མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩིག་གྱང་དེ་འགྱེལ་ཚར་བ་མ་རེད་དམ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

༼རྡོར་གདན་དུས་དབང་སྐབས་ཀྱི་བོད་ཀྱི་དུས་བབ་གསར་ཤོག་དམིགས་བསལ་འདོན་ཐེངས་དང་པོའི་སྟེང་གི་རྩོམ་སྒྲིག་པའི་གཏམ།༽

བཙན་བྱོལ་གྱི་ཐོག་མའི་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ། མཐོ་སྒང་གི་སྒལ་ཚིགས་ལྟ་བུའི་ཧི་མ་ལ་ཡའི་རི་རྒྱུད་འཁྱགས་ལ་འབྱར་ཞིང་། རྒྱ་དཀར་ནག་གཉིས་ཀྱི་བར་མཚམས་ནམ་མཁའ་དམར་པོས་བཅད་དེ། བོད་མི་ཚོ་ད་ལྟ་བཞིན་ཕར་འགྲོ་ཚུར་འོང་གི་ལམ་ཁ་འགག་ཅིང་། ཐ་ན་ཡིག་འབྲེལ་ཙམ་ཡང་མེད་པར་ཕྱི་ཡི་གནས་སྟངས་ནང་གིས་མ་གོ ནང་གི་དཀའ་སྡུག་ཕྱི་ཡིས་མ་ཚོར་བར་དྲན་གདུང་དང་སྡུག་ཡུས་ཀྱིས་ལོ་ངོ་སུམ་བཅུ་བསྐྱལ་དགོས་བྱུང་ཡོད།

 

ད་སྐབས་ཀྱང་སྤྱིའི་ཆ་ནས་དམ་དྲག་འདྲ་ཡོད་མོད། སྔོན་གྱི་གནས་སྟངས་དང་བསྡུར་ན་བསྡུར་ཚད་མེད་པའི་སྐབས་ཤིག་རེད། དཔེར་ན། ད་ལོ་ནི་གཞིས་ལུས་བོད་མི་རྣམས་༧གོང་ས་མཆོག་གི་དུས་དབང་ཞུ་བར་ཡོང་བའི་ཁ་གྲངས་མང་ཤོས་ཐེངས་གཉིས་པ་དེ་རེད། དེ་མིན་ལོ་ལྟར་རྒྱ་གར་ནང་གནས་མཇལ་དང་སྨོན་ལམ་༧གོང་ས་མཆོག་གི་གསུང་ཆོས་ཞུ་བར་ཡོང་མཁན་ཡང་ཆད་མྱོང་མེད་པ་ལྟ་བུ་རེད། རྒྱ་ནག་གཞུང་གིས་གནས་སྟངས་འདི་ཤེས་མེད་པར་འདོད་ན་ནི་ང་ཚོའི་མགོ་ཤ་ད་དུང་དྭངས་མེད་པའི་རྟགས་རེད།

 

གཞན་ཡང་། བྱེས་སྡོད་བོད་མི་ཚོའི་ནང་ནས་ཕྱིར་ཕ་ཡུལ་ལ་གཉེན་འཕྲད་ལ་འགྲོ་བཞིན་པའི་གྲངས་ཀ་ཡང་ཉུང་ཉུང་མ་རེད། ཉིན་རྟག་པར་ལྡི་ལི་དང་བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་བང་སྒྲིག་བསྡད་པའི་རིང་ཐུང་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད། འདི་ལྟར་བལྟས་ན། གཞིས་བྱེས་གཉིས་བར་གྱི་རྩིག་གྱང་དེ་སྔར་ནས་འགྱེལ་ཚར་བ་འདྲ་བོ་རེད་ལ། སྲིད་ཕྱོགས་ནས་ཀྱང་རྩེད་མོའི་ཚུལ་གྱིས་རྒྱང་འཇལ་ཞིག་དང་དོགས་པའི་ཚུལ་དུ་ཚོད་ལྟ་ཞིག་ཅི་ལ་མིན།

 

དུས་ཀྱི་འགྱུར་འགྲོས་དང་མི་རབས་བརྗེ་འགྲོ་ཡིས་བོད་པའི་ཤེས་ཡོན་པའི་དཔུང་ཁག་གི་ཕྱོགས་ནས་ཀྱང་རྩིག་གྱང་དེ་འགྱེལ་ཚར་བ་རེད་འདོད། ༢༠༡༠ ལོ་དང་ ༢༠༡༡ ལོ་གཉིས་ཀར་བོད་པའི་ཤེས་ཡོན་པ་དག་གི་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་གཉིས་འཚོགས་པ་རེད། དེར་མདོ་དབུས་ཁམས་གསུམ་དང་རྒྱ་བལ་འབྲུག་གསུམ་ནས་བོད་པའི་ཤེས་ཡོན་པ་དག་ཕེབས་ཤིང་། བོད་ཀྱི་རིག་གནས་སྤྱི་དང་སྐད་ཡིག་གི་ཐད་བགྲོ་གླེང་གནང་བ་རེད། འདི་ཡང་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་གཉིས་ཀའི་མཐུན་འགྱུར་དང་རྒྱབ་སྐྱོར་འོག་ནས་བྱུང་བ་རེད། 

 

དེ་བཞིན་དུ། བོད་ཕྱི་ནང་གི་གཞོན་སྐྱེས་ཚོར་མཚོན་ན་ཡང་། སྤྱིར་སྐད་ཡིག་གི་བཀག་རྒྱ་རེ་དང་གོམས་ལོབ་ཀྱི་བར་ཐག་ཕྲན་བུ་རེ་ཡོད་ཀྱང་། གཞི་རྩའི་ཆ་ནས་སོ་སོའི་ཉིན་ཐོ་དང་དྲ་རྩོམ་སོགས་ཕར་བཞུར་ཚུར་བཞུར་རེད་ལ། གླུ་གཞས་དང་འདྲ་པར་སོགས་ཀྱང་དེ་མཚུངས་རེད། ཁ་པར་དང་དྲ་ཐོག་གི་གླེང་མོལ་ཡང་ཉིན་བཤད་མཚན་བཤད་རེད། ལྷག་པར་དུ་རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་གནས་ཚུལ་ཕར་སྐྱེལ་ཚུར་ལེན་སྐད་ཅིག་སྐད་ཅིག་རེད་ལ། སྤྱི་ཚོགས་དྲ་འབྲེལ་ལའང་དཀའ་ངལ་མེད་པའི་ཚད་རེད། འདི་ཡང་རྩིག་གྱང་དེ་སྔར་ནས་འགྱེལ་ཚར་བའི་རྟགས་ཤིག་རེད་འདོད། 

 

 

ད་འོ་ན་ཅི་ཞིག་ལྷག་འདུག་ཅེ་ན། ༧གོང་ས་མཆོག་ཕྱིར་བོད་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་རྒྱུ་འདི་རེད། ཁོང་གི་ཆིབས་སྒྱུར་དང་མཉམ་དུ་ད་ཡོད་ཀྱི་ཛ་དྲག་དང་དཀའ་ངལ་གྱི་རིམ་པ་གཞན་དེ་དག་ཀྱང་རང་བཞིན་གྱིས་སེལ་འགྲོ་པ་རེད། དེས་ན། ད་རེབ་གཞིས་བྱེས་གཉིས་ཀ་འདིར་འཛོམས་ཤིང་། འདི་ནས་ཕྱིར་རང་རང་གི་གནས་སུ་ལོག་རྗེས་དུས་དབང་གི་བྱིན་རླབས་དང་ཚེ་དབང་གི་གདམས་པ་ལས་ཀྱང་ལས་དོན་གལ་ཆེན་ཞིག་ཡོད་པ་ནི། ༧གོང་ས་མཆོག་ཕྱིར་གདན་འདྲེན་ཞུ་རྒྱུ་འདི་གཅིག་པུ་ཡིན། དེ་ནི་ལོ་འདིའི་ནང་བོད་མི་སྐྱ་སེར་བཅུ་གསུམ་གྱིས་སྐུ་ལུས་མཆོད་འབུལ་བྱས་པའི་མེ་ལྕེ་ཁྲོད་ཀྱི་འབོད་ཚིག་རེད་ལ། ད་ལྟའི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྲིད་བྱུས་ཀྱི་དགོངས་དོན་དང་ཕྱག་ལས་གཙོ་བོ་ཡང་། ༧གོང་ས་མཆོག་ཕྱིར་བོད་གངསཅན་ལྗོངས་སུ་གདན་དྲངས་ཏེ་ལྷ་ལྡན་གཙུག་ལག་ཁང་གི་ཁྲི་འཕངས་ལ་མངའ་གསོལ་རྒྱུ་འདི་རེད།

 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༣ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 1

  1. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་ལ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ནུས་པའི་སྤོབས་པ་དེ་ཡོད་ན།
    བོད་རྒྱ་གཉིས་ཀའི་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་སེལ་འགྲོ་ཡི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese