མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་སྒང་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་བོད་ཆགས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་༼རང་དབང་ཁྱིམ་གཞི༽ཡིས་ལོ་འཁོར་སྙན་ཐོ་བཏོན་ཏེ། བོད་དང་རྒྱ་ནག་ནི་འཛམ་གླིང་སྒང་སྤྱི་དམངས་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དང་རྒྱལ་ཁབ་ཏུ་ངོས་འཛིན་བྱས་འདུག

ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་ཚོགས་པ་༼རང་དབང་ཁྱིམ་གཞི༽ཡིས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཚོགས་པའི་དྲ་རྒྱའི་སྟེང་སྤེལ་བའི་༼༢༠༡༢ ལོའི་འཛམ་གླིང་གི་རང་དབང་༽ ཞེས་པའི་ལོ་འཁོར་སྙན་ཐོའི་ནང་།  འདས་པའི་ལོ་གཅིག་རིང་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ཁག་ ༡༩༥ ནང་སྤྱི་དམངས་ཀྱི་རང་དབང་དང་། ཆབ་སྲིད་ཁེ་དབང་གི་གནས་སྟངས་ཐད་ཉམས་ཞིབ་གནང་སྟེ། རང་དབང་ལྡན་པའི་རྒྱལ་ཁབ་དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ། རང་དབང་མི་ལྡན་པའི་རྒྱལ་ཁབ་བཅས་རིམ་པ་གསུམ་དུ་བགར་དེ་མིང་འདོན་བྱས་ཡོད་པ་དང་། རང་དབང་མི་ལྡན་པའི་རྒྱལ་ཁབ་དང་ས་ཁུལ་གྱི་ཁྲོད་ནས། བོད་ནི་འཛམ་གླིང་སྒང་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དང་། རྒྱ་ནག་ནི་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁབ་མིང་ཐོའི་ནང་བཀོད་འདུག

རང་དབང་མི་ལྡན་པའི་རྒྱལ་ཁབ་ ༤༨ ཡོད་པའི་ནང་ནས། རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་ ༢ དང་རྒྱལ་ཁབ་ ༩ མིང་འདོན་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་ས་ཁུལ་གཉིས་ནི་རྒྱ་གཞུང་གི་དབང་སྒྱུར་འོག་ཡོད་པའི་བོད་དང་བྱང་ཨ་ཧྥི་རི་ཀའི་ནང་ཡོད་པའི་ནུབ་ས་ཧ་རཱ་(Western Sahara)གཉིས་ཡིན་པ་དང་། རྒྱལ་ཁབ་དགུ་ནི་ཨེ་རི་ཊེ་ཡ་(Eritrea)དང་། ཐིག་དམར་གྷི་ནི་ཡ(Equatorial Guinea)། བྱང་ཀོ་རི་ཡ། སའོ་དྷི་ཨ་རབ། སོ་མ་ལི་ཡ། སུ་ཌན། སི་རི་ཡ། ཏུར་མེན་སི་ཐན(Turkmenistan)། ཨུ་ཛུ་བྷེ་ཁི་སི་ཐན(Uzbekistan)བཅས་ཡིན་པ་རེད། དེ་བཞིན། རྒྱ་ནག་དང་ལེ་བྷེ་ཡ། ཨུ་རུ་སུ་དཀར་པོ(Belarus)། བྷེ་ལ་རུ་སི(Belarus)། ཆེ་ཌ(Chad)། ཁྱིའུ་བྷ(Cuba)། ལའོ(Lao)བཅས་རྒྱལ་ཁབ་ ༧ དང་། ལྷོ་ཨོ་སེ་ཁྲའེ་ཡཱ(South Ossetia)ས་ཁུལ་བཅས་ནི་རང་དབང་སྡུག་ཤོས་ཨང་གཉིས་པའི་མིང་ཐོའི་ཁྲོད་བཀོད་ཡོད་པ་རེད།  

ལོ་འཁོར་སྙན་ཐོ་དེའི་ནང་སྤྱི་དམངས་ལ་རང་དབང་ལྡན་པའི་རྒྱལ་ཁབ་ ༨༧ ཡོད་པ་དང་། འཛམ་གླིང་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༤༥ ཟིན་འདུག་ལ། རྒྱལ་ཁབ་དེ་དག་ནང་མི་འབོར་དུང་ཕྱིར་ ༣༠ དང་ཁྲི་ ༡༦༥༦ ལྷག་ཡོད་པ་དང་། འཛམ་གླིང་མི་འབོར་སྤྱིའི་བརྒྱ་ཆ་ ༤༣ ཟིན་ཡོད། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ ༦༠ ཡོད་པ་དང་། འཛམ་གླིང་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༣༡ ཟིན་འདུག་ལ།  རྒྱལ་ཁབ་དེ་དག་ནང་མི་འབོར་དུང་ཕྱིར་ ༡༤ དང་ཁྲི་ ༩༧༤༤ ལྷག་ཡོད་པ་དང་། འཛམ་གླིང་མི་འབོར་སྤྱིའི་བརྒྱ་ཆ་ ༢༢ ཟིན་ཡོད། རང་དབང་མི་ལྡན་པའི་རྒྱལ་ཁབ་ ༤༨ ཡོད་པ་དང་། འཛམ་གླིང་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༢༤ ཟིན་འདུག་ལ།  རྒྱལ་ཁབ་དེ་དག་ནང་མི་འབོར་དུང་ཕྱིར་ ༢༤ དང་ཁྲི་ ༥༣༢༣ ལྷག་ཡོད་པ་དང་། འཛམ་གླིང་མི་འབོར་སྤྱིའི་བརྒྱ་ཆ་ ༣༥ ཟིན་ཡོད་འདུག

ཡུལ་ཕྱོགས་རང་བཞིན་གྱི་སྤྱི་དམངས་ལ་རང་དབང་ལྡན་མིན་གྱི་ཐད་ནས། ལྷོ་ཨ་ཧྥི་རི་ཀ་གླིང་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༡༨ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༤༣ ། རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༣༩ བཅས་ཟིན་ཡོད། དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨ་ཧྥི་རི་ཀའི་གླིང་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༦ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༢༢། རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༧༢ བཅས་ཟིན་ཡོད། ཡུ་རོབ་དཀྱིལ་མ་དང་ཤར་མའི་ཁུལ་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༤༥ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༣༡ ། རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༢༤ བཅས་ཟིན་ཡོད། ཨེ་ཤ་ཡའི་ནང་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༤༡ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༣༨ ། རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༢༡ བཅས་ཟིན་ཡོད། ཨ་མེ་རི་ཁ་གླིང་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༦༩ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༢༨ ། རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༣ བཅས་ཟིན་ཡོད། ནུབ་ཡུ་རོབ་གླིང་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༩༦ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༤ ཟིན་ཡོད་པ་དང་། རང་དབང་མི་ལྡན་པའི་རྒྱལ་ཁབ་གཅིག་ཀྱང་མེད་པ་རེད།

ལོ་སྔོན་མ་དང་བསྡུར་ན་སྤྱི་དམངས་ཀྱི་རང་དབང་གནས་སྟངས་ཉམས་ཆག་ཏུ་ཕྱིན་ཡོད་པའི་རྒྱལ་ཁབ་ ༢༦ དང་། གནས་སྟངས་ཡར་རྒྱས་ཕྱིན་ཡོད་པའི་རྒྱལ་ཁབ་ ༡༢ ཡོད་འདུག   འདི་ལོ་ཆབ་སྲིད་ལམ་ལུགས་དམངས་གཙོའི་འོས་བསྡུའི་ལམ་དུ་བསྐྱོད་བཞིན་པའི་རྒྱལ་ཁབ་ ༡༡༧ ཡོད་པ་དང་། དེའི་ཁྲོད་ནེ་ཇར་(Niger) དང་ཐེ་ལན་ཌི། ཋུ་ནི་ཤི་ཡ(Tunisi)གསུམ་ནི་ལོ་སྔོན་མའི་ནང་གསར་དུ་དམངས་གཙོའི་འོས་བསྡུའི་ལམ་དུ་ཕྱིན་ཡོད་པ་རེད། ཡིན་ནའང་། ནི་ཁ་ར་གུ(Nicaragua) ནི་ལོ་སྔོན་མའི་ནང་སྔར་གྱི་འོས་བསྡུའི་ལམ་ནས་འོས་བསྡུ་མིན་པའི་ཆབ་སྲིད་ལམ་ལུགས་སུ་བསྐྱར་ལོག་བརྒྱབ་ཡོད་འདུག

 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་བོད་གཉིས་སྔར་ཆོས་རྒྱལ་སྐབས་སུ་དམག་འཐབ་པའི་ཞོར་དུ་གཉེན་སྒྲིག་ཀྱང་བྱས་མྱོང་བ་རེད། བོད་ཆོས་ལྡན་ཞིང་ཁམས་བོད་བསིལ་བུར་གནས་པའི་སྐབས་སུ་ཡང་རྒྱ་བོད་གཉིས་མཆོད་ཡོན་སྦཡིན་བདག་གི་ཚུལ་དུ་བག་ཕེབས་པར་ཡང་གནས་མྱོང་ན།
    མའོ་མ་རབས་སྤྲང་ཕྲུག འཇག་དཔོན་མི་གསོད་ལག་དམར། བུད་མེད་མང་པོར་བཙན་གཡེམ་པ་གུང་བྲན་ཀླ་ཀློའི་རྒྱ་གཞུང་མཉམ་དུ་ད་ལྟ་ཡང་ལྷིང་འཇགས་མ་ཐུབ་པ་འདི་སུས་ལན་པ་རེད་ཟེར་ན། གུམ་དོག་པའི་རྒྱ་གཞུང་དྲག་སྤྱོད་གདུག་རྩུབ་ཅན་འདིས་ལན་པ་མིན་ནམ།
    ད་དུང་ཡར་རྒྱས་དང་འགྱུར་བ་བཟང་ཕྱོགས་སུ་ག་དུས་འགྲོ་ཐུབ་བམ། འགྱུར་བ་བཟང་ཕྱོགས་ལ་ང་ཚོས་དཀའ་ལས་ག་ཚོད་ཙམ་བརྒྱབ་ཟིན་ནམ། ད་ལྟ་ག་ཚད་རྒྱབ་བཞིན་ཡོད་དམ། ད་དུང་མ་འོངས་དཀའ་ལས་ག་ཚད་ཙམ་རྒྱག་དགོས་འདུག་གམ། ཚང་མས་སོམས་ཤིག འབུངས་ཤིག བརྩོནད་དང་། ཐུགས་རྗེས་གཟིགས།

    Reply
  2. འཇམ་བཟང་། says:
    ལོ་ 15 སྔོན།

    ཁོང་རྣམས་ཀྱིས་ཁ་ནས་བཤད་པ་ནམ་བཞིན་ལག་ལེན་བསྟར་པའི་རེ་སྐུལ་ཞུ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་འདི་རྒྱ་ནག་དང་མཉམ་དུ་ཡོད་པ་ཙམ་གྱིས་འཛམ་གླིང་སྒང་སྤྱི་དམངས་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དང་རྒྱལ་ཁབ་ཏུ་ངོས་འཛིན་བྱས་ཡོད་པ་ནི། བདེན་པ་བརྒྱ་ཆ་བརྒྱ་ཟིན་ཡོད་རེད། ཉམས་ཞིབ་པ་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese