མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་རྩ་དགོངས་ཞུས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་སྒེར་དོན་ཞིག་གི་ཆེད་སྤྱི་འཐུས་ནས་རྩ་དགོངས་ཞུས་འདུག

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་སྟེང་གནས་ཚུལ་བཀོད་གསལ་ལྟར་ན། ད་ལོའི་ཕྱི་ལུགས་ཀྱི་ལོ་གསར་ཚེས་གཅིག་གི་ཉིན་མོ་དང་སྟབས་བསྟུན་ཏེ། སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་། སྤྱི་འཐུས་རྒྱུན་ལས་བཅས་ལ་སྙན་ཞུ་ཡི་གེ་ཞིག་ཕུལ་ཏེ། ཁོ་རང་སྒེར་དོན་ཞིག་གི་ཆེད་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ནས་རྩ་དགོངས་ཞུ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱི་སྙན་ཞུ་དེའི་ནང་འཁོད་དོན། “ གྲོས་ཚོགས་སྐབས་བཅོ་ལྔ་པ་འགོ་བཙུགས་ཏེ་ད་བར་ཁོ་བོ་ཚོགས་ཐེངས་གཅིག་དང་། གཞུང་དོན་དུ་འཚམས་གཟིགས་ཉིན་ཤས་ཙམ་ལས་དུས་ཁོམ་བྱུང་མེད་ལ།སླད་ཕྱིན་ཀྱང་ལས་འབོར་ཐད་ཧི་མ་ལ་ཡའི་རི་རྒྱུད་དང་བོད་ནས་ཕེབས་པའི་རང་རིགས་རྒྱུད་འཛིན་ཚོར་རིག་གཞུང་སློབ་གཉེར་ཆེད། ས་གནས་ཤེས་ཡོན་ཚོགས་པ་ཁག་ཅིག་གི་འགན་འཁུར་སྔོན་ནས་བྱས་དང་བྱེད་བཞིན་ཡོད་ལ། ས་གནས་འབྲེལ་ཡོད་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཀྱང་བྱས་ཡོད་སྟབས། ལས་དོན་མུ་མཐུད་རྒྱུན་སྐྱོང་དགོས་པའི་རྒྱུ་མཚན་ལ་བརྟེན་དུས་ཚོད་འདང་མིན་གྱིས་གཞུང་སྒེར་གཉིས་ཀྱི་ལས་དོན་ཐོག་འཐུས་ཤོར་འགྲོ་རྒྱུར་ཟུར་བལྟས་ལེབ་མཐོང་ཡིན་ལ། རྒྱུན་སྲོལ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་དོན་མི་འགལ་ཙམ་གྱི་ཆེད། ལོ་རེར་ཚོགས་འདུ་ཐེངས་གཅིག་གི་བརྒྱ་ཆ་ ༥༠ ལོན་ཙམ་བྱས་ཏེ་མི་ལོ་ལྔ་བསྐྱལ་ན་མི་འཐུས་པ་མེད་ཀྱང་། དེ་ནི་མིང་ཙམ་ལས་གཞུང་སྒེར་སུ་ལའང་ཁེ་ཕན་མེད་པ་དང་། ལྷག་པར་དུ། ས་གནས་སུ་འཚམས་གཟིགས་ལ་བསྐྱོད་མ་ཐུབ་ཚེ་མི་དམངས་ཀྱི་བདེ་སྡུག་ལ་གཟིགས་རྟོགས་ཐུབ་རྒྱུ་ཉིན་མོའི་རྨི་ལམ་ཡིན་སྟབས། དེ་དག་འཐུས་ཤོར་མི་འགྲོ་ཆེད་བོད་མི་མང་མདོ་སྟོད་སྤྱི་འཐུས་དང་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་རྩ་དགོངས་ཞུ་རྒྱུ་ཡིན་” ཞེས་འཁོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 27

  1. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    ཨ་ཁ་མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་ཁོང་དགོངས་པ་ཞུས་པ་དེ་བོད་པ་ཚང་གི་གྱོང་རེད། ཁོང་འདྲ་བའི་མི་བློ་ཁོག་ཅན་འཛེམས་ཟོན་མི་བྱེད་མཁན། སྤྱི་དོན་ཐུག་སྟག་ལྟར་མཆོངས་མཁན། གཏམ་བཤད་ཁུངས་ལུང་ལྡན་པ། མཐོ་དམན་སུ་ལའང་དྲང་པོ་དང་ཁ་ཐུག་བཤད་ཐུབ་མཁན་གཅིག་རང་ཡོད་པ་ཁོང་དགོངས་པ་ཞུས་པ་དེ་ང་ཚོའི་གྱོང་ངོ་མ་རེད། རྗེས་སུ་སྤྱི་འཐུས་ནང་དུ་ལྟོས་དང་གང་འདྲ་ཡོང་མིན་ག་ལེར་ཤེས་ཀྱི་རེད། བཀ་དྲིན་ཅན་དེ་ཚོ་མེད་དུས་ཅི་ཡོང་ག་ལེར་གསལ་རུ་འགྲོ་རྒྱུ་རེད་དོ།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཆོད་སྲིད་གང་ཆ་ནས་སྤྱན་རྒྱང་རིང་ཞིང་བཀུར་འོས་རླབས་ཆེན་གྱི་དགེ་བཤེས་ཆེན་མོ་གཡུང་དྲུང་རྒྱལ་མཚན་ནི། མདོ་སྟོད་མི་དམངས་ཀྱི་སྐུ་ཚབ་རེད། ཁོང་ཡག་ཉེས་ག་རེ་ཡིན་མིན། དྲ་འབུ་དག་ལ་བྱུས་གཏོགས་མེད། ལེགས་ཉེས་ཀྱི་དབྱེ་བ་ཕྱེ་མཁན་དེ་མདོ་སྟོད་མི་དམངས་རེད། ཁོང་ལ་གཞི་མེད་ཀྱི་སྐུར་འདེབས་བྱས་ན་མདོ་སྟོད་རྒྱ་ཆེའི་མི་དམངས་ཀྱི་སེམས་ལ་ཕོག་ཐུག་འགྲོ་ཉེན་ཡོད། དྲ་འབུ་དག་གིས་ཆེད་མངགས་ཆོལ་ཁའི་བར་དཀྲུག་བཞིན་འདུག གལ་སྲིད་གནས་ཚུལ་དེའི་རྐྱེན་རྒྱ་ཆེ་མི་དམངས་ནང་རྙོག་དྲ་ལངས་ན་འགན་ཡོངས་སུ་དྲ་འབུ་དོ་བདག་རང་ཉིད་ཀྱིས་འཁུར་དགོས། དགེ་བཤེས་དམ་པ་ཁོང་ནི་སྤྱི་དོན་ལ་ཐུག་དུས་ཁར་ཐུག་ལབ་མཁན་ཡིན། སྙིགས་དུས་འདིར་གཏམ་དྲང་པོར་གཤད་མཁན་ཉུང་ངུ་ལས་མེད། དྲང་བདེན་ལ་དགའ་མཁན་ཡང་ཀུན་པོ་རེད། ཁག་གཅིག་སྤྱི་འཐུས་ཡིན་བཞིན། སྤྱི་བའི་ལས་དོན་ལ་ནོར་འཁྲུལ་ཅི་ཞིག་བྱུང་ན་མ་གོ་མ་ཚོར་མདོག་མདོག་བྱེད་པ་མ་ཚད་འཛུམ་དམུལ་དམུལ་ཡག་མདོག་གི་རྣམ་འགྱུར་བསྟན།  ད་དུང་ཡང་ཁག་ཅིག་གིས་སྤྱི་རྒྱུ་སྒེར་བདག་བྱེད་དུས་ངོ་རྒོལ་བྱེད་རྒྱུ་ལས་ལྡོག་སྟེ། ད་དུང་སྐུ་ངོ་ཁྱེད་ནོར་མེད་ལུགས་དང་། ངོ་རྒོལ་བྱེད་མཁན་དག་ངོ་ཚ་ཁྲེལ་མེད་ཡིན་རབས་བཤད། བདེན་རྫུན་གོ་ལྡོག་བཟོས། མི་དམངས་རྨོངས་སུ་འཇུག ལམ་ལོག་པར་ཁྲིད། རྒྱལ་བ་རིན་པོ་ཆེའི་གསུངས་བེད་སྤྱོད་ལོག་པར་གཏོང་།   བོད་གཞུང་ཁ་ལ་འཁྱེར་ཏེ། མི་དམངས་ཀྱི་མགོ་ལ་བཞུ་བྱེད་ཐོ་བ་བྱེད། ཁྱོད་ཚོས་རྒྱ་བཤད་ན་རེད་སྟོང་གཤད་ན་རེད། ཡག་བསྟོད་བྱེད་ན་མར་ཕབ་ན་རེད་བློ་གཟུ་བོར་གནས་པའི་སྐྱེ་བོ་དག་གིས་མི་ལོ་ལྔ་བཅུའི་རིང་ཅི་བྱུང་ཚང་མ་མཁྱེན་གསལ་རེད་དོ།།

    Reply
  3. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    དགེ་བཤེས་ལགས་དགོངས་པ་ཞུས་པ་ལ་དགག་བྱ་དང་དགའ་བསུ་གང་ཡང་མེད། རྒན་ལྷ་མོས་དེ་རིང་སྔོན་རེ་ཆགས་བཞག་པ་ནང་བཞིན་གྱི་བསམ་ཚུལ་ཞིག་སྤེལ་འདུག གོང་དུ་མིང་སྨོས་སྤྱི་འཐུས་རྣམས་ལ་སྒེར་གྱིས་དངོས་སུ་བཟང་ངན་གྱི་འབྲེལ་བ་གང་ཡང་མེད་ཀྱང་། སྤྱི་འཐུས་གྲོས་ཚོགས་གཏོར་བའི་གློག་བརྙན་དེ་མཐོང་ནས་བཟུང་སྤྱི་འཐུས་ཀྱི་རྭ་བར་འདི་དག་ཐོག་མར་ནས་འོས་གདེམས་བྱས་མེད་པའི་ཞེ་སྨོན་བཏབས་པ་ཡིན།
    ཆིག་སྒྲིལ་ནི་བོད་མིའི་གླ་སྲོག་ཡིན། ལུང་ཚན་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ནི་བོད་མིའི་ཆོས་དང་རིགས་གཞུང་། བོད་ཅེས་པའི་མིང་ཡང་བརླག་བྱེད་ཀྱི་འགོས་ནད་ལྷག་པར་བོད་མིར་ཧ་ཅང་གིས་འགོད་སླ་ལ། འགོས་ན་ཚབ་ཆེན་བ་དུས་ནམ་ཡང་། སྤོང་དགོས་ངེས་དེ་ཡིན། དེར་བརྟེན་ངས་རིག་པའི་རལ་གྲི་དེ་ཁྱེར་ནས་ཆོས་ལུགས་དང་ལུང་ཚན་གྱི་འཐེན་ཁྱེར་བྱེད་མཁན་སུ་ཞིག་གང་ན་འདུག་ཀྱང་དེའི་མདུན་དུ་ཡིད་གཉིས་མེད་པར་འཆང་རྐྱང་གིས་ཤི་འཐབ་བཟོ་ངེས་ཡིན་པས་དོགས་ཟོན་བྱོས།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    དེ་ཁྱེད་རང་གི་བསམ་ཚུལ་ཡིན་ནམ་ཞེས་དྲིས་བྱུང་། དངོས་གནས་འདིར་ལྟ་དུས་ངའི་མིང་བེད་སྤྱོད་བྱས་འདུག བསམ་ཚུལ་དེ་ངའི་མིན་ལ། རྩོམ་སྒྲིག་པས་དེར་སྟངས་འཛིན་བྱ་རོགས།

    Reply
  5. གྱད་ལྷ་དགའ། says:
    ལོ་ 13 སྔོན།

    དགེ་བཤེས་གཡུང་དྲུང་རྒྱལ་མཚན་སྤྱི་འཐུས་ལས་ནས་དགོངས་ཞུ་གནང་བ་དེ། རྒྱལ་ཁ་དང་ཕམ་ཁ་གང་དུ་བཤད་ཀྱང་སོ་སོའི་འདོད་པ་རེད། དོན་ངོ་མར་བཤད་ན་རང་རེའི་གྲོས་ཚོགས་ར་བ་འདི། སྔ་ལས་སྤུས་ཚད་ཞན་དུ་འགྲོ་བ་ལས་བཟང་དུ་འགྲོ་གི་མེད་པ་རེད། གང་རེད་ཟེར་ན། སོ་སོའི་འགན་ཞིག་ཁུར་ནས་མི་མང་གི་བདེ་སྡུག་དང་མངོན་འདོད། དེ་བཞིན་ཆེ་མཐོའི་དབུ་ཁྲིད་རྣམ་པའི་སྐྱོན་དང་ནོར་འཁྲུལ་སོགས་ལ་འཛུབ་མོ་འཛུགས་མཁན་དག་ཉུང་ནས་ཉུང་དུ་ཕྱིན་པས་རེད། དཔེར་ན་བསོད་ནམས་སྟོབས་རྒྱལ་དང་། བསྟན་འཛིན་མགོན་པོ། ད་ཐང་གི་དགེ་བཤེས་ལགས་གསུམ་ལྟ་བུ་རེད། ད་ནི་དེ་ལྟ་བུའི་ཁ་ཁོག་མེད་པའི་སྤྱི་འཐུས་སྤྱི་ལ་འགན་ཁུར་མཁན་མེད་པས་གྲོས་ཚོགས་ཀྱི་སྤུས་ཚད་ཆེས་སྡུག་ཏུ་ཕྱིན་པ་རེད། ད་དུང་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་བོད་གཞུང་ཁྲིམས་དུ་བསྐྱལ་མཁན། ཁ་མཆུ་དེའི་ཆེད་དུ་བོད་གཞུང་གི་བང་མཛོད་ནས་ལོ་མང་པོའི་བར་དུ་འགྲོ་སོང་ཕོན་ཆེར་བཏང་ནས། ད་ལོ་གཞི་ནས་ཁ་མཆུའི་རྒྱལ་ཁ་བོད་གཞུང་ལ་ཐོབ་ཡོད་འདུག་ཀྱང་། ཡོང་གླིང་གི་ཟླ་བ་ཚེ་རིང་སྔ་བཞིན་འཐུས་མི་རེད། བོད་གཞུང་དང་གསར་འགོད་པ་སོགས་སུ་གང་གིས་ཀྱང་དེ་སྐོར་ཟུར་ཙམ་བརྗོད་ཀྱིན་མེད་པ་འདིའི་རང་རེའི་སྤྱི་ཚོགས་འདི་ཇི་ཙམ་སྤྲེལ་ལེད་དང་ཡོ་འཁྱོམ་ཡིན་པ་གསལ་རྟོགས་ཐུབ་པ་རེད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དགོངས་པ་ཞུ་མི་ཆོག་པ་ག་རེ་ཡོད། ལྷག་པར་སྒུག་ཐོ་ཡོད་པས་ཚབ་གསར་ཡོང་ཆོག་ཆོག་རེད། གལ་ཏེ་སྒུག་ཐོ་དེ་འདྲ་མེད་ན་དགོངས་པ་ཞུ་རྒྱུ་མ་རེད་འདོད་ཀི དེ་གཅིག་ཡིན།
    ནས་སྤྱི་འཐུས་བྱེ་བྲག་པ་ཞིག་ལ་མཐེ་བོང་སྒྲེང་བ་དང་ཨ་ངན་སྟོན་ནས་ཁ་འཐབ་བྱེད་པར་སྙིང་བོ་ཅི་ཡང་མེད། གཙོ་བོ་དགོངས་པ་ཅིའི་ཕྱིར་ཞུས་པའི་གནད་དོན་ཤེས་རྒྱུ་དེ་རེད། དེ་ཁོང་རང་ལ་དྲིས་ན་གཞི་ནས་ཤེས་ཐུབ།
    ངའི་སེམས་གཏིང་ནས་སྤྱི་འཐུས་རྣམ་པའི་ནང་ལ་ནག་ཕྱོགས་པ་འདྲ་བོ་དང་ལྟས་ངན་འདྲ་བོ་སུ་གཅིག་ཀྱང་ཡོད་རྒྱུ་མ་རེད་བསམ་གྱིན་ཡོད།
    མདོ་སྨད་དང་དབུས་གཙང་བའི་ནང་ནས་མི་ཉུང་བ་ཞིག་གིས། དེ་སྔའི་མདོ་སྟོད་སྤྱི་འཐུས་དཀོན་མཆོག་ནོར་བུ་ལགས་དང་བསོད་ནམས་སྟོབས་རྒྱལ་ལགས། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། ཨོ་རྒྱན་སྟོབས་རྒྱལ་ལགས་བཅས་མི་ངན་འདྲ་བོ་ཞིག་ལ་བརྩི་གིན་འདུག ངས་མི་དམངས་ཀྱིས་བདམ་སཔའི་སྤྱི་འཐུས་ནང་ལ་དེ་འདྲ་སུ་གཅིག་ཀྱང་ཡོད་རྒྱུ་མ་རེད་བསམ་ཡོད་ལ། རང་ཉིད་སྤྱི་འཐུས་བྱས་རྗེས་ཁོ་ཚོ་ལ་ལར་འགྲོགས་འདྲིས་ཀྱང་བྱུང། དེ་དུས་རང་གི་བསམ་ཚུལ་དེ་ཡང་དག་ཡིན་པའི་ངེས་ཤེས་ཀྱང་བྱུང།
    དེ་ཡང་དེ་སྔོན་སྤྱི་འཐུས་རྣམ་པ་གྲོས་ཚོགས་འཚོགས་དུས་མི་གཉིས་རེ་ཁང་མིག་གཅིག་ཏུ་སྡོད་དགོས། གྲོས་ཚོགས་མ་ཚོགས་གོང་ལ་འཐུས་མི་སོ་སོར་སུ་དང་སུ་གཉིས་མཉམ་དུ་འདུག་རྒྱུའི་བསམ་ཚུལ་བླངས་ནས་དེ་ལྟར་གོ་སྒྲིག་ཞུ་གིན་འདུག ང་དེ་ལ་ཡ་མཚན་པོ་བྱུང། ངས་རྟག་པར་ང་སུ་དང་མཉམ་དུ་བཞག་ན་ཁྱད་པར་མེད་ཅེས་ཡིག་ལན་ཕུལ་བ་ཡིན། ཐེངས་གཉིས་ལ་དཀོན་མཆོག་ནོར་བུ་ལགས་དང་མཉམ་དུ་བཞག་སོང། འདྲིས་པོ་བྱུང། ངོ་མ་མི་བཟང་པོ་ཞིག་རེད། དེ་བཞིན་བསོད་ནམས་སྟོབས་རྒྱལ་དང་དཀོན་མཆོག་ཆོས་སྒྲོན་མཉམ་དུ་ཕྱོགས་སྐྱོད་ལ་འགྲོ་མྱོང། ལྷག་བསམ་དང་བཟང་སྤྱོད་ལྡན་པ་ཞིག་མཐོང་སོང། ཕྱོགས་སྐྱོད་སྐབས་ཤིག་ལ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས་ཉིན་གུང་གསོལ་ཚིགས་ཤིག་ལ་སྐད་བཏང་བྱུང། བཞུགས་ཁང་དང་ཁོ་རང་གི་བཞུགས་ཉམས་དེ་ཧ་ཅང་རྫིག་པོ་འདྲ་བོ་ཞིག་མཐོང་སོང། ཡིན་ཡང་བཀའ་མོལ་གནང་བའ་ཁ་གསལ་གཏིང་གསལ་དང་ལྷག་བསམ་རྣམ་དག་ཅིག་མཐོང་སོང། ཡིན་ན་ཡང་ངས་ཁོ་རང་ཚོ་ལ་ཁ་ཡག་གཅིག་ཀྱང་བཤད་མྱོང་མེད། འོན་ཀྱང་གྲོས་ཚོགས་སྐབས་སུ་བསམ་ཚུཀ་མི་མཐུན་པ་བྱུང་ན་ཁ་གཏད་དུ་ལངས་པ་ཡིན། བསམ་ཚུལ་དང་ལྟ་བ་མི་འདྲ་བའི་དབང་གིས་སྒེར་དགྲ་དང་ནག་ཕྱོགས་པར་ལྟ་ཚུལ་དེ་རྦད་དེ་ནོར་འཁྲུལ་ཞིག་ཏུ་མཐོང་གིན་ཡོད། བསོད་ནམས་སྟོབས་རྒྱལ་ལགས་ཀྱི་གནམ་གྲུའི་གནད་དོན་དེ་ཡང་དོན་ངོ་མ་ཁོ་རང་གིས་ཞུ་ཧམ་བྱས་པ་ཞིག་ཏུ་བསམ་གྱིན་མེད། ཁོང་སྐབས་དེར་ནང་མི་ཚང་མ་ཕྱི་རྒྱལ་ལ་སྤར་ཚར་བས་གནམ་གླ་ཆུང་ངུ་ཞིག་གི་དོན་དུ་ཧམ་ཞུ་བྱེད་ཀི་མ་རེད།
    ངས་འདི་ལྟར་བཤད་དོན་ནི། དོན་ངོ་མ་ཆོལ་ཁ་གསུམ་པོ་མཐུན་ལམ་དང་ཤ་ཚ་སྙིང་ཉེའི་ངང་ནས་ཆིག་སྒྲིལ་ཞིག་དགོས་ན་བཟོད་སྲན་དང་གུ་ཡངས་དཀྱེལ་ཆེས་མཛའ་བརྩེ་ལ་དང་ལྷོད་མ་ཤོར་བ་གལ་ཆེ་བ་དང། སྐད་ཆ་དང་བྱ་སྤྱོད་ལ་ལ་ཞིག་སྣང་བར་མ་སོང་བ་ཙམ་གྱིས་མི་དེ་དག་ནག་ཕྱོགས་པར་བརྩི་བ་དེ་དག་རྦད་དེ་ནོར་འཁྲུལ་ཆེན་པོ་ཡིན་ཚུལ་ལ་གསལ་བཤད་ཙམ་བྱས་པ་ཡིན། མདོར་ན་བསམ་ཚུལ་མ་མཐུན་པ་དང་སྤྱོད་ཚུལ་མ་འོས་པ་ཙམ་གྱིས་མི་དེ་མི་ངན་དུ་ནམ་ཡང་བསམ་མི་རུང། གལ་ཏེ་ང་ཚོར་དོན་དམ་གྱི་དཀྱེལ་ཡངས་དང་མཉེས་གཤིན་ཞིག་མེད་ཚེ་དམ་ཚིག་གཙང་མའི་ཆིག་སྒྲིལ་ཞིག་འབྱུང་མི་སྲིད་པ་རེད།
    མཐར་སྤྱི་ཟུར་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་ཀྱང་མུ་མཐུད་བོད་དོན་ལ་སྨན་པའི་ཕྱག་ལས་གནང་རྒྱུར་རེ་བ་དང་ཡིད་ཆེས་ཡོད།

    Reply
  7. མནལ་མེད་པ། says:
    ལོ་ 13 སྔོན།

    སྐྱོ་བ་ལ། ད་དུང་སྒེར་གྱི་ཉེ་རིང་ཆགས་སྡང་ལས་སྤྱི་ལ་བསམ་བློ་གཏོང་མཁན་མེད་པ་འདྲ། ད་ངོ་མ་གངས་ཅན་པ་ཚར་འགྲོ་བའི་ལྟས་ངན་སྟོན་བཞིན་འདུག སྤྱི་མཐུན་ཞིག་རྩ་དགོངས་ཞུས་དུས་སྤྱི་ཡི་གནས་བབ་གང་དུ་ཕྱོགས་མིན་མི་གླེང་བར། སྒེར་གྱི་ཚོར་བ་གླེང་ལུགས་ཞིག་གང་དུ་ཡོད་ཨང་
    ་་་ཨ་་་་་གནམ་རྒན་མ་་་་་

    Reply
  8. ཡུལ་གྱར་བའི་མི་ཚེ། says:
    ལོ་ 13 སྔོན།

    དགའ་སུ་ཡོད་་་་རྗེས་སུ་ཡིད་རང་ཡོད་་་་་་་་གྲོལ་ཚོགས་ནང་དཔུང་བསྒྲིགས་མཁན་དེ་ཚོ་གཅིག མྱུང་རུ་ཕྱིན་ནའང་ང་ཚོའི་རྒྱལ་ཁ་རེད་།

    Reply
  9. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་སྤྱི་འཐུས་ནས་རྩ་དགོངས་ཞུས་པས་གྲོས་ཀྱི་སྤུས་ཀ་ཇེ་ཡག་ཏུ་འགྲོ་ངེས། ཁོང་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། མང་པོ་ཞིག་གིས་ཁོང་དགོངས་པ་ཞུས་པར་བློ་ཕམ་ཡོད་སྐོར་བྲིས་འདུག་པ་ནི་རང་ཉིད་ཀྱི་སྤུ་མདོག་བསྟན་ལས་གཞན་ཅི།

    Reply
  10. དོན་འགྲུབ། says:
    ལོ་ 13 སྔོན།

    དགེ་བཤེས་ལགས་འབྱིན་ཐོ་ག་འདྲ་ཡོད་མིན་དང་ལྷག་བསམ་ག་འདྲ་ཡོད་མིན་མི་ཤེས། འན་ཀྱང་ཆག་འཇིག་ལྡན་པའི་གནས་སྐབས་འདིར་བོད་མི་དམངས་ཀྱིས་མགན་མི་བཞེས་པར་རྩ་དགོངས་ཞུས་ པ་ལ་་བློ་ཕམ་ཡོད།

    Reply
  11. གླིང་གེ་སར། says:
    ལོ་ 13 སྔོན།

    ཁྱེད་རྩ་དགོངས་ཞུས་པ་ཧ་ཅང་གི་བློ་ཕམ་ཡོད་།ཁྱེད་ནི་ཁ་ཡོད་ལག་ཡོད་།ཕྱིར་གསལ་ནང་གསལ་།ལྷག་བསམ་དྲང་བདེན་།དངོས་ཐོག་བདེན་འཚོལ་།མང་གཙོའི་སྤྱི་འཐུས་མཚན་ཉིད་ཚང་བའི་གྲངས་ནས་གཅིག་རེད་།ཡིནའང་དགོངས་པ་ཞུས་པ་དེར་ཡག་པོ་རེད་།སྤྱི་དོན་ལ་བསམ་བློ་གཏང་པ་རྟགས་མཚན་གསལ་བོ་རེད་།གཞན་འགའ་ཤས་ཞིག་སྤྱི་རྒྱུ་སྒེར་བདག་།བཅའ་ཁྲིམས་རྩིས་མེད་།གནས་དུས་ཚོད་རྩིས་།སྤྱི་འཐུས་ཀྱི་མིང་འཁུར་ནས་ཆོས་ལུགས་དང་་ཆོལ་ཁའི་འཐེན་འཁྱེར་།རྐུན་རྒྱབ་ཇག་འཚོལ་།ཁ་དམག་རྒྱབ་དུས་འབྲུག་གིས་མགོ་།དོན་དམག་རྒྱབ་དུས་སྦྲུལ་གྱིས་འཇུག་།ལས་དེ་ལ་འབྲུག་མགོ་སྦྲུལ་འཇུག་ཟེར་།

    Reply
  12. ཁུག་རྟ། says:
    ལོ་ 13 སྔོན།

    སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དགོངས་ཞུ་བྱས་པ་དེ་དངོས་གནས་བློ་ཕམ་བྱུང་། ངེད་ཚང་གི་གྲོས་ཚོགས་ར་བ་འདི་བཞིན་སྤྲེལ་ལད་ཅན་གྱི་ར་བ་ཞིག་རེད། ཁོང་ནི་དེ་ལས་ལྡོག་ནས་གང་ཡོད་པ་དེ་བཤད་ཕོད་པའི་སྙིང་སྟོབས་ཅན་ཡིན་པ་མ་ཟད་ལྷག་བསམ་དང་དྲང་བདེན་ཆེ་བའི་མི་སྣ་ཞིག་རེད། མི་སྣ་འདི་ལྟ་བུ་རེ་རེ་བཞིན་ངེད་ཚང་གི་སྤྱི་ཚོགས་ནང་ནས་ཕྱིར་ཐོན་དུས་རང་བཞིན་གྱི་སེམས་ལ་དངངས་ཚབས་ཤིག་སྐྱེ་ཡོང་གིན་འདུག

    Reply
  13. གངས་ཕྲུག་། says:
    ལོ་ 13 སྔོན།

    དངོས་གནས་ཡག་པོ་བྱུང་སོང་མི་ངན་དེ་སྤྱི་བོད་པའི་ཞབ་འདྲིན་དང་སྒོས་རབ་བྱུང་རྣམས་ཀྱི་མཚན་སྙན་ལ་གནད་པ་བཟོ་མཁན་དང་ཆོས་གོས་གྱེན་པའི་སྤྱང་ཀི་ཞིག་རེད་

    Reply
  14. ཡ་མཚན་ཅན་མཐོང་ says:
    ལོ་ 13 སྔོན།

    མདོ་སྟོད་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་རྩ་དགོངས་ཞུས་པ་དེ་ངོ་མ་ཡག་པོ་ཞེ་དྲག་བྱུང་འདུག་ དཀརཕྱོགས་སྐྱོང་བའི་ཆོས་སྲུང་གིས་མཐུ་དང་འཕྲིན་ལས་ཡིན་པ་ངོས་འཛིན་ཞུ་གིན་ཡིན་། དྲ་གྲོགས་ཁ་ཤས་ནས་ མདོ་སྟོད་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་རྩ་དགོངས་ཞུས་པ་དེ་བློ་ཕམ་ཡོད་པ་བྲིས་འདུག་ གུས་རང་ཧ་ཅང་བློ་ཕམ་བྱུང་ དྲ་གྲོགས་དག་ནས་ བོད་ཀྱི་རྩ་དོན་དང་ གཞུང་གི་སྲིད་ཇུས་ཉམས་ཞིབ་རྩ་བ་ནས་མེད་པ་ མི་རིགས་གནས་བབས་ལ་ཐུགས་སྣང་མེད་མཁན་དང ་འགན་མིན་འཁྱེར་མཁན་ཡིན་པ་ཐག་བཅད་ཐུབ་པ་འདུག་། གཡུང་དྲུང་རྒྱལ་མཚན་ནི་ བོད་གཞུང་ལ་བརྩི་བཀུར་མིན་བྱེད་མཁན་དང་ གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ལ་ངོས་ལེན་མེད་པའི་གྲོས་ཆད་བཞག་མཁན་དང་ བོད་མི་རིག་ཆགས་འཇིག་གི་མཚམས་ལ་མཐུན་སྒྲིག་གི་འགན་མིན་འཁྱེར་མཁན་། ད་དུང་མང་དག་ཡོད་པས་ ཅི་འདྲའི་ལས་བྱས་པ་། དེ་འདྲའི་འབྲས་བུ་འབྱུང་། རྒྱུ་འབྲས་ནི་མི་བསླུ་བ་ཡིན་། གུས་པས་ཞུ་དག་དངོས་བདེན་ཡིན་པས་ཞིབ་འཇུག་གནང་ཐུབ་ན་དགེ་མཚན་ཆེ་མཐོང་ མདོ་སྟོད་མི་མང་ཁག་ཅག་རྨོངས་གཉིད་ལས་སད་པའི་ཕན་ཐོགས་ཡོང་ངོས་།

    Reply
  15. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 13 སྔོན།

    གཡུང་དྲུང་རྒྱལ་མཚན་དང་སྒྲོལ་མ་མཚོ་མོ་འདི་ཚོ་སྤྱི་འཐུས་བྱེད་མི་ཐུབ་ན་དང་པོ་ནས་སྤྱི་འཐུས་ལ་མ་ལངས་ན་ཡག་པོ་འདུག གོང་དུ་དྲ་གྲོགས་ཁག་ཅིག་གིས་འགྱོན་རབས་དང་བཟང་རབས། ཡག་རབས་ཀྱི་ལོ་རྒྱུས་མང་དག་ཅིག་བགྲང་འདུག ཕྱོགས་གཅིག་ནས་ཡག་པོ་རེད། ཡིན་ནའང་༢༠༠༨ལོར་གྲོས་ཚོགས་ར་བའི་ནང་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་ངན་པ་ཕྱི་ལ་བསྟན་ཚར་སོང་བསམ་པ་ལས་གཞན་དྲན་མ་སོང་།

    Reply
  16. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཨ་ཁ།  སྤྱི་འཐུས་གཞུང་དྲང་བཅན་དེ་འདྲ་དགོངས་པ་ཞུས་ན། ཕམ་པ་ལ། གཡོ་བསླད་ཀྱི་སྐྱོན་གྱིས་མ་གོས་ཤིང་། ངོས་ལྐོག་མེད་པའི་སྤྱི་འཐུས། ཁྱེད་ལྟ་བུ་སྙིག་དུས་འདིར་རྙེད་དཀའ་བའི་སྐྱེ་བུ་རེད། ཁྱེད་སྤྱི་འཐུས་རྩ་དགོངས་ཞུས་ན་མདོ་སྟོད་མི་དམངས་ཀྱི་སེམས་ནང་ཐད་མོས་ཡོད་པ་མི་སེམས། མདོ་སྟོད་མི་དམངས་ཀྱིས་ཁྱེད་ལ་རེ་བ་ཆེན་པོ་བཅོལ་ཡོད། ཡིན་ཡང་ཁྱེད་ཀྱིས་ད་ལྟའི་བར། བོད་སྤྱི་བའི་ལས་དོན་བསྒྲུབ་པར་ཐུགས་རྗེ་ཆེའོ།

    Reply
  17. འབྲོག་པ་རྣལ་མ། says:
    ལོ་ 13 སྔོན།

    དགེ་བཤེས་གཡུང་དྲུང་རྒྱལ་མཚན་རྩ་དགོངས་ཞུས་པ་ངོ་མ་བློ་ཕན་བྱུང་། བྱ་ཐབས་དབེན། དྲང་པོ་བློ་སྟོབས་ཅན་དེ་ཚོ་ཉུང་རུ་ཉུང་རུ། ངོ་གཉིས་སྤྲིས་ལད་ཅན་དེ་ཚོ་མང་རུ་མང་རུ་ཕྱིན་དང་ངེད་ཚང་ལ་མཐའ་མཇུག་གྲུབ་འབྲས་ཅི་འདུག་ལྟས་ཆོག།

    Reply
  18. སྨར་དྷཱིཿཟེར། says:
    ལོ་ 13 སྔོན།

    སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དགོངས་ཞུ་བྱས་པ་དེ་དངོས་གནས་བློ་ཕམ་བྱུང་། ངེད་ཚང་གི་གྲོས་ཚོགས་ར་བ་འདི་བཞིན་སྤྲེལ་ལད་ཅན་གྱི་ར་བ་ཞིག་རེད། ཁོང་ནི་དེ་ལས་ལྡོག་ནས་གང་ཡོད་པ་དེ་བཤད་ཕོད་པའི་སྙིང་སྟོབས་ཅན་ཡིན་པ་མ་ཟད་ལྷག་བསམ་དང་དྲང་བདེན་ཆེ་བའི་མི་སྣ་ཞིག་རེད། མི་སྣ་འདི་ལྟ་བུ་རེ་རེ་བཞིན་ངེད་ཚང་གི་སྤྱི་ཚོགས་ནང་ནས་ཕྱིར་ཐོན་དུས་རང་བཞིན་གྱི་སེམས་ལ་དངངས་ཚབས་ཤིག་སྐྱེ་ཡོང་གིན་འདུག

    Reply
  19. རྐང་གསུམ། says:
    ལོ་ 13 སྔོན།

    མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་རྩ་དགོངས་ཞུས་པ་ངོ་མ་དགའ་ནི་ཡིན་ཐུགས་རྗེ་ཆེ། ཁྱོད་དང་ཁྱོད་ལྟ་བུའི་གྲྭ་བའི་རིགས་གཏོགས་ཡོད་ཚད་ཀྱིས་རྩ་དགོངས་ཞུས་ན་ངོ་མ་བཟང་གི།
    ད་རུང་ཁྱོད་མ་ཡིན་པའི་སྤྱི་འཐུས་གྲྭ་གཟུགས་ཅན་ཁ་ཤས་ཤིག་རྩ་དགོངས་ཀྱི་ལམ་ཁ་འདིར་ཡོང་ན་ངོ་མ་བཟང་གི།

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་མཆོག་དང་། བློ་བཟང་ཡེ་ཤེས་གཉིས་ཀྱི་འདྲ་དཔར་གཅིག་ཀྱང་འདིར་སྤར་ཡོད་ན་མང་པོ་ཞིག་གིས་ངོ་ཤེས་འགྱུར་པ་ལ་མི་ཕན་ནམ།

    Reply
  21. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་མཆོག་གིས་བཟང་རུང་ངན་རུང་ལོ་ངོ་ཧྲིལ་བོ་ལྔའི་རིང་བོད་ཀྱི་ཆེད་དུ་ཕྱག་ལས་གནང་བས་སྐུ་ཁམས་བདེ་བར་སྨོན་ཟེར་ན་འདོད།

    ངས་ད་ལོ་སྤྱི་འཐུས་ནང་དུ་བློ་བཟང་ཡེ་ཤེས་མ་ཐོན་པར་འགྱོད་ནས་ཡོད། ཤེས་འཇོན་གཉིས་ལྡན། ཉམས་མྱོང་དང་ན་གཞོན་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཁོང་སྤྱི་འཐུས་ཀྱི་གྲས་སུ་སླེབས་པར་སེམས་གཏིང་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།
    གཞན། སྐུ་ངོ་བྱ་ཁུ་ལོ་ཚང་གིས་འཕྲིན་བཟང་འདི་བསྒྲགས་པར་མར་ལོ་ཞིག་མར་ངྷ་སའི་ཕྱོགས་སུ་གཡུགས་ཡོད། ཀུ་རེ།

    Reply
  22. ཤིང་ལོ། says:
    ལོ་ 13 སྔོན།

    གཞུང་དོན་ལས་ལྷག་པའི་སྒེར་དོན་ཞིག་དང་། སྒེར་དོན་དེས་མི་མང་ཞིག་གི་བསམ་དོན་གཡུག་དོན་ཡང་མི་འདུག། མ་གཞི་གཡང་དྲུང་རྒྱལ་མཚན་ནི་འཇོན་མིན་དང་ཤེས་ཡོན་ཡོད་མིན་ལ་མི་ལྟོས་པའི་རྒྱུག་མཁན་ཞིག་ཡིན། ཐུགས་རྗེ་ཆེ། སྤྱི་འཐུས་ལ་བཞེངས་ངེས་ཀྱི་སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་ལའང་འཚམས་འདྲི་ཞུ།

    Reply
  23. གངས་སྨྱུག says:
    ལོ་ 13 སྔོན།

    རང་ནུས་མི་འཇོན་པར་གདེངས་ཚོད་ཐུབ་ཏེ་གཙང་དགོངས་ཞུས་པར་དགེ་མཚན་ཆེ། ཁོང་ལས་ལྷག་པའི་མི་བོ་ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་ཅན་ཞིག་རྐང་འཚབས་སུ་སླེབས་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  24. ཟླ་བ་དབང་ཕྱུག says:
    ལོ་ 13 སྔོན།

    ངོ་མ་འགྲིག་གི སྤྱི་འཐུས་སྤུས་ཀ་ཡག་ཏུ་འགྲོ་བཞིན་འདུག ད་དུང་ཡང་སྤྱི་འཐུས་ཀྱི་འགན་འཁུར་བསྒྲུབ་མི་ཐུབ་མཁན་ཚོས་སྤྱི་འཐུས་ཀྱི་ས་མིག་མི་འགོག་པར་ཤེས་ཡོན་དང་། སྤྱི་དོན་འགན་ལེན་བྱེད་པའི་སེམས་ཤུགས་ཅན་ཚོར་གོ་སྐབས་སྤྲད་ཚེ་ཧ་ཅང་བཟང་།

    Reply
  25. རྨོག་རུ་བསྟན་པ། says:
    ལོ་ 13 སྔོན།

    བོད་མི་མང་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ལགས་རྩ་དགོངས་ཞུས་པའི་ཚབ་གསར་དབུས་གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས་ལགས་སྒུག་ཐོའི་ཨང་རིམ་དང་པོར་འཁེལ་བར་བརྟེན། སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་ཀྱིས་རིང་མིན་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཀྱི་དམ་འབུལ་ཞུ་རྒྱུ་ལགས་ན་སྐུ་ཉིད་ལ་རྟེན་འབྲེལ་ཞུ་བཞིན་ཡོད།

    Reply
  26. ཨ་ར་དཀར་པོ says:
    ལོ་ 13 སྔོན།

    སྙིང་ཐག་པ་ནས་དགུ་བསུ་བྱེད་བཞིན་ཡོད། ཁོང་གི་ཚབ་ལ་ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་ཞིག་སླེབས་ཐུབ་པར་སྨོན།

    Reply
  27. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    སླད་ཕྱིན་ཀྱང་ལས་འབོར་ཐད་ཧི་མ་ལ་ཡའི་རི་རྒྱུད་དང་བོད་ནས་ཕེབས་པའི་རང་རིགས་རྒྱུད་འཛིན་ཚོར་རིག་གཞུང་སློབ་གཉེར་ཆེད། ས་གནས་ཤེས་ཡོན་ཚོགས་པ་ཁག་ཅིག་གི་འགན་འཁུར་སྔོན་ནས་བྱས་དང་བྱེད་བཞིན་ཡོད་ལ། ས་གནས་འབྲེལ་ཡོད་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཀྱང་བྱས་ཡོད་
    ཕང་བ་ལ། ང་ཚོའི་གྲོས་ཚོགས་ནང་ན. བདེ་མོ་ཐང་ན་རྟ་རྒྱུགས་ན་མཐོང་བས་ལོང་བ་མིན་ནི་བོ་དང།. རི་མཐོན་པོའི་མགོ་ནས་ཀི་བཏབས་ན་གོ་བས་འོན་པ་མིན་ནི་གཅིག་རང་གཅིག་པོ་དེ་དགོངས་པ་ཞུས་པའི་གྱོང་གུད་་སུས་བསབ་ནུས། ལྷག་དོན་ཉིས་སྟོང་བཅུ་གཅིག་ནས་བཟུང་བོད་ནང་གི་ལས་དོན་ཛ་དྲག་ཏུ་གྱུར་བཞིན་པའི་སྐབས་སུ།
    ཡིན་ཡང་ཁོང་གིས་་་སྒྲིག་གཞི་དང་མ་འགལ་ཙམ་སྟེ། ལོ་རེར་ཐེང་རེ་དང། གཞུང་དོན་ཕྱོགས་བསྐྱོད་མི་ཐུབ་པས་་་་གཞུང་སྒེར་གང་ལ་ཕན་ཐོག་མེད་པས་་་གསུང་འདུག. དེ་ནི་ཁོང་གི་དགོངས་པ་བཞེས་ཕྱོགས་ཏོག་ཙམ་ནོར་བར་འདོད་དེ། སྤྱི་འཐུས་གཞན་དག་ལོ་རེར་ཐེངས་གཉིས་རེ་ཕེབ་པ་དང། ཕྱོགས་བསྐྱོད་ཙམ་མ་ཟད་ས་གནས་རང་ན་བཞུགས་པ་དག་ལས་ཀྱང། ཁོང་ཐེངས་རེ་ཕེབ་པ་དང་རང་གནས་ནས་ཉན་རྣ་བྱས་པས་མགོ་འཚོས་པ་ཡོད་པ་འདུག་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese