མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་དངུལ་རྒྱན་ཆ་གང་བྱུང་བཏགས་ན་ཡག་པོ་ཡོད་པ་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་དུས་དབང་དངོས་གཞི་དང་བསྟུན་ཏེ་བཀའ་སློབ་གནང་དོན་ལ། དེ་སྔ་ཁོང་གིས་སྟག་གཟིག་གི་པགས་རིགས་གྱོན་ན་ཡག་པོ་མེད་སྐོར་བཤད་པ་དེར་མང་ཚོགས་ཀྱིས་དང་ལེན་ཡག་པོ་བྱས་སོང་། མ་འོངས་པར་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་རིགས་བཏགས་ན་ཡག་པོ་མེད་ཚུལ་གསུངས་སོང་།

དེ་རིང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དང་ཕྱེད་ཀའི་སྟེང་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་གཙོས་བྷེ་ཧཱར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་དང་། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རཱེ་ཆཱ་ཊི་གྷིར་དང་། འཛམ་གླིང་རྒྱལ་ཁབ་ ༦༣ ཙམ་ནས་ཕེབས་པའི་ཆོས་ཞུ་བ་ཉིས་འབུམ་ཙམ་ལ་ཉིན་དང་པོའི་དུས་འཁོར་གྱི་བཀའ་དབང་གནང་མགོ་འཛུགས་ཡོད་ཅིང་། ཐོག་མར་༧གོང་ས་མཆོག་གིས་མོན་རྟ་དབང་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཀྱིས་པར་བསྐྲུན་ཞུས་པའི་ཨ་རུ་ཎ་ཅལ་མངའ་སྡེ་བློན་ཆེན་འདས་པོ་དམ་པ་དེའི་མི་ཚེ་ལོ་རྒྱུས་༼འབངས་ལ་བརྩེ་བའི་རྗེ་བོ་༽ཞེས་པ་དབུ་འབྱེད་གནང་སོང་། ཕྱི་དྲོར་ཆོས་ཞུ་བ་ཚོ་ཁག་བགོས་ཀྱིས་དཀྱིལ་འཁོར་ལ་མཇལ་ཁ་གཏོང་བཞིན་འདུག

སྔ་དྲོའི་གསུང་ཆོས་སྐབས་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་ནང་ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་ཡིན་སྐོར་གསུངས་དོན། “བྱང་ཆུབ་སེམས་སྐྱེད་དང་སྟོང་ཉིད་ལྟ་བ་གཉིས་སྒོམ་རྒྱུ་ནི། ཉི་མ་རེ་རེ་བཞིན་བསམ་བློ་གཏོང་དགོས་པ་ཞིག་དང་མ་ཤི་བར་བསམ་བློ་གཏོང་དགོས་པ་ཞིག་ཡིན། དེ་ལྟར་བྱས་ན་ག་ལེར་གོམས་པའི་དབང་གིས་ཤུགས་ཆེ་རུ་འགྲོ་ཡི་རེད། ཤུགས་ཆེ་རུ་ཕྱིན་ན་རྨི་ལམ་ཚུད་ཆད་ལ་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བར་བསམ་བློ་གཏོང་བ་ཞིག་ཡོང་གི་ཡོད། དེ་བསླེབ་ན་ཤི་རྗེས་བར་དོིའི་མཚམས་སུ་བསླེབ་ན་ཏན་ཏན་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་དྲན་ཐུབ་ཀྱི་རེད། དེའི་ཐོག་ནས་ལུས་རྟེན་བཟང་པོ་ཞིག་ཡོང་རྒྱུ་བརྒྱ་ཆ་བརྒྱ་ཐག་ཆོད་པ་ཞིག་རེད། ཚེ་རབས་ནས་ཚེ་རབས་བར་སྟོང་ཉིད་ལྟ་བ་དང་མ་བྲལ་བའི་ཐོག་སྐྱེ་བ་ལེན་ཐུབ་ཀྱི་ཡོད།  ང་ལའང་མཚོན་ནའང་ཞོགས་པ་ཡར་ལངས་རྗེས་ཐུབ་དབང་གི་བསྟོད་པ་ཞིག་སྐྱོར་ཏེ། ཐུགས་རྗེ་ཆེན་པོའི་བྱང་ཆུབ་སེམས་ལ་བསམ་བློ་གཏོང་གི་ཡོད། བྱང་ཆུབ་སེམས་ཀྱིས་གཞན་གྱི་སྡུག་བསྔལ་ཕྱིན་ཅི་ལོག་པའི་ལྟ་བ་སེལ་ཆེད་ཡང་དག་པའི་ལྟ་བར་བསམ་བློ་གཏོང་དགོས་པ་རེད། དེ་ཡོང་བའི་རྩ་བ་རྟེན་འབྱུང་གི་ལྟ་བར་བསམ་བློ་གཏོང་པ་རེད་ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། “ཕན་པའི་བསམ་པ་ནི་བདེ་སྐྱིད་ཀྱི་རྩ་བ་རེད། དུད་འགྲོ་ལ་ཆ་བཞག་ནའང་ཕན་སེམས་བཅངས་ན་དགའ་པོ་བྱེད་ཀྱི་རེད། ཕན་སེམས་མེད་ན་ཤེས་ཡོན་ཡོད་པ་དང་། རྒྱུ་ནོར་ལོངས་སྤྱོད་ཡོད་པ། དབང་ཤུགས་ཡོད་ཀྱང་མིས་ཞེད་སྣང་བྱ་ཡུལ་ཞིག་ལས་ཕན་ཐོགས་པ་ཞིག་ཡོང་ཐུབ་ཀྱི་མེད། སེམས་པ་བཟང་པོ་ཡོད་ན། མི་མཐོ་དམན་བར་གསུམ་གཉེན་དུ་འགྲོ་བ་ཞིག་དང་གྲོགས་པོ་ཆགས་ཐུབ་པ་ཞིག་ཡོང་གི་ཡོད། སོ་སོའི་སེམས་དེ་ལྷོད་ལྷོད་ཡོང་ཐུབ་ཀྱི་ཡོད། སེམས་སྐྱིད་ན་ལུས་བདེ་བ་ཡོང་གི་ཡོད། ཆོས་ཀྱི་ནང་བྱང་ཆུབ་སེམས་ལས་ལྷག་པའི་ཆོས་ཞིག་ཡོད་པ་མ་རེད། བྱང་ཆུབ་ཀྱི་སེམས་ལས་ལྷག་པའི་ཆོས་ཞིག་འདས་པའི་སངས་རྒྱས་ཀྱིས་གསུངས་མེད་ལ། མ་འོངས་པའི་སངས་རྒྱས་ཀྱིས་ཀྱང་དེ་ལས་ལྷག་ཅིག་གསུང་རྒྱུ་ཡོད་པ་མ་རེད་ ” ཅེས་གསུངས་བྱུང་། 

བོད་ནང་དུ་ཤོ་དང་མཱ་ཅང་རྒྱག་པ་དང་། རྒྱན་ཆར་དོ་སྣང་ཆེན་པོ་བྱས་ཏེ་རྒྱས་སྤྲོས་བྱེད་བཞིན་པར་༧གོང་ས་མཆོག་གིས་བསྐྱར་དུ་ནན་བརྗོད་གནང་དོན། “ཁ་སང་ཞུས་པ་བཞིན་ཧི་མ་ལ་ཡའི་རི་རྒྱུད་དང་བོད་ནང་དུ། དཔལ་འབྱོར་གནས་སྟངས་ཕྲན་བུ་དྲག་ཏུ་ཕྱིན་སྐབས། མཱ་ཅང་རྒྱག་པ་དང་རྒྱན་ཆེན་པོ་འཇོག་གི་ཡོད་ཚོད་རེད། དེ་ཚོ་ཁྱོན་ནས་བྱ་རྒྱུ་ཡོད་པ་མ་རེད། དངུལ་ཏོག་ཙམ་ཡོད་ན་རྒྱན་ཆ་ལ་དང་དོད་བྱས་ཏེ། གསེར་དངུལ་རྒྱན་ཆ་གང་བྱུང་བཏགས་ན་ཡག་པོ་ཡོད་པ་མ་རེད། དེ་སྔོན་ངས་གཅན་གཟན་གྱི་པགས་རིགས་གྱོན་ན་ཡག་པོ་མི་འདུག་ལབ་པ་རེད། ངས་ལབ་པ་ལྟར་མང་པོ་ཞིག་གིས་ཚུལ་བཞིན་དུ་ཡག་པོ་བྱས་སོང་། རང་རྒྱུད་ན་ཡོན་ཏན་གང་ཡང་མེད་པར་ཕྱི་ལོགས་སུ་བྱུ་རུ་རྒྱན་ཆ་འདྲ་མིན་བཏགས་ཏེ། འཆོར་པོ་ག་ཚོད་བྱས་ཀྱང་སོ་སོ་དཀའ་ལས་ཁག་རྒྱུ་མ་གཏོགས་ཆོ་ཡོད་པ་མ་རེད། ནོར་ངོ་མ་དེ་ཡོན་ཏན་ཡོད་པ་དང་། སྤྱོད་པ་ཡོད་པ། འཆད་མཁས་པ་ལ་སོགས་འཕགས་པའི་ནོར་བདུན་ཡོད་པ་རེད། ནོར་ངོ་མ་དེ་ཚོ་ཆགས་ཡོད་པ་རེད། ནོར་དེ་ཚོ་ཚེ་འདི་ལ་ཕན་གྱི་རེད་ལ། ཚེ་ཕྱི་མར་ཡང་ཕན་གྱི་ཡོད་སྟབས། ཁྱེད་ཚོས་དེའི་དོ་སྣང་བྱ་དགོས་ཀྱི་འདུག” ཅེས་གསུངས།

དེ་རིང་ཕྱིར་དྲོ་བྷེ་ཧཱར་མངའ་སྡེ་བློན་ཆེན་མཆོག་གསུང་ཆོས་ར་བར་ཕེབས་སྐབས་དང་བསྟུན་ཏེ། ༧གོང་ས་མཆོག་གིས་སྐུ་རྩེད་དང་སྦྲགས་གསུངས་དོན། “དེ་སྔོན་ང་རང་པཱ་ཊི་ཌར་འབྱོར་སྐབས་བྷེ་ཧཱར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཎེ་ཊེ་ཁཱི་མིར་ (NITISH KURMAR) མཆོག་གིས། སྟོན་པ་ཐུགས་རྗེ་ཅན་གྱིས་བྱིན་རླབས་ལ་བརྟེན་ཏེ། བྷེ་ཧཱར་མངའ་སྡེ་ཡར་རྒྱས་གང་མགྱོགས་འགྲོ་རྒྱུར་རེ་བ་ཡོད་ཅེས་གསུངས་པ་རེད། དེ་ནས་ངས་རྩེད་མོ་དང་སྦྲགས་སྟོན་པའི་བྱིན་རླབས་ཀྱིས་བྷེ་ཧཱར་ཡར་རྒྱས་འགྲོ་དགོས་ན། སྟོན་པ་བཅོམ་ལྡན་བྱོན་ཏེ་ལོ་ ༢༥༠༠ ལྷག་ཕྱིན་ཡོད་པ་རེད། བྷེ་ཧཱར་སྔོན་མ་ནས་ཡར་རྒྱས་འགྲོ་དགོས་པ་ཞིག་རེད་ཅེས་བཤད་པ་ཡིན། སྟོན་པ་ཐུགས་རྗེ་ཅན་གྱི་བྱིན་རླབས་སྔོན་མ་ནས་ཡོད་ཀྱང་། ལས་ཀ་ཚགས་ཚུད་མེད་དུས་བྱིན་རླབས་མངོན་ཐུབ་པ་མ་བྱུང་བ་རེད། མངའ་སྡེ་བློན་ཆེན་ལྷག་བསམ་དང་སྤྱི་སེམས། འཇོན་ཐང་ཅན་ཞིག་ཡོང་སྐབས་གཞི་ནས་བྱིན་རླབས་མངོན་པ་རེད། སྟོན་པའི་བྱིན་རླབས་མངའ་སྡེ་བློན་ཆེན་གྱིས་ལག་ནས་ཡོང་དགོས་པ་རེད་ཅེས་བཤད་པ་ཡིན་ ” ཞེས་གསུངས་བྱུང་།

མཐར་༧གོང་ས་མཆོག་གིས་དུས་དབང་གི་ཕན་ཡོན་སྐོར་གསུངས་དོན། “ཁྱེད་རང་ཚོས་དུས་འཁོར་དབང་ཞུས་ཏེ་སོ་སོའི་གནས་ལ་ལོག་སྐབས། ང་རང་ལ་དུས་འཁོར་དབང་ཐོབ་སོང་སྙམ་སྟེ་མགོ་ཀྲོག་ཀྲོག་བྱ་རྒྱུ་དང་ཡིན་མདོག་བྱ་རྒྱུ་རྩ་བ་ནས་ཡོད་པ་མ་རེད། དེ་ལྟར་བྱས་ན་ང་རྒྱལ་གྱི་རྐྱེན་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད། དབང་ཞུས་རྗེས་གཉོམ་ཆུང་བྱས་ཏེ་སྡོད་དགོས་པ་རེད། ཁ་ཁུ་སིམ་པོ་བྱས་ཏེ་སྡོད་དགོས་པ་རེད་ ” ཅེས་གསུངས་སོང་།

འདི་ནི་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་རྗེས་དུས་འཁོར་བཀའ་དབང་བསྩལ་བ་ཐོག་མ་ཆགས་ཡོད་འདུག

གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 3

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱལ་སྲས་ཀྱི་མཆོར་གོས་མནབས་ལ་རིན་པོ་ཆེའི་མགུལ་རྒྱན་ཐོགས་པའི་བྱིས་པ་དེས། རོལ་རྩེད་ཀྱི་སྤྲོ་དགའ་ཡོངས་སུ་ཤོར་ལ། ཁོའི་ལུས་ཀྱི་གཟབ་མཆོར་གྱིས་རང་གི་རྡོག་སྣེ་ཀུན་ནས་བཅིངས།
    གོས་རྒྱན་ལ་རྙིང་རལ་དང་བཙོག་སྐྱོན་བསྒོ་བའི་དོགས་པ་ཡིས་ཁོ་ལ་འཇིག་རྟེན་འདིར་གོམ་ཁ་འདེགས་པའི་སྤོབས་པ་མེད་ཅིང། ཐ་ན་ལུས་ཀྱི་འགུལ་སྐྱོད་ཙམ་ལ་ཡང་འཛེམ།
    མ་ཡུམ་ལགས། གོས་རྒྱན་གཟབ་མཆོར་གྱི་འཆིང་བ་ཡིས། གལ་ཏེ་མི་དང་ས་གཞི་ཆེན་པོའི་བདེ་ཐང་གི་ས་རྡུལ་སོ་སོར་ཕྱེ་ལ། གལ་ཏེ་མི་རྣམས་རྒྱུན་ལྡན་གྱི་འཚོ་བའི་འདུ་ཚོགས་ཁྲོད་གཞུག་པའི་རང་དབང་ཡང་ལྷག་མེད་དུ་འཕྲོག་ན། འདི་ལ་ཉེས་སྐྱོན་ལས་དགེ་མཚན་ཅི་ཞིག་མཆིས།

    འདི་ནི་ཤར་ཕྱོགས་ཀྱི་སྙན་དངགས་རྒྱལ་སྲས་ཉི་དབང་མགོན་པོ་མཆོག་གི་སྙན་དངགས་ཀྱི་མཆོད་པ་(ཀེ་ཐཱན་ཀྱཱ་ལི)ཡི་དུམ་བུ་བརྒྱད་པ་དེ་རེད།

    བཀའ་སློབ་འདི་དང་སྙན་དངགས་འདི་གཤིས་མཉམ་དུ་ཀློག་ནས་བསམ་གཞིགས་རེ་བགྱིས་ན་ཅི་འདྲའི་གདམས་ངག་ཟབ་མོ་ཞིག་གི་ཚོར་སྣང་སྐྱེ་འམ་ཅི།

    Reply
  2. ནད་པ says:
    ལོ་ 14 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར།།
    སྙིང་སྟོབས་ཕྲུག་པར་བཟུང་བའི་རླབས་ཆེན་གྱི།།
    འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན།།
    བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    ༧བླ་མའི་སྐུ་ཚེ་བརྟན་གྱུར་ཅིག།
    སྐྱེ་འགྲོ་འབངས་མི་གངས་ཅན་པར།།
    བརྩེ་བའི་གཟིགས་ཤིང་ལྷག་པའི་ལྷ།།
    བསྟན་འཛིན་རྒྱ་མཚོར་མངོན་པར་བསྟོད།།
    དེང་དུས་འཛམ་གླིང་སྐྱེ་འགྲོའི་མིག།
    སྤྱན་རས་གཟིགས་དབང་མིར་བརྫུས་པ།།
    དུས་རབས་གསར་བའི་སྟོན་པ་ཉིད།།
    བསྐལ་བའི་བར་དུ་ཞབས་བརྟན་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese