མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིད་སྐྱོའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ནང་གསེས་ཉང་པོ་ཁང་ཚན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་མཁྱེན་རབ་མཆོག་ཉིད་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་སོ་གཉིས་པའི་སྔོན་འགྲོའི་གསུང་ཆོས་གྲུབ་པ་དང་༢༠༡༢ ལོའི་ཕྱི་ཟླ་ ༡ ཚེས་ ༧ ཉིན་སྐུ་ཞི་བར་མནལ་ཚུལ་བསྟན་ནས་ཉིན་གྲངས་ ༩ རིང་ཐུགས་དམ་ལས་མི་གཡོ་བ་བརྟན་པོར་བཞུགས་ཏེ་ཉིན་རེ་ནས་ཉིན་རེ་བཞིན་སྐུ་འཚོ་བཞུགས་ལས་ཀྱང་ཞལ་དཀྱིལ་བརྗིད་ཉམས་ཆེ་རུ་ཕེབས་ནས་སློབ་ཚོགས་རྟག་འཛིན་ཅན་རྣམས་ལ་མཐའ་མའི་མཛད་པ་མི་རྟག་དྲན་བསྐུལ་བླ་ན་མེད་པ་ཞིག་ཏུ་གྱུར། དམ་པ་གང་ཉིད་ཡོངས་གྲགས་སུ་གནས་ཆུང་དགེ་བཤེས་ལགས་སུ་འབོད་ཅིང་ ༡༩༣༢ ལོར་གཙང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་སུ་ཁུལ་དེའི་པ་སྣམ་དགའ་གདོང་དགོན་དུ་ཆོས་བཞུགས་མཛད་ནས་མཁན་པོ་ཁུ་ནུའི་རྒན་རིག་འཛིན་བསྟན་པ་རིན་པོ་ཆེའི་སློབ་མར་གྱུར་ནས་བསན་བསམ་གང་མཚམས་དང་གསང་བདེ་འཇིགས་གསུམ་སོགས་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཐུགས་ཐོག་ཏུ་འཛིན་ཏེ་རྣམ་དཔྱོད་ཕུལ་དུ་ཕྱིན་པ་མངོན། ༡༩༥༧ ལོར་དབུས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གླིང་ཉང་པོ་ཁང་ཚན་དུ་ཆོས་བཞུགས་གནང་རྗེས་རྒྱ་དམར་ཀླ་ཀློའི་གདུག་རྩུབ་འོག་ནས་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་ལོ་ངོ་ཧྲིལ་པོ་བཅུའི་རིང་མཁན་ཆེན་པདྨ་རྒྱལ་མཚན་དང་ཤག་སྐོར་མཁན་ཟུར་ཉི་མ་རྒྱལ་མཚན་རྣམ་གཉིས་ལས་གཞུང་ཆེན་རྣམས་སུ་མཐིལ་ཕྱིན་གསན་བསམ་མཛད་མཐར་ ༡༩༩༤ ལོར་ལྷོ་ཕྱོགས་མོན་གྷོར་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་གཞུང་ཆེན་ཁག་ལ་བརྒལ་བརྟག་གི་ལམ་ནས་དགེ་བཤེས་དམ་བཅའ་འཇོག་གནང་མཛད་དེ་ལྷ་རམས་པ་རྩེ་ཕུད་དང་པོའི་སྦྱངས་འབྲས་སོན། དེ་ནས་བློ་གླིང་མཁན་རིན་པོ་ཆེའི་བཀའ་བཞིན་ཐོག་མར་ལོ་གཅིག་རིང་གནས་ཆུང་གྲྭ་ཚང་གི་དཔེ་འཁྲིད་དགེ་རྒན་དུ་ཕེབས། དེ་རྗེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་ཐོག་འགྲིམས་ནས་སྔགས་ཀྱི་འཆད་ཉན་ལ་ཐུགས་དམ་མཐིལ་དུ་འཛིན་ཏེ་སྔགས་ཀྱི་རྩོད་རྒྱུགས་ཆེན་མོར་༧གོང་ས་མཆོག་གི་སྤྱན་སྔར་འཆད་རྩོད་ཀྱི་མཆོད་པ་འབུལ་གནང་གིས་མཁས་པའི་དབུས་ནས་མཁས་པ་མཛེས་ཞེས་པའི་དཔེ་ལྟར་ཡོངས་གྲགས་སྔགས་ཀྱི་རྒྱུགས་སྤྲོད་རྩེ་ཕུད་དང་པོར་སོན།

         དེ་ནས་བཟུང་ ༢༠༡༡ ལོ་མཇུག་བར་གནས་ཆུང་གྲྭ་ཚང་རང་དུ་བཞུགས་ནས་དཔེ་འཁྲིད་ཀྱི་ཐུགས་འགན་བཞེས་གནང་མཛད། དམ་པ་གང་ཉིད་ནང་གི་ཐོས་བསམ་སྒོམ་གསུམ་གྱིས་ཐུགས་བརྒྱུད་བརླན་ཞིང་ཚད་མཐོར་གཤེགས་ཀྱང་ཕྱིའི་རྣམ་པར་འདོད་ཆུང་ཆོག་ཤེས་དཔེར་འོས་པ་ཉམ་ཆུང་ཚུལ་དུ་དམ་ཆོས་འདུལ་བ་གཞིར་བཟུང་སྦྱངས་པའི་ཡོན་ཏན་ཉམས་བཞེས་མཛད་དེ་མཐོ་གོ་ས་སོགས་ཡོངས་སུ་སྤངས་ཏེ་སྦས་པའི་བརྟུལ་བཞུགས་ཚུལ་གྱིས་སྒོམ་སྒྲུབ་ལ་གཞོལ་བའི་འབྲས་རྟགས་སུ་རྒྱུན་དུ་སྙིང་བརྩེ་ལྡན་ཞིང་སྐྱེ་བོ་ཉམ་ཐག་དང་འགྲོགས་འདྲིས་བདེ་བ་སོགས་དམ་པའི་ཡོན་ཏན་དུ་མས་བརྒྱན་ཏེ་ཀུན་གྱི་མཐུན་སྣང་དུ་གྱུར། འོན་ཀྱང་གདུལ་བྱའི་ཚོགས་རྣམས་ཞལ་མཇལ་གསུང་གི་བདུད་རྩིར་ལོངས་སུ་སྤྱོད་པའི་སྐལ་བ་བྲལ་བས་ཤིན་ཏུ་ཡིད་སྐྱོ་བའི་གནས་སོ།

གནས་ཆུང་གྲྭ་ཚང་དང་ཉང་པོ་ཁང་ཚན་ཐུན་མོང་ནས་སྤེལ།།

 

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese