མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྐྱོང་མ་སྤྲད་པ་དེ་བོད་རྒྱ་ནག་དང་ལོགས་སུ་ཡོད་པ་སྟོན་གྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp


ད་ནངས་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་རྣམ་གཉིས་ཀྱིས།
 རྒྱ་གར་དང་ཕྱི་རྒྱལ་གསར་འགོད་པ་ ༥༠ ཙམ་ལ་དུས་དབང་སྐོར་གསལ་བསྒྲགས་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་།

དེ་རིང་ཕྱི་ཚེིས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྣམ་གཉིས་ཀྱིས། རྡོར་གདན་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གསར་འགོད་པ་ ༥༠ ཙམ་ལ་དུས་དབང་སྐོར་གྱི་གསལ་བསྒྲགས་དང་གསར་འགོད་པའི་དྲི་བར་ལན་འདེབས་བཅས་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། ཁོང་ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་ཡོང་དོན་གཙོ་བོ་༧གོང་ས་མཆོག་གི་མདུན་ནས་དུས་དབང་ཞུ་རྒྱུ་དང་། ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་དུ་ཡོང་བ་ཡིན་སྐོར་དང་། བོད་ནས་དུས་འཁོར་དབང་ཆེན་ལ་ཕེབས་མཁན་མི་ ༨༠༠༠ དང་། རྒྱ་ནག་སྐམ་ས་ནས་མི་ ༡༢༠༠། ཕྱིའི་རྒྱལ་ཁབ་ཁག་ཏུ་མི་ ༨༠༠༠ བཅས་ཁྱོན་མི་ ༡༥༠༠༠༠ ལྷག་ཕེབས་ཐུབ་པ་དེ། ༧གོང་ས་མཆོག་ལ་དད་པ་དམ་ཚིག་ཡོད་པའི་སྟབས་ཀྱིས་ཡིན་སྐོར་བརྗོད་དེ། “ད་ལོར་བོད་ནས་ཆོས་ཞུ་བ་ ༨༠༠༠ ཙམ་ཕེབས་པ་ལོ་སྔོན་མ་དང་བསྡུར་ན་མང་ཤོས་ཆགས་ཡོད། གལ་སྲིད་རྒྱ་གཞུང་གིས་ལག་འཁྱེར་སྤྲད་པ་ཡིན་ན་༧གོང་ས་མཆོག་གི་དུས་དབང་ལ་བོད་མི་ས་ཡ་གཅིག་ཡོང་སྲིད་ཀྱི་རེད་ལ། གཅིག་བྱས་ན་ས་ཡ་ ༦ ཆ་ཚང་ཡོང་ཡང་སྲིད་པ་རེད། དེ་བཞིན། རྒྱ་ནག་སྐམ་ས་ནས་མི་ ༡༢༠༠ ཙམ་འབྱོར་ཡོད་ལ། འདི་དག་རྒྱ་ནག་ནང་༧གོང་ས་མཆོག་ལ་དད་པ་ཆེ་རུ་འགྲོ་བཞིན་པ་གསལ་པོ་རེད་”ཅེས་བརྗོད་བྱུང་།

བཀའ་ཁྲི་མཆོག་གིས་བོད་རྒྱ་འབྲེལ་མོལ་སྐོར་ངོ་སྤྲོད་དང་ཁོང་གིས་དབུ་ཁྲིད་པའི་བཀའ་ཤག་གིས་ལམ་དབུ་མའི་སྲིད་བྱུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་སྐོར་གསུངས་དོན།  “ང་ཚོས་ད་བར་འབྲེལ་མོལ་ཐེངས་དགུ་བྱས་ཀྱང་དོན་འབྲས་གང་ཡང་བྱུང་མེད། དཀའ་ངལ་ཆེ་ཤོས་དེ་རྒྱ་གཞུང་གིས་འབྲེལ་མོལ་ལ་བརྡ་ལན་སྤྲོད་ཀྱི་མེད་པ་དེ་རེད། གཞི་རྩའི་བོད་རྒྱའི་འབྲེལ་མོལ་༧གོང་ས་མཆོག་གི་མཚན་ཐོག་ནས་གནང་བསྡད་པ་ཞིག་རེད། རྒྱ་གཞུང་ལ་འབྲེལ་མོལ་གྱི་འདོད་པ་ཡོད་ན་ང་ཚོར་དུས་ཚོད་དང་ས་གནས་གང་རུང་དུ་འབྲེལ་མོལ་གནང་རྒྱུར་གྲ་སྒྲིག་ཡོད། རྒྱ་གཞུང་ལ་ཆབ་སྲིད་ཐོག་རང་སྐྱོང་སྤྲོད་རྒྱུའི་འདོད་པ་མེད་པ་མ་རེད། རྒྱ་གཞུང་གིས་ཧོང་ཀོང་དང་ཨོ་མིན་གཉིས་ལ་རང་སྐྱོང་སྤྲད་ཡོད་ལ། ཐའེ་ཝན་ལའང་རང་སྐྱོང་སྤྲོད་ལབ་ཀྱི་ཡོད། ཡིོན་ནའང་བོད་པར་རང་སྐྱོང་སྤྲོད་ཀྱི་ཡོད་པ་མ་རེད། དེ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་དཀའ་ངལ་དེ་འདྲ་མ་རེད། ཧོང་ཀོང་དང་ཨོ་མིན་གཉིས་ལ་རྩ་ཁྲིམས་གཞིར་བཟུང་སྟེ་རང་སྐྱོང་སྤྲད་པ་རེད། ཐའེ་ཝན་ལའང་རྩ་ཁྲིམས་ཐོག་རང་སྐྱོང་སྤྲོད་ལབ་ཀྱི་ཡོད། བོད་པར་རང་སྐྱོང་སྤྲོད་ཀྱི་ཡོད་པ་མ་རེད། བོད་པར་རང་སྐྱོང་མི་སྤྲོད་དོན་ནི་བོད་དེ་རྒྱ་ནག་དང་ལོགས་སུ་ཆགས་ཡོད་པ་སྟོན་གྱི་ཡོད་”ཅེས་བརྗོད་སོང་།

བོད་པའི་ཁོར་ཡུག་གནས་སྟངས་ཐད་ལན་འདེབས་བྱས་དོན། “ཁོར་ཡུག་གི་གནས་སྟངས་ཐོག་བཤད་ན་བོད་ནི་ཨེ་ཤ་ཡའི་ནང་ཆུ་བོ་མང་ཤོས་ཀྱི་འབྱུང་ཁུངས་ཆགས་ཡོད་ལ། རྨ་ཆུ་དང་འབྲི་ཆུ། ཆུ་བོ་གངྒ་སོགས་བོད་ཀྱི་ཆུ་ཆེན་དག་རྒྱ་དཀར་ནག་གཙོས་བོད་ཀྱི་འདབས་འབྲེལ་རྒྱལ་ཁབ་ཁག་ཏུ་བཞུར་གྱིན་ཡོད་པ་རེད། ཆུ་བོ་དེ་དག་གིས་མི་ས་ཡ་མང་པོར་ཕན་ཐོགས་ཀྱི་ཡོད། རྒྱ་གར་གྱི་ནུབ་བྷང་གྷིལ་དུ་ཆུ་ལོག་གི་གནོད་སྐྱོན་ཡང་ཡང་ཡོང་གི་ཡོད་པ་དེ་རྒྱ་གཞུང་གིས་བོད་ཀྱི་ཤིང་ནགས་གཅོད་འབྲེག་ཚོད་མེད་བྱས་པས་རེད། དེ་བཞིན། དེང་སང་ཁོར་ཡུག་བཙོག་བཟོའི་རྐྱེན་པས་རྒྱ་གར་གཙོས་འཛམ་གླིང་ས་ཆ་གང་སར་ཆུ་ལ་རིན་པ་སྤྲོད་དགོས་པ་ཆགས་ཡོད། ང་ཚོ་བོད་པས་ཆུ་རིན་མེད་དུ་སྤྲད་ཆོག་གི་ཡོད་སྟབས། འཛམ་གླིང་གང་ས་ནས་བོད་ཀྱི་ཁོར་ཡུག་ལ་ངོས་འཛིན་བྱས་ཏེ་རྒྱབ་སྐྱོར་གནང་རོགས་”ཞེས་འབོད་སྐུལ་ཞུས་སོང་།

བོད་མིའི་ཆབ་སྲིད་ཀྱི་འཕོ་འགྱུར་སྐོར་ལ་ལན་འདེབས་གནང་དོན། “མི་མང་པོ་ཞིག་གིས་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མང་ཚོགས་ལ་རྩིས་སྤྲོད་གནང་བ་དེ། བོད་མིའི་ཆབ་སྲིད་ཀྱི་ལེའུ་ཞིག་མཇུག་རྫོགས་ཏེ་ལེའུ་གསར་པ་ཞིག་མགོ་བཙུགས་པར་ངོས་འཛིན་གནང་གི་ཡོད། དོན་དངོས་ཐོག་བོད་མིའི་ཆབ་སྲིད་འཛིན་སྐྱོང་༧གོང་ས་ལྔ་པའི་སྐབས་ཀྱི་འགྲོ་སྟངས་རྒྱུན་མཐུད་པ་ཞིག་རེད་མ་གཏོགས་དེར་འགྱུར་བ་བཏང་བ་མ་རེད། ༧གོང་ས་མཆོག་གིས་བཀའ་ཁྲིའི་དམ་འབུམ་མཛད་སྒོའི་སྟེང་ “ངོས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་མདུན་ནས་བླངས་པ་ཡིན། དེ་རིང་མང་ཚོགས་ཀྱིས་བདམས་པའི་ཆབ་སྲིད་མགོ་ཁྲིད་ལ་རྩིས་སྤྲད་པ་ཡིན་”ཞེས་གསུངས་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུགས་དེ་སྔོན་མའི་གཞུང་གི་རྒྱུན་མཐུད་པ་ཞིག་ཆགས་ཡོད་”ཅེས་བརྗོད་བྱུང་།

མཐར་བཀའ་ཁྲི་མཆོག་གིས་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་ཡང་ཡང་གསུངས་བ་དེས། ས་གནས་ཡུལ་མི་ཚོའི་དཔལ་འབྱོར་དང་འཛུགས་བསྐྲུན་ཡར་རྒྱས་ཕྱིན་ཡོད་པ་དང་། དེ་ནི་རྒྱ་གར་གཞུང་དམངས་གཉིས་ཀྱིས་ཐོག་མཐའ་བར་དུ་རོགས་རམ་གནང་བ་ལས་བྱུང་བ་ཞིག་ཡིན་སྐོར་ཡང་གསུངས་བྱུང་།

དེ་རིང་ཕྱི་དྲིལ་ལས་ཁུངས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ད་ཆར་རྡོ་རྗེ་གདན་དུ་ཆོས་ཞུ་བ་ ༡༨༠༠༠༠ ལྷག་འཛོམས་ཡོད་འདུག 

གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༣ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༥ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 10

  1. བདུད་རྡོ། says:
    ལོ་ 14 སྔོན།

    བོད་ལ་རང་སྐྱོང་མ་སྤྲད་པ་རེད་ཟེར་ན་ཏག་ཏག་ཞིག་མ་རེད།རྒྱ་ནག་གིས་བོད་རང་སྐྱོང་ཟེར་བ་དེ་རང་སྐྱོང་མ་ཡིན་པ་སྒྲུབ་དགོས་ཀྱི་འདུག

    Reply
  2. བདུད་རྡོ། says:
    ལོ་ 14 སྔོན།

    བོད་ལ་རང་སྐྱོང་མ་སྤྲད་པ་རེད་ཟེར་ན་ཏག་ཏག་ཞིག་མ་རེད།རྒྱ་ནག་གིས་བོད་རང་སྐྱོང་ཟེར་བ་དེ་རང་སྐྱོང་མ་ཡིན་པ་སྒྲུབ་དགོས་ཀྱི་འདུག

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    བོད་ཀྱི་སྲིད་སྐྱོང་མཆོག་གིས། བོད་པར་རང་སྐྱོང་མི་སྤྲོད་དོན་ནི་བོད་དེ་རྒྱ་ནག་དང་ལོགས་སུ་ཆགས་ཡོད་པ་སྟོན་གྱི་ཡོད། ཅེས་པའི་གསུང་བཤད་དུམ་བུ་འདིས་གུང་ཁྲན་གྱི་འགོ་གཙོ་དག་གི་སྙིང་དཀྱིལ་བརྣག་ཐོག་ལ་ཁབ་བཙགས་ནུས་པ་ལྡན་པ་ཞིག་གནང་འདུག་སྙམ་པ་བྱུང་། བྱས་ཙང་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ལ་རང་སྐྱོང་མ་སྤྲད་ན། རང་བཙན་ལོན་མ་ཐུབ་ཀྱང་། རང་བཙན་ལེན་ཐབས་ལ་བརྩན་དགོས་མ་རེད་པེ། ང་རང་ནི། ད་ལྟ་ཡང་ལམ་དབུ་མ་ལ་ཡིད་འཆེས་བྱེད་མཁན་ཅིག་ཡིན་ཀྱང་་་

    Reply
  5. འཇིགས་མེད་སེང་གེ says:
    ལོ་ 15 སྔོན།

    འདི་འདྲའི་སྐད་ཆ་ཆོ་མེད་བཤད་མཁན་ཞིག་གང་ན་ཡོད། རང་སྐྱོང་མི་སྤྲོད་པ་དེ་ལོགས་སུ་ཡོད་པས་ཡིན་ན། དེང་བོད་ནང་མེས་རིམ་གྱིས་འཚིག་པའི་སྲིད་བྱུས་བཟུང་བ་དོན་འབྲས་སོན་པ་ཅི་ཞིག་ཡིན་ནམ། བོད་སེང་མིན་པའི་ཕྱི་སེང་ལགས། རང་སྐྱོང་མི་སྤྲོད་པ་དེ་རྒྱ་ནག་གིས་བོད་བློ་ཁོག་ལ་ཤོང་རྒྱུ་མང་དྲག་པས་རེད་ལ། མདོར་ན། བོད་དང་བོད་མིས་ཧོང་ཀོང་དང་ཐའེ་ཝན་ལྟར་རྒྱ་ནག་གི་ཐེ་བོང་གཅིག་ཀྱང་སྒུལ་མ་ཐུབ་པས་རེད། བྱས་ཙང་། ཁྱད་གསོད་དང་ཀྱག་ཀྱག་རང་རེད་མ་གཏོགས། དེར་གླེན་པ་རང་སེམས་གསོ་བའི་གཞི་ཞིག་ཁྱོན་ནས་ཡོད་པ་རེད། འོན་ཀྱང་། ཧ་ཝ་ཌིའི་རྒྱ་རིགས་གྲོགས་པོ་མཁས་པ་ཚོས་ཁྱེད་ལ་དེ་ལྟར་ཟེར་ན་གནས་ཚུལ་ཁ་ཁ་རེད། ཧཧཧཧ

    Reply
  6. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    བོད་ནི་རང་བཙན་གྱི་རྒྱལ་ཁབཅིག་ཡིན་ཙང རང་སྐྱོང་མི་སྤྲོད་པ་དངོས་གནས་ཡིན་ཙང. ད་ནས་ཟླ་ངོ་གསུམ་བཞིའི་དུས་བཅད་ནང་རྒྱ་དམར་གྱིསཡ་་ལན་མ་བྱས་པ་ཡིན་ན བོད་མི་ཚོས་ཐབས་ལམ་གཞན་པ་འཚོལ་རན་རེད དེ་ཨེ་རེད་མ་རེད

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་མའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་སེང་ལགས་ཀྱིས།
    ་་་་་ཧོང་ཀོང་དང་ཨོ་མིན་གཉིས་ལ་རྩ་ཁྲིམས་གཞིར་བཟུང་སྟེ་རང་སྐྱོང་སྤྲད་པ་རེད། ཐའེ་ཝན་ལའང་རྩ་ཁྲིམས་ཐོག་རང་སྐྱོང་སྤྲོད་ལབ་ཀྱི་ཡོད། བོད་པར་རང་སྐྱོང་སྤྲོད་ཀྱི་ཡོད་པ་མ་རེད། བོད་པར་རང་སྐྱོང་མི་སྤྲོད་དོན་ནི་བོད་དེ་རྒྱ་ནག་དང་ལོགས་སུ་ཆགས་ཡོད་པ་སྟོན་གྱི་ཡོད་་་་་་
    གསུང་གི་དོན་ལ་ཡང་ཡང་སོམས་དགོས་པ་མི་འདུག་གམ། བོད་རིགས་དང་རྒྱ་རིགས་མི་མང་ཚོས།

    Reply
  8. གངས་སྨྱུག says:
    ལོ་ 15 སྔོན།

    བཀའ་ཁྲི་མཆོག་མིའི་སེང་གེ་རང་རེད། དེང་བར་བསམ་མྱོང་དྲན་མྱོང་མེད་པའི་རིག་པའི་ཡང་རྩེ་ཕུལ་དུ་བྱུང་བ་མང་པོ་བརྗོད་འདུག གནད་ལ་ཕིགས་པ་དང་དོན་ལ་ཁེལ་བའི་ལན་འདེབས་གསེར་གྱི་སྙིང་ཁུ་ལྟ་བུ་རང་རེད་འདུག རྗེས་སུ་ཡིད་རང་ཞུ།

    Reply
  9. ནགས་མེ། says:
    ལོ་ 15 སྔོན།

    ཆབ་སྲིད་ཀྱི་གཏམ་བཤད་ཤི་མ་ཤི་ཚ་བོ་གནང་འདུག ཡག་མོ་འདུག དངོས་གནས་ཁྲིམས་ལུགས་ཆེད་སྦྱངས་པ་རང་རེད། མུ་མཐུད་ཤུགས་རྒྱོབས་ཤོག་དང་བོད་ལ་ཕན་ཐོགས་ངེས་རེད། གཞན་ཡང་། གསར་འགོད་པ་དཔལ་ལྡན་ལགས་ཀྱིས་ཧ་ཅང་གོ་བདེ་ཅན་དང་གནད་འགག་རྩལ་འདོན་བྱས་འདུག་པས་ཐུགས་རྗེ་ཆེ་ཞུ།

    Reply
  10. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    གསུང་བཤད་ཚ་བོ་གནང་འདུག དོན་དངོས་རང་གི་སྟེང་ནས་ལན་བརྒྱབབ་གནང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese