མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝུན་གྱིས་ཨ་རབ་དམངས་གཙོར་རྒྱབ་སྐྱོར་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཝུན་གྱིས་ཨ་རབ་དམངས་གཙོར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་དེ་ནི། རྡོ་སྣུམ་ཐོན་ཁུངས་མཉམ་སྤྱོད་ཡོང་ཐབས་ཀྱི་འཁྲབ་སྟོན་ཞིག་ཡིན་འདུག 

ཕྱི་ཚེས་༡༥ཉིན་རྒྱ་ནག་གི་སྲིད་འཛིན་ཝུན་ཇ་པའོ་ཡིས་སའོ་དྷི་ཨ་རབ་ (Saudi Arabia)རྒྱལ་ཁབ་ནང་ཨི་སི་ལམ་མཉམ་འབྲེལ་མཐུན་ཚོགས་(Organisation of Islamic Cooperation) ཀྱི་དྲུང་ཆེ་ལཱེ་ས་ནོ་ལེལ་དང་ཐུགས་འཕྲད་སྐབས། རྒྱ་གཞུང་གི་ངོས་ནས་ “ཨ་རབ་ནང་མི་སེར་ཐོག་མུ་མཐུད་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་གནང་རྒྱུའི་འབོད་སྐུལ་དང་།འབྲེལ་ཡོད་རྒྱལ་ཁབ་ཁག་ནང་མི་མང་གི་བཅོས་བསྒྱུར་རེ་འདུན་ལ་རྒྱབ་སྐྱོར་ཡོད།” ཅེས་དང་།“ས་གནས་ཁག་གི་གཞུང་གིས་སོ་སོའི་ནང་ཁུལ་གནད་དོན་ཐག་གཅོད་ཐུབ་པའི་ནུས་པ་ལྡན་པར་ཡིད་ཆེས་ཡོད།” སོགས་བརྗོད་ཡོད་འདུག ཝུན་ཇ་པའོ་ཡིས་ཨ་རབ་དམངས་གཙོའི་གསར་བརྗེ་ཐད་སྐད་ཆ་ཐུང་ངུ་ཞིག་མ་གཏོགས་བཤད་མེད་ནའང་། དེ་ནི་ཨ་རབ་གླིང་དུ་ “མེ་ཏོག་བ་སྤྲིའི་གསར་བརྗེ་”བྱུང་སྟེ་ལོ་གཅིག་ལོན་ལ་ཉེ་བའི་རིང་།རྒྱ་གཞུང་དཔོན་རིགས་ཚོས་ཡོངས་ཁྱབ་ཐོག་ཨ་རབ་མི་དམངས་ཀྱི་དམངས་གཙོ་གསར་བརྗེ་ལ་རྒྱབ་སྐྱོར་བྱས་པའི་སྐད་ཆ་ཐོག་མ་དེ་ཆགས་ཡོད་པ་རེད།

ཐེངས་འདིའི་ཝུན་ཇ་པའོ་ཡི་གཏམ་བཤད་དེ་ནི་དོན་གཏམ་དང་སྟོང་གཏམ་གང་ཡིན་མིན་དང་། ཉེ་བའི་རྒྱལ་སྤྱིའི་གནས་སྟངས་འོག་ཁོའི་སྐད་ཆ་དེར་རྒྱབ་ལྗོངས་དང་དོན་སྙིང་གང་ཞིག་ཡོད་མེད་བཅས་ཀྱི་ཐད།རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་དག་དང་གསར་ལམ་ཁག་གིས་དོ་སྣང་དང་ངོས་འཛིན་སྣ་ཚོགས་བྱེད་བཞིན་འདུག ཧོང་ཀོང་ཏུང་ཞཱང་དུས་དེབ་ཀྱི་གཙོ་སྒྲིག་པ་ཀྲང་ཝེ་ཀོ་ཡིས་ “ ད་ལྟ་ཝུན་ཕྱི་རྒྱལ་དུ་རྒྱལ་དོན་ལྟ་སྐོར་ལ་བསྐྱོད་ཀྱིན་ཡོད་སྟབས།ཁོའི་སྐད་ཆ་ཚང་མ་རྒྱ་གཞུང་གི་ཕྱི་འབྲེལ་སྐད་ཆ་ཆགས་ཡོད་ལ།  དེང་སྐབས་ཨ་རབ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཟིན་པ་མ་ཟད། སྲིད་གཞུང་གསར་བ་དེ་དག་ལ་རྒྱ་གཞུང་གིས་སྔར་བཞིན་འབྲེལ་བ་འཛུགས་དགོས་ཀྱི་ཡོད་སྟབས།གལ་སྲིད་ཨ་རབ་ཀྱི་དམངས་གཙོའི་འགྱུར་ལྡོག་ངོས་ལེན་མ་བྱས་ཚེ། སྲིད་གཞུང་དེ་དག་དང་རྒྱུན་ལྡན་གྱི་འབྲེལ་བ་ཞིག་འཛུགས་ཐབས་མེད་པར་གྱུར་ཡོད།དེར་བརྟེན།ཁོའི་སྐད་ཆ་དེ་དག་ནི་འཁྲབ་སྟོན་གྱི་སྟོང་གཏམ་རྐྱང་རེད། ”ཅེས་བརྗོད་འདུག

ཉེ་ཆར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་རན་ལ་གནོན་ཤུགས་སྤྲོད་བཞིན་པའི་སྐབས་དང་བསྟུན་ནས།  ཝུན་ཇ་པའོ་ཐེངས་འདིར་སའོ་དྷི་ཨ་རབ་དང་།ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ།ཁ་ཐར་བཅས་རྒྱལ་ཁབ་གསུམ་ནང་ལྟ་སྐོར་དུ་བསྐྱོད་ཡོད་པ་རེད།  ཨི་རན་ནི་རྒྱ་ནག་གི་རྡོ་སྣུམ་ཁུངས་མཉམ་སྤྱོད་ཀྱི་རྒྱལ་ཁབ་ཆེ་ཤོས་ཨང་གསུམ་པ་ཆགས་ཡོད་ལ།ཨ་རིའི་ནུས་ཁུངས་ཉམས་ཞིབ་ཀྱི་རྩིས་ཐོ་ལྟར་ན།ཕྱི་ལོ་༢༠༡༠ལོར་རྒྱ་ནག་ནི་ཨི་རན་གྱིས་རྡོ་སྣུམ་ཐོན་ཁུངས་ཕྱིར་འཚོང་བྱ་ཡུལ་ཚོང་ར་ཆེ་ཤོས་དེ་ཆགས་ཡོད་པ་རེད།ཨ་རི་གཞུང་གིས་རྒྱ་གཞུང་གིས་ཨི་རན་ནང་རྡོ་སྣུམ་ཉོ་ཚོང་ཉུང་དུ་གཏོང་རྒྱུ་རེ་བ་བྱེད་ཀྱིན་ཡོད་ལ། ཡུ་རོབ་དང་གཞན་པའི་རྒྱལ་ཁབ་དག་གིས་ཀྱང་ཨི་རན་ནང་རྡོ་སྣུམ་ཉོ་ཚོང་ཉུང་དུ་གཏོང་ཕྱོགས་ཐད་མོས་མཐུན་བྱས་ཡོད་པ་རེད། གལ་སྲིད། རྒྱ་ནག་གིས་ཨི་རན་དང་ཚོང་འབྲེལ་མུ་མཐུད་བཟུང་བ་ཡིན་ན། ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བའི་དཔལ་འབྱོར་སྟོབས་ཤུགས་ཀྱིས་ཁ་གཏད་དང་ངོ་རྒོལ་བྱ་ཡུལ་ཞིག་ཏུ་འགྱུར་རྒྱུ་ཡིན་སྟབས། ཝུན་ཇ་པའོ་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་གསུམ་ནང་རྒྱལ་དོན་ལྟ་སྐོར་ལ་ཕྱིན་པ་དེ་ནི།  རྒྱ་ནག་གི་ནུས་ཁུངས་ཐོན་སྐྱེད་ཐད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ལམ་བུ་གཞན་ཞིག་འཚོལ་ཆེད་ཡིན་པ་རེད།  

ཉུག་ཡོག་དུས་བབ་ཀྱིས་ཕྱི་ཚེས་ ༡༤ ཉིན། ཉེ་བའི་བདུན་ཕྲག་སྔོན་མའི་ནང་རྒྱ་གཞུང་གིས་ཨ་རི་གཞུང་གིས་ཨི་རན་ལ་གནོན་ཤུགས་སྤྲོད་འཆར་གྱི་ལས་གཞི་དེར་ངོ་རྒོལ་གྱི་རྣམ་འགྱུར་དང་།  ཨི་རན་རྡུལ་མཚོན་འཆར་འགོད་གནད་དོན་ཐད་གྲོས་མོལ་བྱ་དགོས་པ་བརྗོད་ཡོད་པའི་གནས་ཚུལ་སྤེལ་འདུག་ལ། ཨ་རིའི་ཉུག་ཡོག་གྲོང་ཁྱེར་སློབ་ཆེན་གྱི་ཁྲིམས་སྲིད་དགེ་རྒན་ཆེན་མོ་ཞཱ་མིན་གྱིས། “ཝུན་གྱི་སྐད་ཆ་དེའི་ནང་ཕྱིའི་རྒྱལ་ཁབ་ཀྱི་ཐེ་གཏོགས་སླེབས་འཇུག་མི་རུང་བའི་ཚིག་ཟུར་ཐོན་ཡོད་པ་དང་།  སྐད་ཆ་དེའི་དམིགས་གཏད་ས་ནི་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། ལྷག་པར་དུ་བྱང་ཆིངས་མཉམ་འབྲེལ་གྱི་སྒྲིག་འཛུགས་བསྟན་ཡོད་པ་རེད། ངས་བསམ་པར་ཝུན་གྱི་སྐད་ཆ་དེའི་ནང་དོན་གཞན་ཞིག་ནི། རྒྱ་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རང་བཙན་རྒྱལ་ཁབ་དག་ལ་ཤུགས་རྐྱེན་སྤྲོད་རྒྱུར་ངོ་རྒོལ་ཡོད་པ་བསྟན་འདུག རྒྱུ་མཚན་གཙོ་བོ་ནི་གནད་དོན་དེས་ཐད་ཀར་རྒྱ་ནག་ལ་འཇིགས་སྣང་ཞིག་སླེབས་ཀྱིན་ཡོད་པས་རེད།” ཅེས་བརྗོད་དེ། ཝུན་གྱི་སྐད་ཆ་དེའི་ནང་རྒྱ་གཞུང་ལ་སོ་སོའི་ནང་ཁུལ་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་རྒྱུའི་ནུས་པ་ཡོད་ཚུལ་བསྟན་ཡོད་ནའང་། ཁ་ཊ་ཧྥེ་དང་མའོ་བྷ་ར་ཁི། དེ་བཞིན་སི་རེ་ཡཱ་(Syria)བཅས་ཀྱི་གནས་སྟངས་དང་། ཉེ་ཆར་རྒྱ་ནག་ནང་འབྱུང་བཞིན་པའི་ཝུ་ཁཱན་སྡེ་བའི་མཚོན་པའི་གཞི་རིམ་མང་ཚོགས་ཀྱི་ཡར་ལངས་ངོ་རྒོལ་དང་། བོད་ནང་མུ་མཐུད་འབྱུང་བཞིན་པའི་རང་ལུས་མེར་བསྲེགས་དོན་རྐྱེན་བཅས་ཀྱིས། རྒྱ་གཞུང་ལ་ནང་ཁུལ་དཀའ་ངལ་སེལ་བའི་ནུས་སྟོབས་མེད་པ་བསྟན་ཡོད་སྐོར་བརྗོད་འདུག   

ཉེ་ཆར་ཝུན་གྱིས་ནུབ་ཨེ་ཤ་ཡ་དང་བྱང་ཨ་ཧྥུ་རི་ཁ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ཐད། རྒྱ་གཞུང་དང་ཨི་སི་ལཱམ་མཉམ་འབྲེལ་མཐུན་ཚོགས་ (IslamicCooperation Organization) གཉིས་ལ་སྤྱི་མཐུན་གྱི་ཁེ་ཕན་ཡོད་སྐོར་བརྗོད་ཡོད་པའི་ཐད། དགེ་རྒན་ཆེན་མོ་ཞཱ་མིན་གྱིས་གནམ་འོག་མུའུ་སི་ལཱམ་(Muslim) ཡོངས་རྫོགས་ཁྱིམ་ཚང་གཅིག་ལ་ངོས་འཛིན་གནང་མཁན་གྱི་ཨི་སི་ལཱམ་རྒྱལ་ཁབ་ཁག་དང་། སོ་སོའི་མངའ་འོག་གི་ཨི་སི་ལཱམ་ཆོས་ལུགས་པར་དགྲ་འཛིན་དྲག་གནོན་བྱེད་བཞིན་པའི་རྒྱ་གཞུང་གཉིས་བར། ཨི་སི་ལཱམ་ཆོས་ལུགས་གནད་དོན་ནི་ཕྱོགས་གཉིས་ཀྱི་ཚོང་ལས་འབྲེལ་བའི་འགལ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།  

ནུབ་ཨེ་ཤ་ཡ་དང་བྱང་ཨ་ཧྥི་རི་ཁ་ས་ཁུལ་ནང་འཛམ་གླིང་གི་རྡོ་སྣུམ་སྤྱིའི་ཐོན་ཚད་ཀྱི་བརྒྱ་ཆ་ ༥ གསོག་ཉར་བྱས་ཡོད་པ་མ་ཟད། འཛམ་གླིང་གི་རང་བྱུང་སོལ་རླངས་སྤྱིའི་ཐོན་ཚད་ཀྱི་བརྒྱ་ཆ་ ༤༠ ལྷག་ཉར་གསོག་བྱས་ཡོད་པ་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཉེ་ཆར་ཝུན་གྱིས་ཨ་རབ་དམངས་གཙོར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་དེ་ནི། རྡོ་སྣུམ་ཐོན་ཁུངས་མཉམ་སྤྱོད་ཡོང་ཐབས་ཀྱི་འཁྲབ་སྟོན་ཞིག་ཡིན་འདུག ཟེར།

    Reply
  2. གངས་འོད། says:
    ལོ་ 15 སྔོན།

    ཝུན་ཅ་པོ་ཡིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་ཡོངས་སུ་རྙོག་འཛིང་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། ཨེ་ཤ་ཡ་ནུབ་མ་དང་ཨ་ཧྥེ་རི་ཀ་བྱང་མ་ས་ཁུལ་གྱི་གནས་བབ་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་བ་དེས་ས་ཁུལ་དང་རྒྱལ་ཁབ་འགྲན་རྩོད་ཀྱི་གནས་སུ་ལྷུང་དུ་བཅུག ཀྲུང་གོས་ས་ཁུལ་རང་གི་འཕེལ་རྒྱས་ལ་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།

    དོན་ངོ་མ་ཝིན་གྱིས་འདི་ཙམ་ལས་བཤད་མི་འདུག

    Reply
  3. ཐོ་རེངས། says:
    ལོ་ 15 སྔོན།

    རྒྱ་ནག་སྲིད་བློན་ཆེན་མོ་ཝུན་ཇ་པའོ་ནི་མཁྱེན་རྒྱ་ཡངས་ལ་འབང་ལ་བྱམས་པ་ཞིག་ཡིན་རབ་ཡོད། དེས་ན་ད་ཐང་གི་སྐད་ཆ་འདི་ནི་དོན་དངོས་ཐོག་ནས་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད། རིམ་ཀྱིས་བོད་ལ་ཡང་ལྷོད་ཡང་ཞིག་གཏོང་མི་སྲིད་པ་མ་རེད་སྙམས།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    ཝུན་ནི་བསམ་རྒྱ་ཆེ་བ་ཅན་ཞིག་རེད་བསམ་བསམ་འདུག་མོད། མགོ་ཡི་ཞྭ་མོ་དང་། རྐང་གི་ལྕགས་སྒྲོག་ཚ་དྲག་དུས་གོ་སྐབས་ཅང་མི་འདུག་ཀ

    Reply
  5. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    དམངས་གཙོར་འདོད་མོས་མེད་མཁན་ཞིག་གིས། དམངས་གཙོར་རྒྱབ་སྐྱོར་བྱས་པ་ནི་འཁྲབ་སྟོན་ཞིག་ལོས་ཡིན་འདོད་ཀི།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ངས་ནི་སྐུ་ཞབས་ཝུན་གྱིས་རྒྱལ་ཕྱི་ནང་གང་སར་འཕག་འཚག་མང་ཙམ་རྒྱག་ཐུབ་རྒྱུར་རེ་བ་བྱེད་ཀྱིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese