མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་བ་ཚོར་བཀའ་སློབ་གནང་།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཆུ་ཚོད་ ༨ པའི་སྟེང་༧གོང་ས་མཆོག་གིས་ཕྱི་རྒྱལ་ཆོས་ཞུ་བ་ཚོར་དམིགས་ཏེ་གསུངས་དོན། “འཛམ་གླིང་འདིར་མི་འབོར་དུང་ཕྱུར་ ༧༠ ཙམ་ཡོད་པ་རེད། དེ་ཚོ་གཟུགས་པོའི་གྲུབ་སྟངས་དང་བསམ་བློ། ཚོར་བ་གང་ཐད་ནས་གཅིག་པ་ཆགས་ཡོད་པ་རེད། མིའི་རིགས་ཀྱི་སྐྱེ་ལུགས་དང་འཆི་ལུགས་ལ་ཤར་ལྷོ་ནུབ་བྱང་གི་ཁྱད་པར་ཡོད་པ་མ་རེད། མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད། མི་ཚང་མར་མི་ཚེ་བདེ་སྐྱིད་འཐོབ་རྒྱུ་དང་ལམ་འགྲོ་ཡོང་རྒྱུའི་ཐོབ་ཐང་ཡོད། འདི་ནི་མིའི་རིགས་ཀྱི་གཞི་རྩའི་མི་ཚེ་སྐྱེལ་སྟངས་ཆགས་ཡོད། དུས་རབས་ཉི་ཤུའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་པ་དང་མཉམ་དུ་སེམས་ཀྱི་དཀའ་ངལ་ཆེ་རུ་ཕྱིན་ཡོད་པ་རེད། དཀའ་ངལ་དེའི་རྐྱེན་གྱིས་ཨ་སྒོར་དུང་ཕྱུར་ཡོད་མཁན་ཚོ་ཡང་སེམས་མ་སྐྱིད་པར་སྡུག་བསྔལ་ནང་ལྷུང་ཡོད། དཀའ་ངལ་ཆེ་རུ་ཕྱིན་པ་དེས་མིའི་སེམས་དང་ཚོར་བའི་ཐོག་དོ་སྣང་གསར་པ་ཞིག་བསླེབས་ཡོད། ལྷག་པར་དུ་ཚན་རིག་པའི་ཁྲོད་སེམས་ཀྱི་རྣམ་གཞག་ཐོག་དོ་སྣང་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད་”ཅེས་གསུངས་བྱུང་།

དེ་རིང་གསུང་ཆོས་ཉིན་དང་པོར་བདག་ཉིད་ཆེན་པོའི་གྷན་ངྷི་ཚ་མོ་ཨེ་ལེ་གྷན་ངྷི་ (ELAGANGDHI) ལགས་ཀྱིས། ལྷོ་ཨ་ཧྥི་རི་ཁའི་གྷན་ངྷིའི་ཐེབས་རྩ་ཁང་གི་ཞི་བདེའི་གཟེངས་རྟགས་དེ། རྡོར་གདན་གསུང་ཆོས་ར་བའི་ནང་༧གོང་ས་མཆོག་ལ་ཕུལ་སོང་། སྐབས་དེར་༧གོང་ས་མཆོག་གིས་ལྕམ་ཨེ་ལེ་གྷན་ངྷི་ལགས་སུ་མཇལ་དར་ཞིག་དང་སྟོན་པའི་སྣང་བརྙན་ཞིག་གསོལ་རས་སུ་བསྩལ་ཏེ། “བཅོམ་ལྡན་འདས་སངས་རྒྱས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དེ། དུས་རབས་ཉི་ཤུའི་ནང་ཆབ་སྲིད་རང་དབང་རྩོད་ལེན་སྐབས། བདག་ཉིད་ཆེན་པོ་གྷན་ངྷིས་ཉམས་ལེན་གནང་བ་ཞིག་རེད། དེ་རིང་གྷན་ངྷི་མཆོག་གི་ཚ་མོས་གཟེངས་རྟགས་གནང་བ་དེར་ཧ་ཅང་དགའ་བོ་བྱུང་། ད་ལྟ་ང་རང་ལོ་ ༧༦ ལ་བསླེབས་ཚར་བ་རེད། མ་འོངས་པར་མི་ཚེ་ལྷག་མ་དེ་བྱམས་བརྩེ་རྩ་བར་གྱུར་བའི་འཚེ་མེད་ཞི་བའི་ལམ་དུ་བསྐྱོད་རྒྱུ་ཡིན་”ཞེས་གསུངས་སོང་། དེ་རིང་གསུང་ཆོས་ར་བར་ཆོས་ཞུ་བ་མ་ཤོང་བར་མི་བརྒྱ་ཕྲག་མང་པོ་ལམ་འགྲམ་དུ་བསྡད་དེ་གསུང་ཆོས་ཞུ་དགོས་བྱུང་སོང་།

ཕྱི་དྲོའི་ཆུ་ཚོད་ ༣།༣༠ སྟེང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གསུང་ཆོས་གྲོལ་མཚམས་གསུང་ཆོས་ར་བར། ༧གོང་ས་མཆོག་དབུ་བཞུགས་ཐོག་རིས་མེད་སྨོན་ལམ་ཆེན་མོ་ཚོགས་ཡོད་ཅིང་། ཚོགས་ཆེན་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། ད་ལོར་བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ། འདས་གྲོངས་སུ་ཕྱིན་པ་ཚོར་གསུང་སེམས་མཉམ་སྐྱེད་ཀྱི་གཏམ་བཤད་བཅས་སྤེལ་སོང་།

གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

༢༠༢༦/༡༡/༡༤
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢

མཆན། 2

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    དཔལ་ལྡན་སྲིད་སྐྱོང་བ་མཆོག་གི་བཀའ་སློབ་ཆ་ཚང་གང་མགྱོགས་བཀོད་དགོས་. གང་ཞེ་ན་ཕྱི་ནང་མི་མང་གིས་དཔྱིད་མ་རྒན་རྣ་བས་ཁུ་དབྱིག་ལ་བཞིན་སྒུག་ཡོད་པས་སོ

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མ་འདྲིས་གཉེན་མཆོག་༸ཁྱེད་ཀྱི་བཀྲ་ཤིས་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese