མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་འཁོར་དབང་ཆེན་ངོ་སྤྲོད་གནང་།

བོད་ཀྱི་དུས་བབ།
༢༠༡༡/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp


མཚན་ཉིད་གྲྭ་ཚང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་རྡོར་གདན་མཆོད་རྟེན་ཆེན་མོའི་ནང་ཆོས་ཞུ་བ་ཚོར་དུས་འཁོར་དབང་ཆེན་སྐོར་ངོ་སྤྲོད་
སོང་།

ངྷ་རམ་ས་ལའི་མཚན་ཉིད་གྲྭ་ཚང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ཟླ་འདིའི་ཚེས་ ༢༨ ནས་ ༣༠ བར་གྱི་ཉིན་གསུམ་རིང་། ཐེངས་འདིའི་དུས་དབང་ལ་ཆེད་དུ་ཕེབས་པའི་སེར་སྐྱ་མི་མང་ལ་དུས་འཁོར་དབང་ཆེན་སྐོར་ངོ་སྤྲོད་གནང་ཡོད་ཅིང་། ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོར་མཇུག་བསྒྲིལ་བའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་མཆོག་ཕེབས་ཏེ། དགེ་བཤེས་ལགས་སུ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་གལ་ཆེའི་རང་བཞིན་སྐོར་ངོ་སྤྲོད་གནང་དོན། “ལྟ་བོད་ནས་ཕེབས་པའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་མང་པོ་གནས་རྩ་ཆེན་རྡོ་རྗེ་གདན་ལ་འབྱོར་ཡོད་པ་དང་། མི་འགྱང་བར་བླ་མ་རྩ་ཆེན་བསྟན་འཛིན་རྒྱལ་མཚོའི་མདུན་དུ། དབང་རྩ་ཆེན་དུས་འཁོར་དབང་ཆེན་འཐོབ་རྒྱུ་ཡིན་སྟབས། མི་ཚེའི་ནང་སྐལ་བ་བཟང་པོ་བྱུང་ཡོད་པ་རེད” ཅེས་བརྗོད་བྱུང་།

བཀའ་བློན་མཆོག་གིས་མུ་མཐུད་དུ་གསུངས་རྒྱུར། ལྷ་བླ་མའི་ལུང་བསྟན་གནང་བ་ལྟར་༧གོང་ས་མཆོག་གིས་ཁོང་ཉིད་དགུང་གྲངས་ ༡༡༣ ལ་བཞུགས་རྒྱུའི་ཞལ་བཞེས་གནང་ཡོད་ཀྱང་། གཙོ་བོ་མང་ཚོགས་ཀྱི་དད་པ་དམ་ཚིག་ལ་ཐུག་ཡོད་ཚུལ་དང་།  ༧རྒྱལ་དབང་ལྔ་པ་དང་བཅུ་གསུམ་པ་གཉིས་སྐུ་ཚེ་ཡུན་རིང་བཞུགས་རྒྱུའི་ལུང་བསྟན་ཡོད་ཀྱང་། མང་ཚོགས་ཀྱི་དད་པ་དམ་ཚིག་ལ་ལྷད་ཞུགས་པའི་རྐྱེན་གྱིས་ཡུན་རིང་བཞུགས་ཐུབ་མེད་པ། ཐེངས་འདིར་མང་ཚོགས་ལ་གོ་བརྡ་གསལ་པོ་འཕྲོད་རྒྱུ་དང་ལག་ལེན་དོན་འཁྱོལ་ཡོང་ཆེད་ཆོས་རིག་ལས་ཁུངས་ཀྱིས་ཡིག་ཆ་ ༡༠༠༠༠༠ ཙམ་འགྲེམས་སྤེལ་བྱེད་ཀྱིན་ཡོད་སྐོར་སོགས་གསུངས་སོང་།  

དུས་འཁོར་དབང་ཆེན་གྱི་གལ་ཆེའི་རང་བཞིན་སྐོར་ལ། “བོད་པའི་གཤིས་ཀའི་ནང་དབང་དང་གསུང་ཆོས་ཞུས་ཚར་རྗེས་ལས་འགན་ཚང་མ་འགྲུབ་སོང་སྙམ་གྱི་ཡོད། ནང་དོན་དང་སྲུང་བྱ་ཡག་པོ་ཞིག་མ་ཤེས་ཀྱང་འགྲིག་གི་ཡོད་པའི་ལྟ་ཚུལ་འཛིན་གྱི་ཡོད་པ་རེད། སྣོད་ཀྱི་སྐྱོན་གསུམ་ཟེར་གྱི་ཡོད་པ་ལྟར་སྣོད་ཁ་སྦུབ་དང་སྣོད་ཞབས་བརྡོལ་བ། སྣོད་དྲི་མ་ཅན་གྱི་དབང་དུ་སོང་ན་འགྲིག་གི་མེད་པས། དབང་ཞུས་ཏེ་བོད་དུ་ཕྱིར་ལོག་སྐབས་བསམ་བློའི་ནང་འགྱུར་བ་ཞིག་ཐེབས་དགོས་པ་རེད་ ” ཅེས་གསུངས་སོང་།

གསར་འགོད་པས་བོད་ནས་ཕེབས་པའི་ཆོས་ཞུ་བ་ཞིག་ལ་དུས་དབང་ངོ་སྤྲོད་ཀྱི་མྱོང་ཚོར་དྲིས་པར། “ང་རང་དུས་དབང་ངོ་སྤྲོད་ལ་ཡོང་བ་དེ་རིང་དང་པོ་ཡིན། དགེ་བཤེས་ལགས་ཀྱིས་གསུངས་པར་ཉན་ན། དབང་ཞུས་ན་བླ་མ་ཚད་ལྡན་ཡིན་དགོས་པ་མ་ཟད། སློབ་མ་ཡང་སྣོད་ལྡན་ཞིག་ཡིན་དགོས་ཀྱི་འདུག དབང་གི་ཐོག་མཐའ་བར་གསུམ་དུ་དམ་བཅའ་དང་ཁས་ལེན་གནང་དགོས་པ་མང་པོ་འདུག དུས་དབང་འདི་བརྒྱུད་ང་ལྟ་བུའི་ཆོས་ཞུ་བ་མང་པོ་ཞིག་ལམ་ཁ་ཡག་པོ་ཞིག་ཏུ་འཁྲིད་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་འདུག ༧གོང་ས་མཆོག་གི་མདུན་དུ་དབང་མ་ཞུས་སྔོན་ལ། འདི་ནས་དུས་དབང་སྐོར་ངོ་སྤྲོད་གནང་སྟེ་གོ་བ་རགས་རིམ་ཞིག་ལེན་ཐུབ་པ་ཟོས་པ་འདི་ཡག་པོ་ཞིག་ཏུ་མཐོང་སོང་ ” ཞེས་བརྗོད་བྱུང་།

ཕྱི་ཚེས་ ༣༡ ཉིན་༧གོང་ས་མཆོག་རྡོར་གདན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང་། ཟླ་རྗེས་མའི་ཕྱི་ཚེས་ ༤ ཉིན་ཏེ་༧གོང་ས་མཆོག་གི་སྐུའི་བླ་གཟའི་ཉིན། ཆོས་རིག་ལས་ཁུངས་ཀྱིས་ཆོས་ཞུ་བ་རེར་ཞལ་འདེབས་སྒོར་ ༡ རེ་བསྡུས་ཏེ་རིས་མེད་སྨོན་ལམ་ཆེན་མོ་འཚོགས་རྒྱུ་དང་། ཕྱི་ཚེས་ ༧ ཉིན་ནས་ ༩ བར་དུས་དབང་དངོས་གཞི། ཕྱི་ཚེས་ ༡༠ ཉིན་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་ཡིན་པ་མ་ཟད། སྐབས་དེར་ཆོས་ལུགས་རིས་མེད་ཀྱི་མཚན་ཐོག་ནས་གཟེངས་རྟགས་ཤིག་ཀྱང་འབུལ་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས། 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ཆོས་བློན་ལགས་ཀྱིས་མང་ཚོགས་ཀྱི་དད་པ་དམ་ཚིག་ལ་ལྷད་ཞུགས་ནས་་་ཡིན་པར་གསུང་བ་ནི་མང་ཚོགས་ལ་མ་ཉེས་ཁ་གཡོག་རང་རེད དོན་དངོས་ནི ཆེས་མཐོའི་དཔོན་ཆེན་དང་ལས་སྣེ་དག་གིས་མི་འགྲིག་པ་བྱས་པར་མཐོངས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese