མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲངས་ཀའི་ཤུགས་རྐྱེན།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

༼རྡོར་གདན་དུས་དབང་སྐབས་ཀྱི་བོད་ཀྱི་དུས་བབ་གསར་ཤོག་འདོན་ཐེངས་བཞི་བའི་སྟེང་གི་རྩོམ་སྒྲིག་པའི་གཏམ།༽

ང་ཚོས་ཤེས་གསལ་ལྟར། ༢༠༡༡ ལོ་ནི་འཛམ་གླིང་གི་གསར་བརྗེ་ཆེན་པོ་ཞིག་གི་སྟ་གོན་གྱི་ལོ་རེད། ལོ་དེར་དཀའ་རྙོག་མང་པོ་ཞིག་གླེང་ཞིང་དེར་ལག་པ་འཆང་བ་ཙམ་མ་གཏོགས་ཡོངས་སུ་སེལ་ཐུབ་ཡོད་པ་མ་རེད། བོད་ལ་མཚོན་ན་ཡང་། ཚད་མཐོ་ཤོས་ཀྱི་ཞི་བའི་ངོ་རྒོལ་དེ་བརྩམས་ཀྱང་། ནུས་པ་མ་ཐོན་སྟབས་ལས་འགུལ་དེ་ལོ་གསར་པ་འདིའི་མགོ་ནས་བསྐྱར་དུ་བརྩམས་ཤིང་། ད་ལོ་ནི་སླར་ཡང་ལོ་སྔོན་མ་ལྟར་ཛ་དྲག་ཡིན་པའི་གོ་བརྡ་སྤྲད་པ་རེད།

ལོ་སྔོན་མའི་འཛམ་གླིང་གི་ཡུལ་ལུང་སོ་སོའི་མི་དམངས་ཀྱི་ཞི་བའི་ངོ་རྒོལ་དེ་དག་ནི་ད་ལྟའི་འཛམ་བུའི་གླིང་གི་ཆབ་སྲིད་དང་དཔལ་འབྱོར། རང་དབང་བཅས་ཀྱི་སྤྱིའི་གནས་སྟངས་ལ་འབྲེལ་ཡོད་པ་མ་གཏོགས། ཡུལ་སྡེ་རེ་ཟུང་གི་དཀའ་རྙོག་མ་རེད། ངོ་རྒོལ་དེ་དག་གིས་འཛམ་བུའི་གླིང་ཁྱོན་ཡོངས་ལ་གསར་བརྗེ་བྱ་དགོས་པའི་ཆ་རྐྱེན་བཏོན་ཡོད་ལ། ངོ་རྒོལ་གྱི་འབོད་ཚིག་དང་དགོས་འདུན་སྣ་ཚོགས་ཀྱི་སྒོ་ནས་གཞུང་དང་། ཁེ་ལས་སྡེ་ཁག་ཆེན་པོ་རྣམས་ལ་རེ་འབོད་ཞུས་པ་རེད།

ནུབ་ཕྱོགས་ཨ་རི་དང་། དབུས་ཤར་ཨེ་ཤ་ཡ། ཨབ་རི་ཁ། ཡུ་རོབ། རྒྱ་དཀར་ནག་གཉིས་བཅས་སུ་རིམ་པར་ངོ་རྒོལ་བྱུང་ཡོད། འོན་ཀྱང་། སྐབས་ཐོག་གི་རྣམ་འགྱུར་ཕྲན་བུ་རེར་འགྱུར་ལྡོག་བྱུང་བ་ཡོད་ཀྱང་། སྤྱིའི་ཆ་ནས་ལོ་སྔོན་མའི་ངོ་རྒོལ་དེ་དག་ལ་གྲུབ་འབྲས་རྒྱ་ཆེན་པོ་ཐོབ་མེད་པས། ལོ་དེ་ནི་གསར་བརྗེ་ཆེན་པོ་ཞིག་གི་སྟ་གོན་ཙམ་མ་གཏོགས། གསར་བརྗེ་ལ་རྒྱལ་ཁ་ཐོབ་པའི་ལོ་མ་རེད། དེ་བས་ ༢༠༡༢ ལོར་མུ་མཐུད་ནས་ཡུལ་ལུང་གང་སར་ངོ་རྒོལ་གྱི་མཇུག་མཐུད་རྒྱུ་ཡིན་པ་ནི་ས་རིས་ཐང་གསལ་རེད།

ལོ་སྔོན་མའི་ངོ་རྒོལ་སྤྱིའི་ཆ་ནས་བཤད་ན། ངོ་རྒོལ་གྱི་རྣམ་པ་ཚད་མཐོ་ཤོས་དེ་བོད་ནང་དུ་བྱུང་བ་རེད། ཡིན་ཡང་། ང་ཚོའི་ཁ་སྟབས་ཞན་དྲག་པའི་དབང་གིས་ངོ་རྒོལ་ལ་དཔག་པའི་དོ་སྣང་ཞིག་འཛམ་བུའི་གླིང་ལ་སྤྲོད་མ་ཐུབ་པ་རེད། མི་གཅིག་གི་རང་ལུས་མེར་བསྲེག་དེས་དབུས་ཤར་ཨེ་ཤ་ཡ་ཡོངས་རྒུལ་ཐུབ་ཡོད་ཀྱང་། ང་ཚོའི་མི་བཅུ་གྲངས་ཤིག་གི་ངོ་རྒོལ་དེས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྲིད་གཞུང་དག་ཕར་ཞོག ཐ་ན་རང་དབང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་ཡང་འདྲེན་ཐུབ་ཡོད་པ་མ་རེད། དེ་མེད་པའི་གནས་ཚུལ་ནི་ཉེ་སྔོན་ཨ་རིའི་ ཊེམ་ བདུན་རེའི་དུས་དེབ་ཀྱིས་བསྒྲགས་པ་ལྟར་རེད།

ང་ཚོའི་སྲིད་དོན་པ་དག་གིས། རང་ལུས་མེར་སྲེག་གི་གྲངས་ཀ་མི་གཙོ་ངོ་བོ་གཙོ་ཞེས་གསུང་གིན་ཡོད། གསུང་བཤད་འདིའི་རིགས་ཀྱིས་མཚམས་རེར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་རེ་ཡང་སྤྲོད་སྲིད། མི་གཅིག་སྲེག་པ་དང་མི་བཅུ་སྲེག་པའི་ནུས་པ་ལ་ཁྱད་པར་མེད་པའི་གོ་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྟེར་ལ། རྣམ་འགྱུར་འདི་ལྟ་བུ་ཞིག་གི་ཐོག་ནས་རྒྱལ་སྤྱིའི་སྟེང་ཕར་འགྲེལ་བཤད་བརྒྱབ་ཚེ་ཕྱིར་བསྟན་པའི་རྣམ་འགྱུར་ཡང་། མི་གཅིག་སྲེག་པའི་ཉེན་ཚབས་ཙམ་ལ་མ་གཏོགས་མི་ལྟ་ཡང་སྲིད་པ་རེད། གང་ལྟར། མེར་སྲེག་འདི་དག་གི་རྒྱབ་ཀྱི་དཀའ་རྙོག་ནི་འཛམ་བུའི་གླིང་གིས་ཤེས་ཡོད་རུང་། མི་མང་པོ་ཞིག་མེར་སྲེག་བཏང་བ་དེས་གནས་སྟངས་དེའི་ཛ་དྲག་གི་རང་བཞིན་གསལ་སྟོན་བྱེད་ཀྱི་ཡོད་སྟབས། ང་ཚོས་ཀྱང་གྲངས་ཀ་རེ་རེ་བཞིན་བགྲངས་ཏེ་འཛམ་བུའི་གླིང་ལ་ཞུ་གཏུགས་དང་རྒྱ་ནག་གཞུང་ལ་གྱོད་གཏུགས་བྱེད་དགོས་པར་འདོད།

ད་ནི་ལོ་གསར་པ་འདི་ཚེས་ཤིང་། བོད་ནང་གི་རང་ལུས་མེར་སྲེག་གི་མེ་ལྕེ་དེ་སླར་ཡང་འབར་མགོ་བརྩམས་ཡོད་སྟབས། ང་ཚོས་ཀྱང་རང་ཉིད་ལ་དེའི་ཐད་ངེས་ཤེས་དང་གྲ་སྒྲིག འཐབ་བྱུས། ཆོད་སེམས་ཡོད་པའི་སྒོ་ནས་ཞི་བའི་ལས་འགུལ་འདི་དག་གི་དགོས་འདུན་ཇེ་གསལ་དང་། དེ་ལ་དཔག་པའི་གྲུབ་འབྲས་ཤིག་ལ་བློ་ཐག་ཆོད་པའི་སྒོ་ནས་བརྩོན་དགོས་པར་འདོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. ནད་པ says:
    ལོ་ 14 སྔོན།

    གསར་བརྗེ་ཟེར་བ་ཞིག་བྱེད་དགོས་ན་ངེས་པར་དུའང་དང་ཐོག་མི་དམངས་སྣེ་འཁྲིད་བྱེད་ཐུབ་མཁན་གྱི་འགོ་འཁྲིད་ཡག་པོ་ཞིག་དགོས།

    འགོ་འཁྲིད་དེ་ཚོར་ཐ་ན་རང་ཉིད་གསར་བརྗེའི་རླབས་ཆེན་གྱི་བྱ་བཞག་འཁྲོད་དུ་ཤི་རྨས་སོགས་བདེ་འཇགས་ཀྱི་ཉེན་ཁ་ཇི་བྱུང་ལའང་བློས་བཏང་ཐུབ་མཁན་གྱི་འགོ་འཁྲིད་ཞིག་དགོས།

    འགོ་འཁྲིད་དེ་འདྲའི་སེམས་ཤུགས་དང་། དཔའ་སྟོབས། མཆོད་སེམས། ཀླད་པ་ཚད་ལྡན་སྨིན་པ་དེ་འདྲ་བྱུང་ན་ད་གཟོད་ཁོང་ཚོས་རྒྱ་ཆེའི་མི་དམངས་ཀྱི་མདུན་སར་མཐོན་ནས་གསར་བརྗེའི་བྱ་བཞག་བཟང་པོ་གསར་གཏོད་བྱེད་དགོས་པའི་མི་དམངས་ཡར་ལངས་ཀྱི་བསམ་པའི་ཀུན་སློང་གི་རྨང་གཞིའི་རྩ་བ་སྲ་བརྟན་ཞིག་གཏིང་ཐུབ་པ་དགོས།

    ཡིན་ནའང་ངས་བསམས་ན་ད་ལྟའི་འཆར་ང་ཚོའི་གཞི་ལུས་མི་དམངས་ཀྱི་ནང་སྙིང་སྟོབས་མི་དམན་པ་ཙམ་ཞིག་ཡོད་པ་དེ་མངོན་གསལ་དོད་པོ་ཡིན། དེ་དག་ཀྱང་མང་ཆེ་བ་༸ གོང་ས་མཆོག་ལ་ཡིད་ཆེས་དང་དད་འདུན་གྱི་དབང་ལས་བྱུང་དང་འབྱུང་བཞིན་ཡོད།

    འོན་ཀྱང་ད་ལྟའི་འཆར་མགོན་པོ་མཆོག་གིས་སྲིད་དབང་དེ་མི་དམངས་ལ་རྩིས་སྤྲོད་ཟིན་སྟབས། ད་ལྟ་མི་དམངས་ཀྱིས་བདམས་པའི་འཁྲིད་ལ་རག་ལུས་ཡོད།
    ང་ཚོའི་འགོ་འཁྲིད་ཚོར་མཚོན་ན་རླབས་ཆེན་གྱི་གསར་བརྗེའི་བྱ་གཞག་གསར་པའི་རིགས་གསར་གཏོད་བྱེད་རྒྱུ་ཕར་བཞག་ཐ་ན་རང་རང་སོ་སོའི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ཆབ་སྲིད་ཀྱི་སྐད་ཆའི་རིགས་ཀྱང་མི་དམངས་འཁྲོད་གཏམ་བྱེད་ནུས་པའི་སྙིང་སྟོབས་དང་མཆོད་སེམས་བརྟན་པོ་མེད།

    དཔེར་ན་དོལ་རྒྱལ་ལྟ་བའི་རྙོག་གླེང་འདི་རིགས་རང་གར་ཡན་པར་བཞག་ན་རྩ་བ་ནས་འགྲིག་ཐབས་མེད་པའི་ཆབ་སྲིད་ཀྱི་གནད་དོན་ལག་ཆེ་ཞིག་ཆགས་ཡོད་ཀྱང་ད་ལྟའི་འཆར་གོང་ས་མཆོག་དང་ཁྲི་ཟུར་ཟམ་དོང་ལས་གཞན་ཆབ་སྲིད་པ་གཞན་ཚོས་དེའི་ཐད་ལ་མི་དམངས་འཁྲོད་སྐད་ཆ་ཤོད་ནུས་པའི་སྙིང་སྟོབས་ཙམ་ཡང་མེད་པ་གསལ་པོར་རེད།

    མི་ལ་སྙིང་སྟོབས་མེད་པའི་འགོ་འཁྲིད་འདི་འདྲིའི་རིགས་ཀྱི་ནམ་ཡང་གསར་བརྗེ་ཟེར་བ་དེ་འདྲ་དང་། རང་བཙན་ཟེར་བ་དེ་འདྲ། ཚད་མཐོའི་རང་སྐྱོང་སོགས་ཀྱི་དགོས་འདུན་བཏོན་ཏེ་ཐ་གཅིག་ཏུ་མི་དམངས་དང་ལོ་རྒྱུས་ཀྱི་ཁ་ལོ་བསྒྱུར་བའི་སྣེ་འཁྲིད་ཀྱི་རང་བཞིན་ཞིག་ཡོང་ཐབས་རྩ་བ་ནས་མེད།

    རྒྱ་ནག་གི་གསར་བརྗེའི་འཁྲོད་ནམ་ཡང་ལོ་རྒྱུས་འཁྲོད་དུ་བྱུང་མ་མྱོང་བའི་གསར་བརྗེའི་བྱ་གཞག་ལ་མཛད་རྗེས་རླབས་ཆེན་བཞག་མཁན་གྱི་དབུ་འཁྲིད་མའོ་ཙེ་ཏུང་གིས་བཤད་པ་ལྟར། ་་་མི་ལ་སྙིང་སྟོབས་ཏོག་ཙམ་ཡོད་དགོས་པ་རེད་་་་་ཅེས་སོགས་གསར་བརྗེའི་བྱ་གཞག་བཟང་པོའི་འཁྲོད་མི་དམངས་སྣེ་འཁྲིད་ཡག་པོ་བྱས་ཏེ་ཡར་ལངས་ཀྱི་བསམ་པའི་ཀུན་སློང་བྱེད་དགོས་ན་ངེས་པར་དུའང་འགོ་འཁྲིད་དེ་ཚོར་སྙིང་སྟོབས་ཏོག་དགོས་པ་རེད།

    ད་རེས་རྡོ་གདན་དུ་ཕྱི་རྒྱལ་ཡལ་ཁག་ ༣༦ ཙམ་ནས་དད་ལྡན་མི་དམངས་འབུམ་གཉིས་ཙམ་འཛོམས་པའི་ཐོག་ཏུ་ད་ལྟའི་བཙན་བྱོལ་བོད་མིའི་འགོ་འཁྲིད་ཚོས་ཆབ་སྲིད་ཀྱི་འཚོར་ཤུགས་ཆེན་པོའི་ཐོག་ནས་མི་དམངས་ཡར་ལངས་ཀྱི་བསམ་པའི་ཀུན་སློང་གི་སྐད་ཆ་ལྗིད་ཆེ་བའི་རིགས་གཅིག་ཀྱང་བཤད་ཐུབ་མེད།

    ཐ་ན་བདེ་འཇགས་ལ་ཉེན་ཁ་ཡོད་པའི་དོལ་རྒྱལ་གྱི་སྐོར་ལའང་གླེང་ཙམ་བྱེད་ནུས་པའི་སྙིང་སྟོབས་མེད་མཁན་གྱི་འགོ་འཁྲིད་ཤ་སྟག་རེད། འགོ་འཁྲིད་དེ་འདྲའི་རིགས་ཀྱིས་བོད་ཀྱི་མི་དམངས་སྣེ་འཁྲིད་བྱེད་རྒྱུར་ཆབ་སྲིད་དང་། སྙིང་སྟོབས། ཐབས་ཇུས་སོགས་ཀྱི་ཆ་རྐྱེན་ནམ་ཡང་ཚང་མེད་པའི་འཚོར་སྣང་ཞིག་མངོན་སོང་།

    གནས་སྐབས་འདི་འདྲ་ཞིག་གི་ངང་སེམས་ཤུགས་ཆེ་བའི་རྒྱལས་གཅེས་དཔའ་བོ་དང་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ཙམ་ལས་གཞན་གང་གི་མདུན་བསྐྱོད་ཞིག་མེད་ཙང་སཐདུག་ས་བཤད་ན་ཚེ་སྲོག་བློས་བཏང་བྱེད་མཁན་གྱི་མི་ཉུང་ཤས་ཤིག་གི་སྡུག་གྱོང་རང་དུ་འགྲོ་ལས་གཞན་ཇི་ཡོད།

    བོད་ཀྱི་ཆབ་སྲིད་ཀྱི་རྐུབ་སྟེགས་དེ་དག་དྲག་ཆར་རླུང་འཚུབ་ཀྱི་ངང་ནས་གང་ནས་བབ་དང་གང་ནས་བརྒྱབ། གང་ནས་འཁྱེར་མིན་ཚོད་མི་འཐིབ་པའི་སྐབས་བབ་སུ་བཙན་བྱོལ་གྱི་འགོ་འཁྲིད་ཚོས་རྐུབ་སྟེགས་སྟེང་ལྷོད་ལྷོད་བྱས་ནས་བསྡད། སྐུ་མགྲོན་དུ་ཕྱིན། ཞལ་ལག་འདྲ་བཞེས། ཞལ་བགད་འདྲ་བྱས། སྐུ་རྩེད་འདྲ་རྩེད། གླུ་གཞས་འདྲ་སྙན་བྱས་ནས་བསྡད་ན་བོད་ལ་གསར་བརྗེ་ཟེར་བ་ག་དུས་ཡོང་གི་རེད་དམ། སུས་བོད་ལ་རང་བཙན་ཟེར་བ་ཞིག་སྤྲོད་ཀྱི་རེད་དམ།

    སུས་བོད་བོད་ལ་རང་སྐྱོང་ཟེར་བ་ཞིག་སྤྲོད་ཀྱི་རེད་དམ། སུས་བོད་ལ་ཤ་ཚ་ཟེར་བ་ཞིག་བྱེད་ཀྱི་རེད་དམ། སུས་བོད་ལ་རང་དབང་ཟེར་བ་ཞིག་སྤྲོད་ཀྱི་རེད་དམ། སུས་བོད་ལ་སྙིང་རྗེ་ཟེར་བ་ཞིག་བྱེད་ཀྱི་རེད་དམ། ངས་བལྟས་ན་སུས་ཀྱང་བྱེད་ཀྱི་མ་རེད་ཅེས་ཚིག་ཐག་ཆོད་པོས་བཤད་ཐུབ།

    འདས་པའི་ལོ་ ༥༠ ནང་སུས་བོད་ལ་རང་བཙན་སྤྲད་མྱོང་ངམ། རང་སྐྱོང་སྤྲད་མྱོང་ངམ། རང་དབང་སྤྲད་མྱོང་ངམ། གསར་བརྗེའི་བྱ་གཞག་མཛད་མྱོང་ངམ།

    གཞི་ལུས་བོད་མིའི་སྙིང་སྟོབས་ལ་ཧ་ལས་པའི་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན་ཀྱང་ད་ལྟའི་ང་ཚོའི་འགོ་འཁྲིད་ཚོའི་ཆབ་སྲིད་དང་། ཐབས་ཇུས། སྙིང་སྟོབས། སྣེ་འཁྲིད། ཀུན་སློང་། གསར་བརྗེ་སོགས་བྱེད་ཐུབ་པའི་ཆ་རྐྱེན་ཕྱོགས་གང་ས་ནས་འདང་ངེས་ཞིག་མེད་པའི་གནས་སྟངས་ལ་རག་ལུས་ཀྱིན་འདུག

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྐྱེས་བུ་གཅིག་གི་སྐུ་སྲོག་བློས་གཏོང་ལ་རིན་ཐང་ཅི་ཙམ་ཆེ་ན་སྐྱེས་བུ་དུ་མའི་སྐུ་སྲོག་བློས་གཏོང་གི་རིན་ཐང་དེ་ཙམ་གྱིས་ཆེ་བ་ཡིན་ངེས།
    མ་གཞི་ནས་འདི་དག་ནི་བོད་ཀྱི་སྡུག་བསྔལ་བདེན་པའི་དཔང་རྟགས་ཤིག་ཡིན་ལ། བོད་ཀྱི་འཚེ་མེད་ཞི་བའི་དཔང་རྟགས་ཀྱང་ཡིན་པར་མ་ཟད། བོད་ཀྱི་རླབས་ཆེན་གཟི་བརྗིད་ཀྱི་སྙིང་སྟོབས་དང་རྒྱལ་ཁའི་འོད་སྣང་ཞིག་ཀྱང་ཅི་ལ་མིན།

    Reply
  3. ཧར་གདོང་ཨ་འཇིགས། says:
    ལོ་ 14 སྔོན།

    གོང་དུ་རྩོམ་སྒྲིག་པས་གསུང་དོན་བཞིན། དགོས་འདུན་ཇེ་གསལ་དང་། ཞེས་པ་འདི་རེད། དགོས་འདུན་གྱི་གྲངས་ཀ་ཧ་ཅང་གཙོ། མ་ཟད་གྲངས་ཧ་ཅང་མང་ངེས།
    དེས་ན་ཕར་ངོ་སྤྲོད་དང་འགྲེལ་བཤད་གནང་དུས་ང་ཚོ་བོད་མིའི་མགྲིན་ཚབ་དངོས་གནས་ཤིག་ཡིན་པའི་ཆ་ནས་ཆད་ལྷག་མེད་པ་དང་། གཙོ་ཕལ་གྱི་གོ་རིམ་ཡང་ནོར་མི་ཉན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese