མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིས་རྒྱ་གཞུང་ལ་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་ཉིན་ཧྥ་རན་སིའི་ཕྱི་འབྲེལ་མགྲིན་ཚབ་པས་རྒྱ་གཞུང་གིས་བོད་མི་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་འདུག

ཉེ་སྔོན་བོད་ནང་བོད་མི་སྐྱ་སེར་ ༡༧ གྱིས་སྔ་ཕྱིར་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱི་གནས་སྟངས་ཐད། ཧྥ་རན་སི་གཞུང་གིས་བློ་འཚབ་གནང་གི་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སྲུང་སྐྱོབ་བྱ་དགོས་པའི་རྨང་གཞིའི་ཐོག  བོད་མི་རིགས་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་གནང་དགོས་པའི་འབོད་སྐུལ་གནང་འདུག

ཕྱི་ཚེས་ ༡༩ ཉིན་ཧྥ་རན་སིའི་ཕྱི་འབྲེལ་མགྲིན་ཚབ་པ་ཝེ་ལི་རའོ་(Bernard Valero)ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག “བོད་མི་སྐྱ་སེར་དེ་དག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ངོ་རྒོལ་གནང་བ་དེ་ནི། ཁོང་ཚོ་ཐབས་ཟད་འུ་ཐུག་གི་གནས་སྟངས་འོག་ལྷུང་བའི་རྐྱེན་གྱིས་རེད། ཧྥ་རན་སིའི་གཞུང་གིས་ཆོས་དད་རང་དབང་དང་། བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་གུས་བརྩི་བྱེད་དགོས་པ་ནན་སྐུལ་ཞུ་རྒྱུ་མ་ཟད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་གུས་བརྩི་ལྡན་པའི་རྨང་གཞིའི་ཐོག  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ཕྱོགས་གཉིས་ཀྱིས་གྲོས་མོལ་གནང་རྒྱུར་འབོད་སྐུལ་གནང་རྒྱུ་ཡིན་ལ། དེ་ནི་གནད་དོན་སེལ་ཐབས་ཀྱི་ཐབས་ལམ་གཅིག་པུ་རེད།” ཅེས་བརྗོད་དེ།  ཧྥ་རན་སིའི་གཞུང་གིས་ད་ལྟའི་ཆར་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་བཞིན་པའི་གནས་སྟངས་ཐད་བློ་འཚབ་གནང་གི་ཡོད་པ་མ་ཟད། ཧྥ་རན་སིའི་གཞུང་གིས་རྒྱ་གཞུང་དང་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད་ཡུ་རོབ་མནའ་མཐུན་དང་རྒྱ་ནག་བར་གྱི་གྲོས་མོལ་སྒྲོམ་གཞིའི་འོག དུས་རྒྱུན་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བརྩི་འཇོག་དགོས་པའི་གསལ་འདེབས་བྱས་ཡོད་སྐོར་བརྗོད་འདུག  

རྒྱ་གཞུང་གི་བོད་ཐོག་འཛིན་པའི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་ཆེད། ད་ལྟའི་བར་བོད་ནང་བོད་མི་སྐྱ་སེར་ ༡༧ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། བལ་ཡུལ་དང་རྒྱ་གར་ནང་དུའང་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་མཚོན་པའི་བོད་མི་སྐྱ་སེར་ ༤ གྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་ཡོད་པ་རེད། དེ་དག་ཁྲོད་མི་ ༡༡ འདས་གྲོངས་ཕྱིན་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. ནད་པ says:
    ལོ་ 15 སྔོན།

    ཕོ་རང་སིས་སྔ་ཕྱིར་འགྲོ་བ་མིའི་ཐོབ་ཐང་དང་ལྷག་དོན་བོད་དོན་ཐོག་ཐུགས་འཁུར་འདི་འདྲ་བཞེད་བཞིན་ཡོད་པ་དེར་བསྔགས་བརྗོད་བྱེད་འོས་ཞིག་རེད།

    ད་དུང་རྒྱ་ནག་མི་དམངས་ལའང་རང་དབང་དང་དམངས་གཙོའི་ཐོབ་ཐང་ངེས་དགོས་ངེས་ཞིག་ཡིན། ཐུགས་རྗེ་ཆེ།

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ས་ངན་འགག་ནས་བུ་ངན་ཇོ་རུས་བསྟོད་བསྔགས་གནང་བར་དགའ་བོ་བྱུང། གང་ཞེ་ན། ང་ལ་བསྟོད་བསྔགས་རེག་མྱོང་མེད་ཁར། ཇོ་རུ་ཁོང་གིས་ཀྱང་སུ་ལ་བསྟོད་མྱོང་མེད་པས་སོ།
    ང་ཚོས་ཁྱེད་རེད་ལབ་པ་ལས་སོ་སོས་ང་ཡིན་ལབ་ན་ཡག་མོད། འོན་ཀྱང་ད་ཆ། ང་ཚོས་དེ་མ་རེད་ཞུས་ཚེ། ལས་སྣེ་ཚོས་ ་
    ཕར་བདེན་གཡོལ་རྩིས། རང་བདེན་ཟ་རྩིས། ལས་གང་ཡང་
    མི་གནང་བ་འདུག་གོ།

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    དྲ་གྲོགས་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་དོ་སྣང་ཆེན་པོས་སྐྱོན་བརྗོད་ཐེར་འདོན་གནང་བར་ཐུགས་རྗེ་ཆེ་ཞུ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བལ་ཡུལ་དུ་སྐུ་ཞབས་བག་བྲོ་ཟེར་བ་གཅིག་གིས་རང་ལུས་མེར་བསྲེགས་བཏང་ནས་བལ་པོས་ཉེན་རྟོག་པ་ལས་ཡུལ་ཐུབ་པ་བྱུང་ཡོད་པ་དང་། ཡང་བུད་མེད་གཅིག་གིས་རང་ལུས་མེར་གཏོང་ཐག་བཅད་ནས་རང་ལུས་ལ་མེ་གཏོང་དུས་གཞན་པ་བོད་མི་གཞན་གྱིས་བཀག་ཐུབ་པ་བྱུང་ཡོད། རྒྱ་གར་དིལ་ལི་གསར་པར་གཞོན་ནུའི་ཚོགས་མི་གཅིག་གིས་རང་ལུས་ལ་མེར་བསྲེག་རང་གི་རྐང་པ་ནས་བཏང་བ་གསར་བརྒྱུད་ལམ་ཁག་ལ་ཡོངས་གྲགས་རེད།

    འོན་ཀྱང་། གྲངས་འདྲེན་སྐབས་ཀྱི་རྩོད་པར་ང་ནི་བཞུགས་འདོད་མེད་ལ། ང་ནི་བོད་མི་སུ་ཡིན་ན་ཡང་རང་ལུས་མེར་གཏོང་མི་དགོས་པར་རང་གཞན་གཉིས་ལ་མ་གནོད་པར་རང་གཞན་གཉིས་ཕན་ཆེད་དུ་ཞི་བས་སྒོ་ནས་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་འདུག་ཟེར་མཁན་ཅིག་ཡིན་ལགས།

    Reply
  5. བསྟན འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ཨ་རོགས་ཚེ་རིང་རྒྱལ་ལགས། བལ་ཡུལ་དང་རྒྱ་གར་དུ་མི་གསུམ་གྱིས་རང་སྲེག་བཏངས་ཟེར་བ་དེ་་ཧྥརིན་སིའི་མགྲིན་ཚབ་པས་གསུང་བརེད་དམ། དེ་ཡིན་ན་ང་ཚོས་བརྡ་ལོག་སྤྲད་པའི་ནག་ཉེས་རེད། གལ སྲིད་ཁྱེད་ཀྱིས་གསུང་བ་ཡིན་འང་བརྡ་ལོག་མ་སྤྲོད་རོགས་ཞུའོ།། བཀའ་ཁྲི་དང་ཁྱེད་གཉིས་གཙོས་རྒྱུད་སྒྲོག་པ་དག་གི་མིག་ལམ་ན་ལྷག་པ་ཚེ་རིང་མེད་དོན་གང་ཡིན་ནམ། འགན་འཁུར་ཡོད་པའི་ཐོག་ནས་གསར་འགྱུར་འགོད་རོགས་ཞུ་ཞེས་ལག་ཐལ་མོ་སྦྱར་ནས་རེ་བ་བཤད་ཀྱིན་ཡོད། ཁོ་བས་ལྷག་ཚེ་གང་མང་གླེང་ཡོད། མ་ཟད་ཁ་སང་རང་ཨ་ཁུ་སྟོན་པས་བགྲེང་འདུག་པ་མཐོང་ལེ་ཡོད། ཡང་ཡང་འདི་འདྲ་གནང་ན་ཁོང་ཁྲོ་གཏན་ནས་འགོག་ཐུབ་མི་འདུག་གོ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཧྥ་རན་སིའི་ཕྱི་འབྲེལ་མགྲིན་ཚབ་པས་རྒྱ་གཞུང་གིས་བོད་མི་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་བར་ཐུགས་རྗེ་ཆེ་དང་། བཀའ་དྲིན་ཆེ་ཞེས་ཞུའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese