ཨེ་ཋོ་པེ་ཡའི་དྲག་ཆས་དམག་དཔུང་སོ་མཱ་ལེ་ཡའི་རྒྱལ་ཁོངས་སུ་འཛུལ་ཏེ་བྷེ་ལེ་ཌི་ས་ཁུལ་བཙན་བཟུང་བྱས་འདུག
ཕྱི་ཚེས་ ༣༡ ཉིན་ཨེ་ཋོ་པེ་ཡའི་(Ethopia) དྲག་ཆས་དཔུང་གིས་སོ་མཱ་ལེ་ཡའི་བྷེ་ལེ་ཌི་ (Beledweyne) ས་ཁུལ་ལ་དྲག་རྒོལ་བྱས་ཏེ། ཨོ་ཁ་ཊའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཡིན་པའི་ཨོལ་ཤཱ་བྷབ་དྲག་སྤྱོད་དམག་དཔུང་ཕམ་པར་བརྒྱབ་སྟེ། ཨོལ་ཤཱ་བྷབ་དྲག་སྤྱོད་པས་སྟངས་འཛིན་འོག་ཡོད་པའི་བྷེ་ལེ་ཌི་ས་ཁུལ་བཙན་འཕྲོག་བྱས་འདུག
ཨེ་ཋོ་པེ་ཡའི་དམག་དཔུང་སོ་མཱ་ལེའི་རྒྱལ་ཁོངས་སུ་འཛུལ་ཏེ་ཨོལ་ཤཱ་བྷབ་ཀྱིས་སྟངས་འཛིན་འོག་ཡོད་པའི་བྷེ་ལེ་ཌི་ས་ཁུལ་བཙན་འཕྲོད་བྱས་པ་དེ་ནི་སོ་མཱ་ལེའི་གཞུང་གི་རེ་སྐུལ་ལྟར་བསྒྲུབས་པ་ཞིག་ཡིན་པར་བརྗོད་ཡོད། གནད་དོན་དེའི་ཐད་སོ་མཱ་ལེ་ཡ་གཞུང་གིས་ཁྱབ་བསྒྲགས་ཤིག་སྤེལ་པའི་ནང་། སོ་མཱ་ལེ་ཡའི་གཞུང་དང་མི་མང་གི་བདེ་འཇགས་སྲུང་སྐྱོབ་ཆེད་ཨེ་ཋོ་པེ་ཡ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཨོལ་ཤཱ་བྷབ་དྲག་སྤྱོད་སྒྲིག་འཛུགས་ལ་ཁ་གཏད་གཅོད་རྒྱུར་འབོད་སྐུལ་ཞུས་ཡོད་འདུག
ཨེ་ཋོ་པེ་ཡ་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་སྐྱོ་ཤོས་ཤིག་ཡིན་པ་མ་ཟད། སྲིད་གཞུང་བརྟན་བརླིང་མེད་པར་བར་བརྒལ་གཞུང་གིས་བཟུང་ཡོད་ཅིང་། ད་སྔ་རྒྱལ་ཚོགས་ཀྱི་ཐག་གཅོད་ལྟར་ཨ་ཧྥི་རི་ཀ་མཐུན་ཚོགས་ཀྱི་དམག་མི་ ༩༠༠༠ ཙམ་སོ་མཱ་ལེ་ཡའི་ནང་བཏང་ཡོད་པ་རེད།
དཔའ་རྟགས་བཞག་ཡོད་ཀ. ང་ཚོས་ཀྱང་ཁྱིམས་མཚེས་རྒྱལ་ཁབ་དག་ལ་རེ་བསྐུལ་ཞུ་རན་འདུག. བོད་ནང་གི་གདུག་རྩིབ་ཅན་གྱི་དྲག་སྤྱོད་པ་དེ་ཚོར་་་་་
ཁྱིམས་མཚེས རྒྱལ་ཁབ་གསུམ་དང་ཁོང་ཚོས་གདུག་པོ་བཏངས་དང་གཏོང་བཞིན་པའི་ཁོ ཚོའི་མི་རིགས་དང་མལྷན་དུ་མ་ཉམ་ལས་ཀྱིས་་་་་་