིག་རྟེན་སྟེང་ཡོད་པ་བརྗོད་མ་ཐུབ་པའི་ཆེས་ཐ་མའི་ཁམས་རྫས་དེ་ཡིན་པ་རེད། སྤྱི་ལོ་ ༡༩༦༠ ལོ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ནས་བརྗོད་ན། རྡུལ་དེས་རྡུལ་གཞན་ལ་བོངས་ཚད་མཁོ་སྤྲོད་བྱེད་པའི་དབང་གིས་ཀོན་ཊམ་འཐབ་ཤུགས་རིག་པའི་རྣམ་གཞག་ (quantum mechanics) གཅིག་པུའི་ལམ་ནས་མ་གཏོགས་འགྲེལ་བརྗོད་བྱེད་ཐུབ་ཀྱིན་མེད། སྟབས་བདེ་བོའི་ངང་བརྗོད་ན་ནི། “སྣང་ཚུལ” གྱི་ “ལྷའི་རྡུལ” ཕན་ཚུན་བརྡབ་སྐྱོན་ཀྱི་ཤུགས་ལས་གྲུབ་པའི་བོངས་ཚད་དེ་ནི་སྟོང་ཁམས་ཆེན་པོར་སྐབས་འགར་མངོན་པ་དང་སྐབས་འགར་ཡལ་འགྲོ་ཡི་ཡོད་པ་རེད།

 “ལྷའི་རྡུལ” དེས་རྡུལ་ཕྲན་གཞན་ལ་བོངས་ཚད་མཁོ་སྤྲོད་བྱེད་པ་མ་ཟད་དེ་རང་ཉིད་ལའང་བོངས་ཚད་ཡོད། དེ་བས་ལྟ་གྲུབ་ཚན་རིག་པ་ཚོས་རྡུལ་དེའི་ངེས་བརྟན་གྱི་བོངས་ཚད་ཅིག་མ་རྙེད་པ་དེ་ནི་དེང་རབས་ཚན་རིག་གི་དཀའ་ངལ་ཆེ་ཤོས་ཅིག་ཡིན་པ་བརྗོད་ཡོད་པ་དང་། དཔྱད་བརྗོད་པའི་བཤད་སྲོལ་ལྟར་ན་རྡུལ་དེ་ལ་ཕོ་རྡུལ་འམ་མ་ནིང་རྡུལ་ལས་ལྡབ་ ༡༢༥ ལས་ཆེ་བའི་བོངས་ཚད་ཡོད་པའི་གནས་ཚུལ་བརྗོད་ཡོད། སུན་(Cern) གྱིས་“ལྷའི་རྡུལ” ཡོད་པའི་ར་སྤྲོད་བྱེད་མ་ཐུབ་པའི་རྒྱུ་མཚན་ཞིག་ནི། དངོས་ལུགས་རིགས་པའི་སྤྱི་སྲོལ་ལྟར་ན་རྡུལ་གསར་བ་ཞིག་ལ་རྣམ་གྲངས་ཀྱི་གདེངས་ཚོད (statistical confidence) “སེའུ་མ་ ༥ ” (5-sigma) དགོས་བ་དང་། དེ་ཡོད་ཚེ་སྤྱིའི་ཚོད་ལྟའི་སྟོང་ཆའི་གཅིག་མ་གཏོགས་ཐམས་ཅད་འགྲིགས་པས་ཁག་ཐེག་བྱེད་ཐུབ་པས་ཡིན། འོན་ཀྱང་ད་ལྟའི་གནས་བབ་ལ་གཞིགས་ན་ “ལྷའི་རྡུལ” དེར་རྣམ་གྲངས་ཀྱི་གདེངས་ཚོད་ “ སེའུ་མ་ ༣ ” ལས་མེད་པ་རེད།

 “ལྷའི་རྡུལ་ཕྲན་”ཞེས་བ་དེ་ནི་ཐོས་བ་ཙམ་གྱིས་ཡ་མཚན་དེ་འདྲ་ཞིག་མི་སྐྱེས་མོད། འདི་ནི་དེང་རབས་ཚན་རིག་པའི་ཁྲོད་ཀྱི་ཚ་ཚ་འུར་འུར་ཀྱི་བརྗོད་གཞི་ཆེན་པོ་ཞིག་ཡིན་ཞིང་། དེ་ཡང་དེང་རབས་ཚན་རིག་གི་རྨང་གཞི་དང་རྒྱབ་འགལ་དུ་སོང་བའི་སྔ་དར་དངོས་ལུགས་རིག་པའི་ནོར་འཁྲུལ་ཐོག་མའང་དེ་ནས་བྱུང་བ་ཞིག་ཡིན། དུས་རབས་བཅུ་དགུ་བའི་རླབས་ཆེན་ཚན་རིག་པ་ཆེན་པོ་ཉུག་ཁྲོམ་ (I.NEWTON) ལགས་ཀྱི་ཁོང་གི་འགུལ་ཤུགས་ཀྱི་གྲུབ་མཐའ་ཁག་སྟེ།  “འགུལ་སྐྱོད་ཀྱི་ཆོས་ཉིད་གསུམ” བཏོན་གནང་བའི་རྨང་གཞི་ནི། དུས་ཚོད་དང་ས་ཆ་ནི་དུས་དང་རྣམ་པ་ཀུན་ཏུ་རྟག་བརྟན་དང་འགྱུར་མེད་ཀྱི་རིང་བཞིནཅན་ཞིག་ཡིན་པར་འདོད་པ་དེ་རེད། དེ་བས་ཁོང་གི་ཚན་རིག་གི་གྲུབ་མཐའ་ཐམས་ཅད་ཀྱི་སྒྲོམ་གཞི་ཡོད་ཚད་ཡང་ལྟ་བ་དེའི་ཐོག་ནས་ར་སྤྲོད་བྱས་པ་ཞིག་ཡིན། ཡིན་ཡང་དུས་རབས་ཉི་ཤུ་བའི་ནང་སྙན་གྲགས་ཀྱི་བ་དན་དགོངས་ལ་འཕྱོ་བའི་ཚན་རིག་པ་ཆེན་པོ་ཨའན་སུ་ཐན་ (EINSTEIN) མཆོག་གིས་དུས་ཚོད་དང་ས་ཆ་ནི་ནམ་ཡང་རྟག་བརྟན་ཞིག་མིན་པར་དེ་གཉིས་ནི་ལྟོས་བཅས་ཀྱི་རང་བཞིན་ཅན་ཞིག་དང་། གཅིག་ལ་གཅིག་བརྟེན་གྱི་རྟེན་འབྱུང་གི་ཚུལ་དུ་གནས་ཡོད་པ་བརྗོད་ཡོད་པ་རེད། ཁོང་གི་ “རྟེན་འབྲེལ་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་མཐའ” (Special Theory Of  Relativity)ཞེས་པར་ཆ་ཚད་ཀྱི་ཕྱོགས་མཐའ་བཞི་སྟེ། ས་གནས་དང་དུས་ཚོད་ནི་ངེས་ཅན་གྱི་རྟག་པ་ཞིག་མིན་པར་ཕན་ཚུན་ལྟོས་བཅས་ཀྱི་རང་བཞིན་ཡིན་པ་གསུངས་པ་དང་། འོད་ཀྱི་མགྱོགས་ཚད་ནི་འཇིག་རྟེན་ཀུན་ཁྱབ་ཀྱི་འགྱུར་མེད་ཚད་ཐིག་ཏུ་བཟུང་ནས།  “མཚེ་ཕྲུག་གཉིས་ཀྱི་སྔ་ཕྱི་འགལ་ཟླ” (TWINS  PARADOX) ཞེས་པ་དེ་ཡོངས་སུ་བསྒྲགས་ནས་དུས་ཚོད་ནི་སོར་གནས་ཀྱི་བྱ་དངོས་ཤིག་མིན་པར་ཕན་ཚུན་ལྟོས་གྲུབ་ཡིན་པ་ར་སྤྲོད་བྱས་པ་རེད།

 དེ་ཡང་དེང་རབས་ཚན་རིག་དང་ཆོས་ལུགས་འདྲ་མིན་ལ་སོགས་པའི་སྲོལ་རྒྱུན་ཀྱི་ཚད་ཉིད་རིག་པ་(ཤེར་རྟོགས་རིག་པ) ཁག་གི་ཆེས་མི་འདྲ་ས་ཞིག་ནི། སྔ་མ་དེ་གཏན་ལ་ཕབ་པའི་གཞུང་ལུགས་ཤིག་མིན་པར་གལ་ཏེ་རྨང་གཞི་དང་འགལ་བའི་གྲུབ་མཐའ་ཞིག་རྩིས་རིག་གི་ལམ་ནས་ར་སྤྲོད་བྱས་ན་དེ་མ་ཐག་ཏུ་ཡོངས་སུ་མཐུན་པའི་ངང་བཅོས་བསྒྱུར་བྱེད་པ་རེད། དེ་ནི་ཆོས་ལུགས་ཁག་དང་མ་འདྲ་བའི་ངོ་མཚར་ཀྱི་གནས་ཤིག་ཡིན་པ་རེད། དཔེར་བཞག་ནས་བཤད་ན། གལ་ཏེ་གོང་དུ་གླེང་ཟིན་པའི་ “ལྷའི་རྡུལ” ཞེས་པ་དང་(NUTRINO) ཞེས་པ་དེའི་མགྱོགས་ཚད་ནི་འོད་ལས་ཆེ་བ་ཡིན་པ་ར་སྤྲོད་ཁུངས་སྐྱེད་བྱེད་ཐུབ་ཚེ། རླབས་ཆེན་གྱི་དངོས་ལུགས་ཚན་རིག་པ་ཆེན་པོ་ཨའན་སུ་ཐན་(EINSTEIN)མཆོག་གིས་བཏོན་གནང་བའི་རྟེན་འབྲེལ་ཀྱི་གྲུབ་མཐའ་ཁག་ལ་བཅོས་བསྒྱུར་ཆེན་པོ་ཞིག་བྱེད་དགོས་པ་ཆགས་ཡོད་པ་རེད།

དེང་རབས་ཚན་རིག་གི་ཆེས་ཆུང་བའི་རྡུལ་ཕྲན་ “ལྷའི་རྡུལ” ཞེས་བ་དེ་འཚོལ་རྙེད་ཐུབ་པ་དང་། དེའི་རང་བཞིན་ནི་རྡུལ་དང་ནུས་བའི་ངོ་བོ་ཟུང་ལྡན་ཅན་ཞིག་ཡིན་པར་རྙེད་པ་མ་ཟད། དེའི་མིང་གཞན་ཞིག་ལ་“རྫས་ཀྱི་འགལ་བ”(Anti-matter) ཞེས་ཡང་བརྗོད་པ་རེད། དེའི་རྒྱུ་མཚན་ནི་གལ་སྲིད་ “ལྷའི་རྡུལ” དེ་སྐད་ཅིག་ངང་རྫས་ཀྱི་རང་བཞིན་ལ་འགྱུར་འགྲོ་བ་དང་དེ་དང་མཉམ་དུ་ཕུང་འདུས་ནུས་ཤུགས་ཧ་ལས་པ་ཞིག་འདོན་པ་རེད།

“ལྷའི་རྡུལ”དེ་ནི་རྫས་དང་ནུས་བ་གཉིས་ཀྱི་འབྲེལ་ཐག་ཡིན་པས་ཡེ་ཤུའི་ཆོས་ལུགས་པ་ཚོ་དང་། ད་དུང་ཚན་རིག་པ་གྲངས་ངེས་ཅན་ཞིག་གིས་འཇིག་རྟེན་དཀོད་པ་པོ་ཡོད་པའི་རྒྱབ་བརྟེན་ཡང་དེ་ཡིན་པར་བརྗོད་པ་རེད།

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    tatས།
    འདི་བས་འདི་དགོས་མང་སྟེ་བཤོལ་བའི་འོས། །དམ་ཆོས་གཅིག་པུར་བབ་པ་ཡིད་རེ་མུག །
    དམ་ཆོས་གཅིག་པུར་བབ་ན་ཡིད་རེ་མུག་སྟངས་ཅིག་ཡོད་དམ།

    Reply
  2. tata says:
    ལོ་ 11 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །དུས་མཐར་ཐུབ་བསྟན་རྒྱལ་མཚན་བསྒྲེང་བའི་ཕྱིར།།
    གསུམ་ལྡན་ངུར་སྨྲིག་འཆང་བའི་རྣམ་རོལ་པ། །ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་ལ་འདུལ།།
    དམ་པའི་སྐྱེས་བུ་འགའ་ཞིག་མདོ་སྔགས་ཀྱི། །ལམ་བཟང་སྒྲུབ་ཚུལ་བསླབ་བྱ་དགོས་སོ་ཟེར།།
    གཞན་ལ་ཕན་པའི་བསླབ་བྱ་བྱེད་པ་པོ། །རང་ཉིད་བསམ་ཞིང་རང་ལ་ཡི་མུག་སྐྱེས།།
    འདི་ཕྱིའི་སྐྱབས་སུ་བླ་མ་བསྟེན་ན་ཡང་། །བདེན་ཁ་རང་གིས་བཟུང་བ་ཡིད་རེ་མུག །
    དལ་འབྱོར་དོན་ཆེ་རྙེད་དཀའ་ཟེར་བཞིནདུ། །དོན་མེད་སྟོང་པར་གཟད་པ་ཡིད་རེ་མུག །
    ནོར་རྐུན་མཐོང་ནས་ཤིན་ཏུ་ཟོན་བྱེད་ཀྱང་། །མི་རྐུན་གཤིན་རྗེའི་ཟོན་མེད་ཡིད་རེ་མུག །
    ལྐོག་གྱུར་གནས་ལུགས་འཚོལ་བའི་ཁུལ་བྱེད་ཀྱང་། །མངོན་འགྱུར་འཆི་བ་མི་མཐོང་ཡིད་རེ་མུག །
    ཉེས་སྤྱོད་ཆུ་བོ་ཐུར་དུ་རྒྱུག་བཞིན་དུ། །བདེ་འགྲོའི་རི་རྩེར་ཕྱིནའདོད་ཡིད་རེ་མུག །
    བདེ་འགྲོར་མ་ཟད་བདེ་བ་ཅན་འདོད་ཀྱང་། །དམྱལ་བའི་གཏིང་རྡོ་བྱེད་བ་ཡིད་རེ་མུག །
    སྐྱིད་སྡུག་འདམ་དབང་ཡོད་ཅིང་ཤེས་བཞིནདུ། །ཐར་མེད་བཙོན་རར་འཇུག་པ་ཡིད་རེ་མུག །
    གཞན་ལ་འདི་ཕྱིའི་སྐྱབས་འཇུག་ཁས་ལེན་ཡང་། །རང་ཉིད་གར་འགྲོ་མེད་པ་ཡིད་རེ་མུག །
    བསྟན་འཛིན་གོང་མའི་གྲལ་དུ་འཚང་ན་ཡང་། །བསྟན་པའི་སྒོ་རུ་མ་ཆུད་ཡིད་རེ་མུག །
    སྡོམ་གསུམ་ནོར་བུའི་གཏེར་ཁ་ཕྱེ་བ་ལས། །ཉེས་ལྟུང་རྙོག་ཆུ་རྡོལ་བ་ཡིད་རེ་མུག །
    གྲོལ་བ་ཐར་བ་དོན་གཉེར་ཟེར་བཞིན་དུ། །སྲེད་མཁོས་ཕྱི་ཕྱིར་འཆིང་བ་ཡིད་རེ་མུག །
    ཐར་འདོད་སྐྱེས་བུ་ཡིན་པ་གཞིར་བཞག་ལ། །ཅི་བྱས་འཁོར་བའི་རྒྱུར་སོང་ཡིད་རེ་མུག །
    མིག་རྩ་ཁོར་ལ་གཏད་དེ་ཆོག་ཤེས་ཀྱི། །གདམས་ངག་བྲོ་བའི་ཆོས་བཤད་ཡིད་རེ་མུག །
    དཀའ་ཚེགས་ཆེ་ལ་འདི་ཕྱི་གང་དུ་ཡང་། །ཕན་མེད་ཤྭ་སྡུག་ཁྱི་སྡུག་ཡིད་རེ་མུག །
    རྩེ་གཅིག་དད་པའི་རྒྱུ་ནོར་བསགས་བསགས་ཀྱང་། །འཆི་ཚེ་ཅམ་གྱིས་བསྐྱུར་དགོས་ཡིད་རེ་མུག །
    འདི་བས་འདི་དགོས་མང་སྟེ་བཤོལ་བའི་འོས། །དམ་ཆོས་གཅིག་པུར་བབ་པ་ཡིད་རེ་མུག །
    བསྟན་པའི་བྱ་བར་བཏགས་ནས་སྡེ་དགོན་བསྐྱངས། །ཆགས་སྡང་རུ་མར་སོང་པ་ཡིད་རེ་མུག །
    གྲྭ་སློབ་སྦྱིན་བདག་ངན་པ་ཡར་ཐེན་པས། །རང་ཉིད་ཐུར་དུ་ལྷུང་བ་ཡིད་རེ་མུག །
    རྒྱ་ཆེན་གཞུང་ལུགས་ལྟ་བའི་མིག་བགྲད་ནས། །བླང་དོར་ལག་ནོམ་དགོས་བ་ཡིད་རེ་མུག །
    འགྲིག་འགྲིག་ཆོས་གཏམ་བཤད་ཀྱང་སྤྱོད་ཚུལ་ལ། །བལྟས་ཀྱིན་གྲོགས་ཀྱི་ཞེ་ཁྲེལ་ཡིད་རེ་མུག །
    གཡོ་སྒྱུ་འཕྲལ་ལ་གཞན་གྱི་མ་ཤེས་ཀྱང་། །མཆོག་གསུམ་ཐུགས་ཁྲེལ་འབྱུང་བ་ཡིད་རེ་མུག །
    སྙིང་རྗེའི་ཉམས་བཏོད་རང་མཁོ་ཕུགས་སུ་བཅུག །བྱི་ལའི་འཇམ་སྐད་འདོན་པ་ཡིད་རེ་མུག །
    དགེ་སྦྱོར་བྱས་ཀྱིན་སེམས་དང་རྨི་ལྟས་ཚུན། །ཇེ་ཐུར་ཇེ་ཐུར་འགྲོ་བ་ཡིད་རེ་མུག །
    མི་ཚེ་ཆོས་ལ་བསྐྱལ་བའི་མལ་ས་ནས། །དུད་འགྲོའི་བེམ་པོ་བྱུང་ན་ཡིད་རེ་མུག །
    ད་ལྟ་གདེང་ཡོད་ཁུལ་གྱིས་སོས་བདེར་བསྡད། །འཆི་ཁ་སྡུག་སྨྲས་ཤོར་ན་ཡིད་རེ་མུག །
    མདོར་ན་འཁྲུལ་པ་མེད་པ་རྒྱལ་བའི་བཀའ། །སྔོན་བྱོན་དམ་པའི་གསུང་དང་རྣམ་པར་ཐར། །
    འཁོར་འདས་སྐྱོན་ཡོན་གང་གི་སྒོ་ནས་ཀྱང་། །རང་གི་སེམས་ལ་བལྟས་ན་ཡིད་རེ་མུག །
    འོན་ཀྱང་ཁོ་བོ་ད་ལྟ་མི་རྣམས་ཀྱིས། །དམ་པར་བཀུར་བས་རང་རྒྱུས་ཤེས་བཞིན་དུ། །
    སྟོང་འུར་ལང་བས་དམ་པའི་ཁུར་འཛིན་ཅིང་། །དེ་ཡི་རྫུན་འགེབས་གཡོ་སྒྱུ་ཅི་ཡང་བྱས། །
    རང་གི་ངང་ཚུལ་འདི་ཡིས་རྗེས་དཔག་ན། །སྙིགས་དུས་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ། །
    གྲགས་པའི་ཁྲོད་ནའང་ཕྱི་ནང་གོ་འཛོལ་བ། །ང་འདྲ་ཡོད་དམ་སྙམ་དུ་དོགས་པ་སྐྱེས། །
    མཆོད་གྲལ་ལྡེར་བཟོ་ལྟ་བུའི་བླ་ཆེན་དང་། །བཅོས་མའི་མེ་ཏོག་འདྲ་བའི་སྐུ་སྐྱེའི་རིགས། །
    མཁས་དང་གྲུབ་པའི་འབག་གྱོན་གར་མཁན་རྣམས། །གཞན་མགོ་འདོན་པའི་སྔོན་ལ་རང་མགོ་ཐོན།།
    ངང་ཚུལ་དྲང་པོར་སྨྲས་པའི་བདེན་གཏམ་འདིས། །མི་རྣམས་རང་སེམས་ལྟ་བའི་མིག་འདྲེན་དུ། །
    སོང་སྟེ་སྐྱོན་ཡོན་བླང་དོར་ངོས་ཟིན་ནས། །ཆོས་ལ་ཆོས་བཞིན་སྤྱོང་པའི་རྒྱུར་གྱུར་ཅིག །

    Reply
  3. དམག་ལོག་ says:
    ལོ་ 11 སྔོན།

    ཡ་མཚན་རེད།

    Reply
  4. དཀར་ཕྱོགས་གཉེར་ཉེ། says:
    ལོ་ 11 སྔོན།

    ཁྱ་བྱང་ཆེན་པོ་ཆེན་པོ་དེའི་ནང་དོན་ངས་ཁྱོན་ནས་གོ་ཐུབ་མ་སོང་།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    རྡུལ་དཀོན་མཆོག་ཏུ་རྩིས་མཁན་དང་། ཚན་རིག་པ་ཚོ་ལ་བཀའ་དྲིན་ཆེ། ད་ལྷའི་རྡུལ་བརྙེད་ཡོད་ན། འདྲེའི་རྡུལ་ཞོར་ལ་རྙེད་ཟིན་པ་རེད། ད་ཀླུའི་རྡུལ་དང་བར་སྲིད་ཀྱི་རྡུལ་རྙེད་རྒྱུ་ཙམ་ལས་ལྷག་མི་འདུག ཧ་ཧ། ད་དུང་དཔྱོད་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist