མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ཀཱོ་ཊི་ལན་ཌིའི་རང་བཙན་བསམ་ཤོག

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་སྲིད་བློན་དང་སི་ཀཱོ་ཊི་ལན་ཌི་ས་གནས་བློན་ཆེན་གཉིས་ཐུག་འཕྲད་ཐོག སི་ཀཱོ་ཊི་ལན་ཌི་དབྱིན་ཇིའི་འོག་ནས་རང་བཙན་བྱ་རྒྱུར་མི་མང་བསམ་ཤོག་བསྡུ་རྒྱུའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༥ ཉིན་དབྱིན་ཇིའི་སྲིད་བློན་གྱི་མགྲིན་ཚབ་པས་བརྗོད་པ་ལྟར་ན། སྲིད་བློན་ཁཱ་མེ་རོན་(David Cameron) ཁོང་སི་ཀཱོ་ཊི་ལན་ཌིའི་(Scotland)བློན་ཆེན་ཨ་ལེག་ཛི་(Alez Salmond) དང་ཐུག་འཕྲད་ཀྱིས། སི་ཀཱོ་ཊི་ལན་ཌིའི་མི་མང་དབྱིན་ཇིའི་འོག་ནས་རང་བཙན་བྱ་རྒྱུའི་གདན་དོན་སྐོར་ལ་གྲོས་བསྡུར་བྱ་རྒྱུར་མོས་མཐུན་ཡོད་པར་བརྗོད་འདུག སི་ཀཱོ་ལན་ཊི་དབྱིན་ཇིའི་དབང་སྒྱུར་འོག་ཚུད་དེ་ལོ་ ༣༠༥ འཁོར་ཡོད་པ་དང་། ད་ལྟ་དབྱིན་ཇིའི་འོག་གི་ས་གནས་རང་སྐྱོང་གཞུང་ཞིག་ཆགས་ཡོད།

ལོ་སྔོན་མའི་ནང་སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་གི་གྲོས་ཚོགས་ནང་ཐེངས་དང་པོར་དབྱིན་ཇིའི་འོག་ས་གནས་རང་སྐྱོང་བྱ་རྒྱུའམ་རང་བཙན་བྱ་རྒྱུའི་ཐད་བསམ་ཤོག་བསྡུས་ཏེ།གྲོས་ཚོགས་ནང་རང་བཙན་བྱ་རྒྱུའི་བསམ་ཤོག་ལ་རྒྱལ་ཁ་ཐོབ་རྗེས།ད་ལྟ་མི་མང་ཁྲོད་བསམ་ཤོག་བསྡུ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་།ཕྱི་ཚེས་༡༧ཉིན་དབྱིན་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ།སི་ཀཱོ་ཊི་ལན་ཌིའི་མི་མང་ནང་རང་བཙན་བྱ་རྒྱུའམ་དབྱིན་ཇིའི་འོག་གནས་རྒྱུའི་ཐད་གང་མགྱོགས་བསམ་ཤོག་བསྡུ་ཆོག་ཀྱང་།བསམ་ཤོག་བསྡུ་རྒྱུའི་སྒྲིག་གཞི་ཁག་དབྱིན་གཞུང་གི་ཐག་གཅོད་ལྟར་འགྲོ་དགོས་པར་བརྗོད་ཡོད་འདུགའོན་ཀྱང་།ཨ་ལེག་ཛི་ཡིས་བསམ་ཤོག་དེ་༢༠༡༤ལོར་བསྡུ་རྒྱུ་གཏན་འཁེལ་བྱ་ཆོག་ཀྱང་།བསམ་ཤོག་བསྡུ་བའི་སྒྲིག་གཞི་ཁག་སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་རང་གིས་ཐག་གཅོད་བྱ་དགོས་པར་བརྗོད་འདུག

ཨ་ལིག་ཛི་ཡིས་ཟླ་འདིའི་ཕྱི་ཚེས་༢༥ཉིན་དུས་རབས་༡༨པའི་ནང་སི་ཀཱོ་ཊི་ལན་ཌི་ཡིས་དབྱིན་ཇི་ཕམ་པར་བརྒྱབ་པའི་དུས་ཚིགས་སྲུང་གཙི་དང་སྦྲགས།མི་མང་བསམ་ཤོག་བསྡུ་བའི་སྒྲིག་གཞི་གཏན་འབེབ་ཁྱབ་བསྒྲགས་བྱ་འཆར་ཡིན་པ་དང་།རྒྱལ་སྤྱིའི་འོས་བསྡུའི་ཐོབ་ཐང་ནི་ལོ་༡༨ཡན་ཡིན་ཀྱང་།ཨ་ལེག་ཛི་ཡིས་ལོ་༡༦ཡན་ལ་འོས་བསྡུའི་ཐོབ་ཐང་སྤྲོད་འཆར་ཡོད་པ་དེར་དབྱིན་གཞུང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད།  བསམ་ཤོག་བསྡུ་སྐབས་དབྱིན་ཇི་དང་མཉམ་གནས་བྱ་རྒྱུའམ་ཕྱིར་འབུད་རྒྱུ་ཡིན་པ་ཙམ་ལས་གནད་དོན་མང་པོ་གླེང་འགོད་བྱ་མི་ཆོག་པར་བརྗོད་ཡོད་འདུག

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་དག་གིས་གལ་སྲིད་སི་ཀཱོ་ཊི་ལན་ཌིའི་མི་མང་གི་བསམ་ཤོག་ལ་རྒྱལ་ཁ་ཐོབ་སྟེ། དབྱིན་ཇིའི་འོག་ནས་རང་བཙན་བྱས་ཚེ། སི་ཀཱོ་ཊི་ལན་ཌི་ལ་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་ཐད་ཉེན་ཁ་ཆེན་པོ་འཕྲད་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཨ་ལེག་ཛི་ཡིས་ཀྱང་སི་ཀཱོ་ཊི་ལན་ཌིའི་མི་མང་གིས་རང་བཙན་གདམ་ཀ་བྱས་ཀྱང་། དབྱིན་གཞུང་དང་མུ་མཐུད་འབྲེལ་ལམ་འཛིན་རྒྱུ་དང་། ལྷག་པར་དུ་ཕྱོགས་གཉིས་ཀྱི་དམག་དོན་མཉམ་འབྲེལ་བྱ་རྒྱུའི་བསམ་ཚུལ་བཏོན་ཡོད། ཡུ་རོབ་མཐུན་ཚོགས་ཀྱིས་སི་ཀཱོ་ཊི་ལན་ཌི་རང་བཙན་ཆགས་ཚེ་དངུལ་སྒོར་ག་རེ་བེད་སྤྱོད་གཏོང་རྒྱུ་ཡིན་མིན་དང་། དེ་བཞིན་ད་སྔ་དབྱིན་གཞུང་གིས་ཡུ་རོབ་མཐུན་ཚོགས་ནང་གཏོང་བཞིན་པའི་མ་དངུལ་འབོར་ཆེན་ཉུང་དུ་གཏོང་ངེས་ཡིན་པ་བཅས་ཀྱི་ཐད་བློ་འཚབ་ཅིག་འབྱུང་བཞིན་ཡོད་འདུག

དུས་རབས་ ༡༨ པའི་ནང་སི་ཀཱོ་ཊི་ལན་ཌི་ཡི་དབྱིན་ཇིའི་དབང་སྒྱུར་ལ་ངོ་རྒོལ་ཕམ་ཉེས་བྱུང་ཡོད་ཅིང་། དེ་ནི་༼སྙིང་སྟོབས་ཆེན་པོ༽འམ་དབྱིན་སྐད་དུ་(Brave Heart) ཞེས་པའི་གློག་བརྙན་ནང་གི་བྱུང་རབས་དེ་ཆགས་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

 
 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རང་མགོ་ཐོན་ན་རང་བཙན་བཟང་ན་ཡང་རང་མགོ་མི་ཐོན་རང་བཙན་མིང་ཙམ་ཡིན། རྒྱལ་ཁབ་ལ་ལ་ཆེ་ན་བཟང་་རྒྱལ་ཁབ་ལ་ལ་ཆུང་ན་བཟང། བོད་རྒྱ་གཞུང་གི་ཧམ་སེམས་ཀྱི་སྡེར་དབར་ནས་ཇི་ལྟར་ཐར་རམ། བོད་ཀྱིས་རང་མགོ་ཐོན་ནམ། འདང་རྒྱག་ས་མང་པས་་་

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    རྒྱ་ནག་གིས་འདི་ལྟ་བུའི་དཀྱེལ་ཡངས་ཀྱི་བསམ་བློ་ཞིག་གཏོང་ཐུབ་བམ། བོད་དང་སོག་པོ། ཤུན་ཅང་། ཐའེ་ཝན། ད་དུང་ཟ་ཟུར་དུ་རང་དབང་སྤྲོད་དགོས་ཟེར་གསར་པ་རེ་ཡང་ཐོན་ཡོང་སྲིད།
    དེ་བས་ང་ཚོས་རང་གིས་རང་དབང་རང་གིས་རྩོད་དགོས། དེ་མིན་འདི་ལྟ་བུ་ཞིག་ཡོང་རྒྱུ་ནི་སྲིད་མཐའ་རེད་སྙམ།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    སྔ་མོའི་བཙན་རྒྱལ་རིང་ལུགས་པ་དབྱིན་མག་སེར་ཚོར་དེ་ལྟ་བུའི་དཀྱེལ་ཡངས་ཀྱི་བསམ་བློ་ཡོད་པ་ངོ་མ་ངོ་འཚར་ཆེ། སི་ཁོ་ཌི་ལན་ལ་དབྱིས་ཇིས་བཙན་རབས་དང་རིམ་པར་བྱས་པ་དང་། ཧ་ལམ་མི་ལོ་༨༠༠ ཡས་མས་ཤིག་འགོད་ཡོད་སྙམ། དུས་རབས་ཉེར་གཅིག་པའི་ལོ་རབས་༢ པའི་འགོ་བཙུག་ཙམ་ལ་གཞི་ནས་རང་བཙན་སྤྲོད་རྒྱུའི་གྲོས་མོལ་བཻད་པ་འདི་སི་ཁོཌི་བ་ཚོས་མི་ལོ་༨༠༠ ལྷག་པ་ལ་སྒུག་པའི་རེ་འདོད་ཆེ་ཤོས་དེ་ཡིན་སྲིད། དུས་རབས་༡༩ དང་༢༠ འགོ་སྟོད་དུ་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་༡༧༠ ལྷག་ལ་བཙན་འཛིན་དང་ཧམ་བཟུང་། དེ་ཚང་ལ་གསེར་དངུལ་སོགས་རྒྱུ་ནོར་ཁོ་ནས་ཆེད་ཡིད་སྐད་དེ། དབྱིན་ཇིའི་རྒྱལ་པོ༼ མིང་མི་དྲན༽ཞིག་གིས། ཟླ་བའི་གོ་ལའི་སྟེང་དུ་གསེར་ཡོད་ཞེས་པའི་ལན་དུ། ཟླ་བའི་གོ་ལར་གསེར་ཡོད་ན་ངས་སྔ་ས་ནས་ཟླ་བའི་སྟེང་ཡང་བཙན་འཛིན་དང་དམག་དཔུང་བཏང་ཡོད་ཅེས་བཤད་མྱང་། ད་གང་ལྟར་རང་དབང་རང་བཙན་འདོད་མཁན་ཚོར་གང་མགྱོགས་རང་དབང་རང་བཙན་ཐོབ་ན་བཟང་། ང་ཚོ་བོད་ལའང་མི་འགྱངས་པར་འདི་འདྲའི་གོ་སྐབས་ཤིག་ཐོབ་ངེས་སོ།།

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    དབྱིན་གཞུང་ངམ་དབྱིན་ཇིའི་མི་རིགས་ནི་གོ་རྟོགས་དང་། གུ་ཡངས་མང་བའི་རྒྱལ་ཁབ་དང་། མི་རིགས་རེད། དོན་དངོས་གནས་ང་ཚོ་ལའང་འདི་ལྟར་འབྱུང་བའི་རེ་བ་དང་། ཡིད་ཆེས་བྱས་ཆོག

    Reply
  5. གནམ་ལྕགས། says:
    ལོ་ 14 སྔོན།

    དབྱིན་ཇིའི་རྒྱལ་བོ་རྐང་རིང་གི་སྐབས་སུ་སི་ཁོ་ཌི་ལན་ཌིར་རང་དབང་འཐབ་རྩོད་པ་སྐད་གྲགས་ཅན་ཞིག་བྱུང་མྱོང་བ་རེད་ལ། ད་བར་དུ་སི་ཁོ་ཌི་ལན་ཌིའི་མི་མང་གིས་ཁོང་ལ་སློབ་སྦྱོང་དང་གུས་བཀུར་བྱེད་ཀྱིན་ཡོད། ད་ནི་དཔའ་བོ་ཁོང་གི་མངོན་འདོད་ངོ་མ་དེའི་སྟེང་ལ་འབབ་ཀྱི་ཡོད་པ་རེད། འདི་ནི་རང་དབང་གི་ཆེད་དུ་རང་སྲོག་བློས་གཏོང་མཁན་དག་གི་སེམས་ཁོང་གི་རེ་བ་དེ་འགྲུབ་པའི་དན་རྟགས་དངོས་གནས་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese