མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་ཉི་དང་ཚུལ་ཁྲིམས་གཉིས་ཀ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༦ ཉིན་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གཏོང་མཁན་རྔ་པའི་བསྟན་ཉི་ཚེས་ ༦ ཉིན་དང་ཚུལ་ཁྲིམས་གཉིས་ལགས་ཚེས་ ༧ ཉིན་སྐུ་གྲོངས་འདུག

རྔ་པ་རྫོང་བར་མ་ཞང་ལྡོང་ཁུའི་ཞག་གདུགས་སྨན་པ་ཚང་གི་བུ་ཚུལ་ཁྲིམས། རང་ལོ་ ༢༠ ཡས་མས་ཤིག་ཡིན་པ་ཁོང་དང་། རྔ་པ་རྫོང་མཐའ་བ་གོང་མ་ནས་ཡིན་པའི་བསྟན་ཉི། རང་ལོ་ ༢༠ ཡས་མས་ཤིག་ཡིན་པ་ཁོང་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༦ ཉིན་རྔ་པ་རྫོང་མཁར་གྱི་བཞི་མདོའི་མགྲོན་ཁང་ཞིག་གི་ར་སྐོར་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཅེས་སྐད་འབོད་བྱེད་བཞིན་ར་སྐོར་གྱི་ཕྱི་ལ་ཐོན་ཡོད་པར། དེ་མ་ཐག་ཉེ་འཁོར་གྱི་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་མེ་བསད་ནས་བཙན་ཁྲིད་བྱས་ཡོད་ཀྱང་བསྟན་ཉི་ལགས་ཉི་མ་དེ་རང་ལ་གྲོངས་ཡོད་པ་དང་། ཚུལ་ཁྲིམས་ཕྱི་ཚེས་ ༧ ཉིན་གྱི་མཚན་མོ་གྲོངས་ཡོད་འདུག གོང་གསལ་ངོ་རྒོལ་གྱི་གནས་ཚུལ་དེ་བྱུང་བའི་ཕྱི་ཉིན་རྔ་པ་རྫོང་མཁར་གྱི་བོད་པའི་ཚོང་ཁང་དང་ཟ་ཁང་ཚང་མས་སྒོ་བརྒྱབ་ནས་གདུང་སེམས་མཉམ་བསྐྱེད་བྱས་ཡོད་ཀྱང་རྔ་པ་མི་མང་རྣམས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་གཉིས་ཀྱི་ནང་མིར་སེམས་གསོ་བྱེད་པར་འགྲོ་བ་སོགས་ལ་བཀག་འགོག་བྱེད་བཞིན་ཡོད་འདུག་པ་དང་། ཉིན་དེར་རྔ་པའི་རྫོང་མཁར་སོགས་ལ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག 

དེ་མིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་རང་ལུས་མེར་སྲེག་བཏང་ནས་སྐད་འབོད་བྱེད་མཁན་རྔ་པ་རྫོང་སོ་རུ་མའི་པདྨ་ཚང་ བུ་རྒྱལ་གཅེས་དཔའ་བོ་ནོར་བུ་དགྲ་འདུལ་ལགས་འདི་ཟླའི་ཚེས་ ༥ ཉིན་འབར་ཁམས་སྨན་ཁང་ནས་འདས་གྲོངས་སུ་གྱུར་ཡོད་ཀྱང་ཁོང་གི་སྐུ་ཕུང་ནང་མིར་ཕྱིར་སྤྲོད་མ་བྱས་པར་རྒྱ་གཞུང་གིས་མེར་བསྲེགས་བཏང་ནས་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་ཀྱང་དེ་ཡང་རྔ་པའི་དུར་སར་འཕེན་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག དེ་ཡང་ཁོང་གིས་གོང་ཚེས་ཉིན་རང་ལུས་མེར་བསྲེགས་བཏང་ནས་རྔ་པའི་ཁྲོམ་གཞུང་ དུ་(བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་)ཞེས་སྐད་འབོད་བྱས་ཡོད་ལ། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་ཁོང་བཙན་ཁྲིད་བྱས་ནས་ད་བར་གནས་སྟངས་གསལ་པོ་ ཤེས་རྟོགས་བྱུང་མེད་ཀྱང་འདི་ཟླའི་ཚེས་ ༥ ཉིན་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ཀྱི་སྨན་ཁང་ནས་འདས་གྲོངས་སུ་གྱུར་འདུག ཁོང་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་པར་གྲྭ་བྱས་ཤིང་ཕྱི་ལོ་ ༢༠༡༠ ཟླ་ ༦ ཡས་མས་ཤིག་ལ་གྲྭ་པ་ལོགས་ནས་ཕ་མའི་རྩར་བསྡད་ཡོད་འདུག  

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཁོ་སྤྲོད་བྱས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 6

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ལུགས་གཉིས་བདེན་པའི་འཐབ་རྩོད་ཀྱི་འཚེ་མེད་ཞི་རྒོལ་བའི་རྒྱལ་སྲས་དམ་པ་དུ་མར་མགོ་བཏུད་ཀྱང་སྙིང་འདར་བཞིན་ཕྱག་འཚལ་ལོ། དགེ་བ་འདི་ཁོ་ནས་ཀྱང་བདེ་ཆེན་ཞིང་དུ་སྐྱེ་བར་སྨོན་སྨོན་སྨོན།

    Reply
  2. ནེ་ཤོད་གྲུ་ཁ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གི་བཀའ་རྩོམ་བྱིན་རླབས་ཅན།
    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བུ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །

    Reply
  3. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    མྱ་ངན་སེམས་ལ་ཉར་ནས་རང་མི་རིགས་ལ་གཅེས་པའི་སྙིང་སྟོབས་ཤིག་བསྐྲུན་ཞིང་ཡོད།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    དུས་འཁོར་དབང་གི་བྱིན་རླབས་ལ་བརྟེན་ཏེ་བྱང་ཕྱོགས་ཤམ་བྷ་ལར་སྐྱེ་བའི་སྨོན་ལམ་འདེབས། 
    ཡང་གཞུང་དང་ཡུལ་བྱོལ་པ་ཚོས་དམ་པ་ཁོང་གི་མེ་དཔུང་འབར་བའི་ཀློང་དཀྱིལ་གྱི་བདེན་པའི་འབོད་ཚིག་དག་ལ་བཅོས་ལྷད་མི་གཏོང་བའི་རེ་སྐུལ་ཡང་ནན་གྱིས་ཐལ་ལོ།།

    Reply
  5. ཐོ་རེངས། says:
    ལོ་ 14 སྔོན།

    འབྲོང་བུ་སོག་ཚ། རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་། ཡང་དགོས་བོད་ཁ་བ་ཅན་གྱི་བསྟན་སྲིད་ཀྱིས་དོན་དུ་སྐུ་སྲོག་ཆེད་དུ་བཏངས་བ་རེད་མ་གཏོགས་རང་མགོ་མ་ཐོན་ནས་ཤོར་བ་མ་རེད་ཨེ་གོ
    སྐུ་སྲོག་ཤོར་བ་དང་བཏང་བ་སོ་སོ་རེད། ཞབས་འདྲེན་མཁན་ཁྱེད་ཀྱིས་བྱ་བྱེད་ལས་གསུམ་གྱི་ཁྱད་ཙམ་ཡང་མི་ཤེས་བཞིན་དུ་ད་དུང་སྐད་བཤད་སྣང་ཤར། གངས་ཅན་བརྡ་སྤྲོད་པ་རྣམས་ཀྱིས་གཟིགས་འཚལ།
    གོས་མེད་ཤོམ་ལ་དགའ།
    བླུན་པོ་བཤད་ལ་དགའ།
    ཟེར་བ་དེ་གོ་ཨེ་མྱོང་།
    འབྲོང་བུ་སོག་ཚ། ནོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཅོས།
    རྒྱལ་གཅེར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྒྱལ་གཅེས།
    ཐུགས་གསོས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐུགས་གསོ།
    ཀྱི་དོན་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཀྱིས་དོན་དུ།
    ཡང་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡང་བསྐྱར་དུ་
    ཤུག་དྲག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཤུགས་དྲག
    སྟབས་བསྟུན་འདས་་་་་་་་་་་་་་་་་་་་་་་་་་་་་་སྟབས་བསྟུན་ནས་འདས།
    འདས་པོ་དང་། ་་་་་་་་་་་་་་་་་་་་་་་་་་་་་་་་་འདས་པོ་རྣམས་དང་།

    Reply
  6. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    གོང་གསལ་རྒྱལ་གཅེར་དཔའ་བོ་གསུམ་པོ་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་སྲོག་ཤོར་བ་ལ་ཤུལ་བཞུགས་མང་མི་རྣམས་ལ་ཐུགས་གསོས་དང་། འདས་པོ་ཁོང་རྣམས་ཞི་བའི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་སླར་ཡང་བོད་བསྟན་སྲིད་ཀྱི་དོན་དུ་གངས་ཅན་ལྗོངས་སུ་སྐྱེ་བ་ཡང་དུ་བཞེས་པའི་སྨོན་ལམ་ཤུག་དྲག་བཅས། བོད་རྒྱལ་ལོ། ད་ལྟ་རྡོར་གདན་དུ་གསུང་ཆོས་དང་སྟབས་བསྟུན་འདས་པོ་དང་། དེ་དག་གི་ནང་མི་རྣམས་ལ་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་གསུང་ཐུབ་ཅི་མ་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese