མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་ངོས་སྦྱོར་གྱི་བོད་ཡིག་ལས་དབང་།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྡོར་གདན་དུས་དབང་སོ་གཉིས་པ་འདིའི་དབང་གནང་མཁན་གྱི་བླ་མ་བོད་པ་རེད་ལ། ཞུ་མཁན་གྱི་སློབ་མ་ཕལ་ཆེར་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་ཆད་བོད་པའམ་བོད་རིགས་རེད། གནང་རྒྱུ་དེ་ཡང་བོད་པའི་ཆོས་རྩ་ཆེན་ཞིག་རེད།

ཡིན་ནའང་དུས་འཁོར་དབང་ཆེན་གྱི་ངོས་སྦྱོར་ལག་ཁྱེར་སྟེང་གཟིགས་དང་། བོད་ཡིག་ལ་ཧ་ཅང་སྣང་ཆུང་དང་ཁྱད་གསོད་ཀྱི་རྣམ་པ་བསྟན་འདུག ང་རང་བོད་པ་ཞིག་མིན་ནའང་ཧི་མ་ལ་ཡའི་རི་རྒྱུད་དུ་ལྟེ་ཁྲག་འཐོར་བའི་ཆོས་དང་རིག་གཞུང་གཅིག་པའི་བོད་རིགས་ཤིག་ཡིན་པས་སེམས་པ་མ་བདེ་བ་ཞེ་དྲག་བྱུང་། ངོས་སྦྱོར་ལག་ཁྱེར་དེའི་སྟེང་དབྱིན་ཡིག་ཁྱོན་བསྡོམས་ཡིག་ཕྲེང་ཉི་ཤུ་རྩ་གསུམ་ཐམ་པ་འདུག་ཀྱང་བོད་ཡིག་ཡིག་ཕྲེང་གཅིག་དང་ཕྱེད་ཀའི་ཕྱེད་ཀ་མ་གཏོགས་བྲིས་མི་འདུག དོ་བདག་གི་མིང་དེ་ཡང་དབྱིན་ཡིག་ཐོག་བྲིས་འདུག ཧ་ལས་དགོས་པ་རེད། བྱེད་ཚུལ་དེ་དག་ནི་ངོ་མ་ངོ་ཚ་དགོས་པ་ཞིག་མ་ཡིན་ནམ། ངོས་སྦྱོར་ལག་ཁྱེར་གྱི་རྒྱབ་ངོས་དེར་དབྱིན་ཡིག་ཐོག་གསལ་བཤད་མང་པོ་ཞིག་བྲིས་འདུག་པ་དེ་དག་བོད་ཡིག་གཅིག་པུའི་ཐོག་བྲིས་ཀྱང་མི་ཆོག་ཅེས་སུས་བཀའ་འབེབས་སྲིད། དེ་ལྟར་མ་ནུས་ཀྱང་མ་མཐར་དང་པོ་བོད་ཡིག་ཐོག་བྲིས་ནས་དེའི་འོག་ཏུ་དབྱིན་ཡིག་ཐོག་བྲིས་ཏེ། བོད་དབྱིན་གཉིས་ལྡན་ཞིག་བྱས་ཀྱང་ཅིས་མི་ཆོག

      

དུས་དབང་ངོས་འབྱོར་ལག་ཁྱེར་ལ་ལྟ་ཐེངས་རེ་རེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་དག་ཡང་ཡང་དྲན་བྱུང་ལ། ཁོང་གི་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ལ་བཅངས་པའི་བརྩེ་སེམས་དང་དེ་འབྲེལ་མཛད་རྗེས་དག་བརྗེད་དཀའ་བ་ཞིག་ཡིན་པ་དྲན་གསོ་བྱུང་། དེ་ཡང་། ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་སྔ་ནས།

བོད་ཡིག་ཡི་གེ་ཞིག་ལ་མི་བརྩི་བ་ནི་ཅི་འདྲ་རྩིས་མེད་དུ་བཏང་བ་དང་། མི་རིགས་ཀྱི་ཁེ་དབང་ལ་ཅི་འདྲ་རྩིས་མེད་དུ་བཏང་བ་ཡིན་པ་རེད་ཨང་། ཡིག་བྱང་ཐོག་ཏུ་ཚང་མ་རྒྱ་ཡིག་བྲིས་པ་དང་། བོད་ཡིག་བྲིས་ཀྱང་འདི་འདྲ་ཆུང་བ་དང་། རྒྱ་ཡིག་འདི་འདྲ་ཆེ་བ། ཡིག་བྱང་ལ་ལའི་ཐོག་ཏུ་བོད་ཡིག་རྩ་བ་ནས་བྲིས་མེད་པ་རེད། ཅེས་དང་། དེར་བརྟེན་ང་ཚོས་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་ཀྱི་གོ་འགན་སྒྲུབ་པའི་བྱེད་སྒོ་ཁག་གི་ནང་དུ་བོད་ཡིག་གཙོ་བོར་བྱེད་པ་དང་བོད་རྒྱ་སྐད་ཡིག་གཉིས་མཉམ་སྤྱོད་བྱེད་པའི་བྱེད་ཕྱོགས་ལག་ལེན་བསྟར་དགོས་ཞེས་བཏོན་ཡོད།  ཅེས་པ་དེ་དང་དེ་ལ་སོགས་པ་བོད་ཡིག་བོད་སྐད་ཀྱི་དོན་དུ་ཁོང་གིས་མེ་མདའི་ཁ་འོག་ཏུའང་འཇིགས་ཞུམ་མེད་པར་གསུང་སྐད་ལན་མང་བསྐྱོན་པ་ནི། བོད་མི་རིགས་ཀྱི་ལས་དབང་གི་སྐྱོ་གར་ལ་ཐུགས་ཀྱིས་མ་བཟོད་ནས་གསུངས་པ་ཞིག་ཏུ་འཁུམས་པ་ཀུན་གྱིས་མཁྱེན་རྒྱུ་གལ་ཆེ། མིའི་རིགས་ཀྱི་འགན་འཁྲི་ནི་མིས་ནམ་ཡང་འདོར་མི་རུང་ལ། བོད་ཀྱི་འགན་འཁྲི་ནི་བོད་པས་འདོར་མི་རུང་བ་ནི་གནད་དོན་ཞིག་ལོས་ཡིན།

          

མ་འོངས་འབྱུང་འགྱུར་ཐད་དུས་དབང་དང་གསུང་ཆོས་སོགས་ཀྱི་སྐབས་གོ་སྒྲིག་པ་དང་འགན་ཁུར་བ་རྣམས་ཀྱིས་ཐུགས་བསམ་ཆེར་བཞེས་ཀྱིས་ངོས་སྦྱོར་ལག་འཁྱེར་སྟེང་ངེས་པར་དུ་བོད་ཡིག་གཙོ་བོར་བྲི་བའི་རེ་བ་ཡོད། དེ་ཡང་མིག་དཔེ་བཟང་ལྟ་བྱས་ན། རྣམ་གྲོལ་གླིང་གི་ངོས་སྦྱོར་ལག་ཁྱེར་ལ་གཟིགས་ཀྱང་ཆོག་པ་ཡིན། དེ་ཡང་མདུན་ངོས་སུ་དོ་བདག་གི་དཔར་དང་བཅས་བོད་ཡིག་ཁམས་གཙང་དང་རྒྱབ་ངོས་སུ་དཔར་མེད་དབྱིན་ཡིག་ཐོག་ངོས་སྦྱོར་གནང་ཡོད། ངས་ངོས་སྦྱོར་ལག་ཁྱེར་དེ་ཁྱེར་ནས་ད་བར་རྒྱ་གར་ས་ཁུལ་འདྲ་མིན་ནང་མཁའ་ནས་གནམ་གྲུ་དང་ས་ནས་མེ་འཁོར་དང་རླངས་འཁོར་སོགས་ཀྱི་ནང་ཕྱིན་ཡིན། བོད་ཡིག་མདུན་ངོས་སུ་བྲིས་འདུག དབྱིན་ཡིག་མཉམ་དུ་དཔར་མི་འདུག་ཅེས་རྙོག་གྲ་ཤོད་མཁན་སུ་ཡང་མ་བྱུང་། ད་ལོ་འབྲས་ལྗོངས་སུ་རྡོ་གྲུབ་རིན་པོ་ཆེའི་སྐུ་མདུན་ནས་བཀའ་དབང་ཞུ་རུ་འགྲོ་བའི་གནམ་ཐང་དུ་ངོས་སྦྱོར་ལག་ཁྱེར་ཞིབ་དཔྱད་བགྱིད་སྐབས་ཉེན་རྟོག་པ་ཞིག་གིས་ཡི་གེ་འདི་ལུང་པ་གང་གི་རེད་ཅེས་དྲིས་བྱུང་། ངས་སྤོབས་པ་མཐོན་པོའི་ངང་ནས་བོད་ཡིག་རེད་ཅེས་ལན་བཏབ། ཉེན་རྟོག་པ་གཞན་ཞིག་གིས་དབྱིན་ཡིག་ཐོག་རྒྱབ་ངོས་སུ་བྲིས་འདུག་དེར་ལྟོས་ཞེས་བརྗོད་སོང་། ཉེན་རྟོག་པ་སྔ་མ་དེས་དབྱིན་ཡིག་རྒྱབ་ངོས་སུ་བྲིས་ཡོད་པ་ངས་མཐོང་བྱུང་། ཡིན་ནའང་མདུན་ངོས་སུ་བྲིས་པའི་ཡི་གེ་འདི་ལུང་པ་གང་གི་ཡིན་མིན་ཤེས་འདོད་བྱུང་བས་དྲིས་པ་ཙམ་ཡིན་ཞེས་བརྗོད་སོང་། དཀའ་ངལ་གང་ཡང་མ་བྱུང་། ཆབ་དཔལ་རིག་གསུམ་གྱི་ཚད་ཧ་ཅང་མཐོ་བའི་རང་བཙན་ཅན་གྱི་རྒྱ་གར་རྒྱལ་ཁབ་ཀྱི་ནང་དུ་ངས་བོད་ཡིག་ཐོག་ངོས་སྦྱོར་ཁྱེར་ནས་འགྲོ་བ་འདི་གཟི་བརྗིད་ཅིག་ཏུ་ཚོར་སྣང་བྱུང་བ་ལས། ངོ་གནོངས་པ་དང་འཇིགས་ཞུམ་གཏན་ནས་མ་བྱུང་། འདི་ནི་བོད་ཡིག་གི་རིན་ཐང་ངོ་མ་ཤེས་པས་སོ།།

                

དེར་བརྟེན་དུས་དབང་གི་ངོས་སྦྱོར་ལག་ཁྱེར་དེ་ཡང་མདུན་ངོས་སུ་དོ་བདག་གི་དཔར་དང་བཅས་བོད་ཡིག་ཁམས་གཙང་དང་རྒྱབ་ངོས་སུ་དབྱིན་ཡིག་ཐོག་ངོས་སྦྱོར་བྲིས་ན་འོས་ཤིང་འཚམས་སྙམ། འདི་ལོ་བོད་ནས་བོད་ཀྱི་དགེ་རྒན་དང་སློབ་ཕྲུག་སྟོང་ཕྲག་མང་པོས་བོད་ཀྱི་སྐད་དང་ཡི་གེའི་དོན་དུ་སྐད་འབོད་ག་ཚོད་བརྒྱབས་པ་གོ་སྒྲིག་པ་ལྷན་རྒྱས་ཀྱིས་མཁྱེན་ཡོད་ཤག་ལ། མགོ་ལ་བཞུགས་པའི་བཀའ་སྤྱི་རྣམ་པས་ཀྱང་གཟིགས་ཡོད་ཤག གཞིས་བཞུགས་སྤུན་ཟླ་ཚོས་དམར་པོའི་བཙན་གནོན་འོག་ཡོད་ནའང་ད་དུང་འཇིགས་ཞུམ་སྤུ་ཙམ་མེད་པར་སོ་སོའི་ལས་འགན་ལ་ཤུགས་རྒྱག་བཞིན་ཡོད་ན། ང་ཚོས་འདི་ནས་རང་དབང་ལུང་པར་ཐ་ན་ངོས་སྦྱོར་ལག་ཁྱེར་ཞིག་ཏུའང་བོད་ཡིག་ལ་ཁྱད་གསོད་དང་ཁྲལ་གསོད་ཀྱི་རྣམ་པ་ཤུགས་ཆེར་བསྟན་པ་ནི། ཡ་མཚན་དགོས་པའི་གནས་དོན་ཞིག་ཏུ་འཁུམས། ལེགས་པར་བསམས་ན་བོད་ནས་ཕེབས་པའི་དུས་དབང་ཆོས་ཞུ་བ་ཁྲི་ཚོར་ཉེ་བའི་སྤུན་ཟླ་རྣམས་ཀྱི་མདུན་དུ་ཞབས་འདྲེན་ཞུས་པ་ཞིག་ཀྱང་རེད།

 

མདོར་ན་ང་ཚོས་ཕ་སྐད་གཙང་མ་ཤོད་དགོས་པའི་ལྟ་གྲུབ་སྤེལ་བའི་བསྒྲགས་གཏམ་མཐོང་བཞིན་པ་ལྟར་ཕ་སྐད་གཙོ་བོར་བྲི་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་ཡིན། འདིའི་ཐད་ཀུན་གཟིགས་པཎ་ཆེན་ལྟར་གོང་བཞུགས་རྣམས་ཀྱིས་བཀའ་སློབ་ལམ་སྟོན་སྐུལ་ལྕག་ཡོང་བའི་རེ་བ་བཅས། འབྲོང་ངུར་ཆོས་རྗེ་རུ་འབོད་པས།

སྤྱི་ལོ་ ༢༠༡༢ ཟླ་བ་ ༠༡ ཚེས་ ༠༦ ཉིན་གནས་མཆོག་རྡོར་གདན་དུ་བྲིས།

 

འབྲེལ་ཡོད་གསར་འགྱུར།

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

ཆུ་ཚོད་ ༩ སྔོན་ལ།
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤

མཆན། 9

  1. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    དོན་སྙིང་ལྡན་པ་ཞིག་བྲིས་འདུག་པས་ཐུགས་རྗེ་ཆེ། ལྷག་པར་དུ་ཡང་ཧི་མ་ལ་ཡའི་མི་རིགས་ཤིག་གིས་ངོས་གངས་ཅན་པའི་སྐད་ཡིག་ལ་ཐུགས་འཁུར་བཞེས་ནས་བྲིས་པར་ཡིད་སྤྲོ་བརྟས། ཞར་དུ་དཔྱད་གཞི་ཆུང་ངུ་ཞིག་ཞུ་འདོད་པ་ནི་བཅུ་ཐམ་པ། ཉི་ཤུ་ཐམ་པ། དེ་བཞིན་བརྒྱ་ཐམ་པ། ལྟ་བུ་གྲངས་ཧྲིལ་པོར་མ་གཏོགས་གཅིག་ཐམ་པ། ཉི་ཤུ་རྩ་གསུམ་ཐམ་པ་ལྟ་བུ་འབྲི་སྲོལ་མེད།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ང་ཚོ་ཚང་མས། སྐད་ཡིག་ཅིག་འགྱུར་དགོས་ཟེར་བཞིན་ཡོད། ཡིན་ཡང་ད་ཆར་ཅིག་འགྱུར་ཆགས་བཞིན་པའི་སྐད་འདི་ནི་བརྡ་སྤྲོད་རིག་པ་དང་རྒྱང་ཐག་རིང་ཞིང་ཐ་སྙད་ཀྱི་འདང་ངེས་ཤིག་མེད་པ་མ་ཚད། བརྡ་རྙིང་གི་ཟུར་ཙམ་ཡང་མེད། གལ་སྲིད་ཅིག་འགྱུར་ཆགས་བཞིན་པའི་སྐད་འདི་རྒྱུན་མཐུད་དུ་སོང་ན། རང་རེའི་སྐད་རྩ་བརླག་ཏུ་འགྲོ་བའི་གོམ་ཆེན་སྤོ་པ་དང་ཁྱད་ཅི་ཡོད།
    མདོ་སྟོད་སྨད་ཀྱི་སྐད་ནི་ཐ་སྙད་ཕུན་སུམ་ཚོགས་པ་ཡོད་པས། དེ་གང་རུང་ཞིག་ཅིག་འགྱུར་ཆགས་ན་ཅི་མ་རུང་ངོ་། 

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཉེ་ཆར་ཀརྨ་པའི་དགུ་བརྒྱའུ་དུས་དྲན་དྷི་ལི་རུ་ཚོགས་སོང་དེར་མགྲོན་ཤོག་དང་མཛད་རིམ་ཆ་ཚང་དབྱིན་ཇི་ལ་བྲིས་འདུག་དེར་བོད་སྐད་བཤད་མཁན་གཅིག་ཡོད་པ་དེ་ཀརྨ་པ་ཁོང་རང་རེད་དེ་ཡང་དབྱིན་ཇིའི་མ་འདང་ནས་གསུངས་བ་ལོས་ཡིན་གཞན་མཛད་སྒོ་དེ་བོད་པ་ཞིག་གི་མཛད་སྒོའི་རྣམ་པ་གང་ནས་ཀྱང་མཐོང་རྒྱུ་མི་འདུག་ཀརྨ་པའི་ཕྱག་མཛོད་དེ་ཡང་བོད་སྐད་མི་ཤེས་པ་ཞིག་བཞག་ཡོད་རབ་འདུག་བོད་ཀྱི་སྐད་ཡིག་འདི་བླ་བྲང་དང་དགོས་པ་ཚོགས་སྡེ་སོགས་ནས་སློབ་གྲྭ་སོགས་ནས་བེད་སྤྱོད་མ་བྱས་ན་སུས་བྱ་མི་ལོ་ལྔ་བཅུའི་ཤེས་ཡོན་འཐུས་ཤོར་ཟེར་ནས་རྒྱལ་བ་རིན་པོ་ཆེ་སྐད་ཤོར་དོན་ཡང་དེ་ལོས་ཡིན་་་་་རྒྱལ་བ་རིན་པོའི་སྐུའི་སྤུན་མཆེད་ཚོས་ཀྱང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཤེས་རབ་མི་འདུག
    དེ་ཚོ་བསམ་དུས་པཎ་ཆེན་བླ་མ་ཡང་བསྐྱར་དྲན་འོང།

    Reply
  4. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    དཔྱད་གཏམ་སྤེལ་བར་ཡག་བྱུང་ཟེར་རྒྱུ་ཡིན། དེ་འདྲ་གསུང་ན་ཕན་ཐོགས་ཅུང་ཙམ་ཡོད་སྲིད་པ་ཞིག་རེད། མ་གཞི་ང་ཚོའི་ཆོས་རིགས་སྲུང་སྐྱོབ་ཟེར་བ་འདི་མི་མང་པོའི་ཁ་ན་འབྱར་བསྡད་པའི་ཟོལ་འདྲ་ཡོད་ཀྱང་། དོན་ངོ་མར་ལག་ལེན་ལ་ཐུགས་དུས་འདི་དང་འདི་འདྲ་མང་པོ་རེད། ལག་ལེན་འདི་འདྲའི་ཁྲོད་ནས་ཆོས་རིགས་སྲུང་སྐྱོབ་བྱེད་རྒྱུར་ཇི་འདྲའི་དཀའ་ཁག་ཆེ་ཞིང་འགོག་རྐྱེན་མང་བ་ཞིག་རེད་ཨང་། འོ་རེད་རང་བོད་པ་མིན་ཨེ། ཧཧཧཧཧཧ

    Reply
  5. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཧ་ཅང་ལེགས་སོའི་བསྔགས་བརྗོད་ཡོད. ངོས་སྦྱོར་སྤྲོད་པ་བོ་ཚོ་གང་ཡིན་ནམ. དུས་བབ་སོགས་ཀྱི་བཅར་འདྲི་བྱེད་དགོས་ངེས་རེད. བོད་གཞུང་གི་འབྲེལ་ཡོད་ཚོ་ལ་ཡང་འདིའི་སྐོར་ནས་དྲི་བ་གཏོང་དགོས་པར་བསམས་སོ།།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ང་ཚོས་འདི་ནས་རང་དབང་ལུང་པར་ཐ་ན་ངོས་སྦྱོར་ལག་ཁྱེར་ཞིག་ཏུའང་བོད་ཡིག་ལ་ཁྱད་གསོད་དང་ཁྲལ་གསོད་ཀྱི་རྣམ་པ་ཤུགས་ཆེར་བསྟན་པ་ནི། ཡ་མཚན་དགོས་པའི་གནས་དོན་ཞིག་ཏུ་འཁུམས། ལེགས་པར་བསམས་ན་བོད་ནས་ཕེབས་པའི་དུས་དབང་ཆོས་ཞུ་བ་ཁྲི་ཚོར་ཉེ་བའི་སྤུན་ཟླ་རྣམས་ཀྱི་མདུན་དུ་ཞབས་འདྲེན་ཞུས་པ་ཞིག་ཀྱང་རེད།
    ཟེར་འདུག དངོས་གནས་དྲང་གནས་ཀྱི་བོད་ཞེན་ཆེ་བ་གཏམ་ཅིག་རེད་གདའ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཆབ་དཔལ་རིག་གསུམ་གྱི་ཚད་ཧ་ཅང་མཐོ་བའི་རང་བཙན་ཅན་གྱི་རྒྱ་གར་རྒྱལ་ཁབ་ཀྱི་ནང་དུ་ངས་བོད་ཡིག་ཐོག་ངོས་སྦྱོར་ཁྱེར་ནས་འགྲོ་བ་འདི་གཟི་བརྗིད་ཅིག་ཏུ་ཚོར་སྣང་བྱུང་བ་ལས། ངོ་གནོངས་པ་དང་འཇིགས་ཞུམ་གཏན་ནས་མ་བྱུང་། འདི་ནི་བོད་ཡིག་གི་རིན་ཐང་ངོ་མ་ཤེས་པས་སོ།། ཧ་ཧ་དེ་འདྲའི་སྐལ་བཟང་གཏམ་བཟང་རེད་། སྙིང་གཏམ་རེད་དོ་ལས་བྱེད་ཚོར།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་། དེ་ལྟར་མ་ནུས་ཀྱང་མ་མཐར་དང་པོ་བོད་ཡིག་ཐོག་བྲིས་ནས་དེའི་འོག་ཏུ་དབྱིན་ཡིག་ཐོག་བྲིས་ཏེ། བོད་དབྱིན་གཉིས་ལྡན་ཞིག་བྱས་ཀྱང་ཅིས་མི་ཆོག ་་་་་གསུངས་པ་ལ་རྒྱབ་སྐྱོར་བརྒྱ་ཆ་ས་ཡ་༦ཙམ་ཡོད་ལགས།

    Reply
  9. པོ་ཏཱ་ལ says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་་ཡག་པོ་བྲིས་འདུག་་འགན་ཁུར་གནང་བར་དགའ་བསུ་ཡོད།་་་སྤྱི་ཚོགས་དང་རིགས་གཞུང་ཕན་པའི་དྲ་ཡིག་མང་ཙམ་སྤེལ་རོགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese