མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་གཉིས་ཀྱི་སྔ་ཕྱི།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༤༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཕྱི་ལོ་ ༢༠༠༦ སྟེ་པགས་རིགས་མེར་བསྲེགས་ཀྱི་ལོ་ནས་ ༢༠༡༡ ལོའི་རང་ལུས་མེར་བསྲེགས་ཀྱི་ལོ་བར་དུ་ལོ་ ༦ འགོར་ཡོད་པ་དང་། ལོ་འདི་དག་གི་རིང་བོད་མི་ཚོས་རྒྱ་རིགས་དང་འཛམ་གླིང་མི་དམངས་ལ་བོད་མིའི་ཐོབ་ཐང་དང་རིན་ཐང་ལྟ་ཚུལ་བཅས་ཆོད་སེམས་ཆེན་པོའི་སྒོ་ནས་སྔར་བྱུང་མ་མྱོང་བའི་གསལ་བཤད་ཅིག་བྱས་པ་རེད། རེ་བ་དང་འབད་བརྩོན་འདི་དག་གི་སྐབས་ང་ཚོས་རྨི་ལམ་མཉམ་དུ་རྨིས་ཤིང་། མིག་ཆུ་མཉམ་དུ་ཕུད་པ་རེད།

    ང་ཚོས་རྒྱུ་འབྲས་དང་མི་རིགས་རང་གི་མཛེས་དཔྱོད། རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཐད་ཆོད་སེམས་དང་བློས་གཏོང་གི་སྒོ་ནས་རི་དྭགས་ཀྱི་པགས་རིགས་མེར་བསྲེགས་བཏང་བ་རེད། མི་རིགས་ཀྱི་ཤི་གསོན་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཕྱོགས་ནས་རང་ལུས་མེར་བསྲེགས་བཏང་བ་རེད། ད་ནི་ང་ཚོས་ཆོད་སེམས་ཅི་ཞིག་དང་། ཁ་ཕྱོགས་ཅི་ཞིག་འཚོལ་དགོས་པ་རེད། འདི་ནི་ད་རེབ་ཀྱི་དུས་དབང་འདི་དང་བསྟུན་གོ་བསྡུར་བྱས་ཏེ། ཕ་ཡུལ་དང་བཙན་བྱོལ་གྱི་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་ནང་དུ་ཕྱིར་ཕེབས་སྐབས་འཁྱེར་འོས་པའི་བརྡ་ལན་དེ་ཡིན་འོས་པར་འདོད།

    ང་ཚོར་ད་ནི་གཡོལ་དུ་མེད་པའི་གདོང་ལེན་ཞིག་ཡོད་པ་ནི། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཕྱོགས་རེད། བོད་ནང་ལ་མཚོན་ན། སྲིད་བྱུས་གུ་ཡངས་ཀྱི་རྗེས་ནས་བོད་ནང་གི་མཁས་པ་མི་བཞི་ལྟ་བུའི་སྐྱེས་ཆེན་དམ་པ་དག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐད་ཕྱག་རྗེས་བླ་ན་མེད་པ་བཞག་པ་ནི་སུ་ལ་ཡང་བསྙོན་དུ་མེད་པ་ཞིག་རེད། ད་སྐབས་སླར་ཡང་། ཨ་ལགས་དོར་ཞི་དང་རྒྱ་ཡེ་བཀྲ་བྷོ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོས་པའི་ཤེས་ཡོན་པ་དག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐད་ནུས་པ་བླ་ལྷག་ཏུ་འདོན་བཞིན་པ་ནི་ཚང་མར་མངོན་སུམ་དུ་གྱུར་ཡོད་པ་རེད།

    ད་དུང་མཚོ་སྔོན་དུ་བོད་ཀྱི་གསོ་རིག་ཚིག་མཛོད་ཆེན་མོ་དང་ཕྱི་ལུགས་ཀྱི་གསོ་རིག་དཔེ་གཞུང་ ༢༨ བོད་སྒྱུར་བྱེད་པ་དང་བསྟུན། མི་འགྱངས་པར་བོད་ལ་ཡང་བོད་ལུགས་དང་ཕྱི་ལུགས་ཀྱི་གསོ་རིག་སློབ་ཁྲིད་གཉིས་ཀ་བོད་ཡིག་གི་ནང་དུ་འཐོན་བཞིན་པ་ལྟ་བུ་རེད། བོད་ཕྱི་ལོགས་ལ་མཚོན་ན་ཡང་། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་། ཉེ་ཆར་སྐུའི་གསུང་སྒྱུར་བ་མཁས་དབང་ཐུབ་བསྟན་སྦྱིན་པ་མཆོག་གིས་བོད་ཀྱི་བརྡ་སྤྲོད་ལ་ཁ་གསབ་ཀྱི་ཚུལ་དུ་དགོངས་འཆར་ཕུལ་བ་ལྟ་བུའི་ཡར་རྒྱས་དང་བཟང་ཕྱོགས་ཀྱི་ལས་རིམ་འགྲོ་བཞིན་པ་རེད། འདི་ལྟར་བསམ་ན་ང་ཚོས་ནུས་པ་ཕྱོགས་གཅིག་ཏུ་སྤུངས། མཐུན་འགྱུར་མཉམ་གཅིག་ཏུ་ཕུལ་ན་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་རིག་ཚན་ཚང་མར་ལེགས་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུ་ངེས་གཏན་རེད།

    དེས་ན། ད་རེབ་ཀྱི་དུས་དབང་འདིའི་སྐབས་སུ་བརྡ་ལན་ཐམས་ཆད་ཀྱི་ནང་ནས་གལ་ཆེ་ཤོས་དེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཤེས་རིག་གོང་སྤེལ་གྱི་ཆ་རེད་འདོད། འདི་ནི་ང་ཚོར་ཁ་ཚ་དགོས་གཏུགས་དང་དུས་ཐོག་ཆར་པ་ཡི་ཚུལ་དུ་འདུག་སྟབས། ཚང་མས་དོ་སྣང་དང་བགྲོ་གླེང་བརྒྱུད་ཕྱིར་འཁྱེར་རྒྱུའི་ལེགས་སྐྱེས་གྱ་ནོམ་པ་དེ་ཡང་ཡིན་པར་འདོད།

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

སྐར་མ ༡ སྔོན་ལ།
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡ སྔོན་ལ།
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

༢༠༢༦/༡༡/༠༦
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese