མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་གིས་བོད་མིའི་ཅ་དངོས་བཙན་འཕྲོག

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བལ་བོད་ས་མཚམས་འགྲམ་དུ་རྒྱ་གཞུང་གི་དམག་མིས་རྒྱ་གར་ནས་བོད་དུ་ལོག་བཞིན་པའི་བོད་མི་ཆོས་ཞུ་བའི་རླངས་འཁོར་ ༧ ཙམ་བཀག་ཉར་གྱིས་བོད་མིའི་ཅ་དངོས་རྣམས་བཙན་འཕྲོག་བྱས་འདུག

ངྷ་སར་གནས་སྡོད་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་སྒྲོལ་མ་ལགས་ཀྱིས་འདི་ག་གསར་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་དོན་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་མཚན་མོར་ཁམས་དང་ཨ་མདོ། ལྷོ་ཁ་དང་ལྷ་ས་གྲོང་ཁྱེར་བཅས་བོད་ནང་གི་ས་ཕྱོགས་འདྲ་མིན་ནས་ཡིན་པའི་ཕྱི་སྐྱོད་ལག་ཁྱེར་ཡོད་མཁན་བོད་མི་ཆོས་ཞུ་བ་རླངས་འཁོར་ ༧ ཙམ་བལ་བོད་ས་མཚམས་འགྲམ་བརྒྱུད་བོད་དུ་ལོག་སྐབས། རྒྱ་ནག་ས་མཚམས་དམག་མིས་ཀ་ཀོར་མེད་པར་བོད་མིའི་ཅ་དངོས་ཡོངས་རྫོགས་བཙན་འཕྲོག་བྱས་ཡོད་པ་མ་ཟད། བོད་མི་རེ་རེ་བཞིན་དོགས་འདྲི་དང་། ངོ་རྒོལ་བྱེད་མཁན་ལ་ཚ་འདྲི་དང་གདོང་ལ་མེ་མདའ་གཏད་དེ་ཞེད་སྣང་ཡང་སྐུལ་འདུག བོད་མི་དེ་དག་ལ་བལ་བོད་ས་མཚམས་འགྲམ་ནས་ལྷ་ས་གྲོང་ཁྱེར་བར་དམག་མིའི་སྡེ་ཚན་ ༡༢ གྱིས་སྔོག་བཤེར་བྱས་ཡོད་སྟབས། བོད་མི་དེ་ཚོ་ལྷ་སར་འབྱོར་སྐབས་མང་ཆེ་བའི་ལག་ཏུ་ཕྱི་སྐྱོད་ལག་ཁྱེར་ཙམ་ལས་ཅ་དངོས་གཞན་ཅི་ཡང་ལྷག་ཡོད་མི་འདུག  

སྐབས་དེར་རྒྱ་དམག་མིས་བོད་མི་ཆོས་ཞུ་བའི་ལག་ནས་བཙན་འཕྲོག་བྱས་པའི་ཅ་དངོས་ཁོངས་སུ། གནས་མཆོག་རྡོ་རྗེ་གདན་ནས་ཕྱིར་དད་རྟེན་དུ་འཁྱེར་བཞིན་པའི་དུས་འཁོར་གྱི་སྐུ་པར་དང་། སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས། ས་སྐྱ་གོང་མ།  རྒྱལ་བ་ཀརྨ་པ་བཅས་ཀྱི་སྐུ་པར། སོ་སོས་རྒྱ་གར་གནས་ཆེན་ཁག་ཏུ་བརྒྱབ་པའི་པར། ངྷ་ས་སྨན་རྩིས་ཁང་ནས་ཉོས་པའི་རིན་ཆེན་རིལ་བུ་དང་བོད་སྨན། སྨན་རྩིས་ཁང་གི་སྐྲ་སྨན་དང་སྐྲ་སྣུམ། ངོ་སྣུམ། དེ་བཞིན། དུས་དབང་གི་རྩྭ་ཀུ་ཤུ་དང་སངས་རྒྱས་ཀྱི་རྟེན་སྐུ། མ་ཎི་རིལ་བུ། གནས་ཆུང་ཕྱག་གནས། རྡོར་གདན་ནས་ཉོས་པའི་ཕྲེང་བ།དུང་། ཇ་དམ། གྱོན་ཆས་གསར་པ། དཔེ་དེབ་སོགས་རྒྱ་གར་ནས་འཁྱེར་ཡོང་བའི་ཅ་དངོས་རྣམས་གཅིག་ཀྱང་མ་ལུས་པར་བཙན་འཕྲོག་བྱས་འདུག་ལ། གཞན། བོད་མི་ཆོས་ཞུ་བའི་ལམ་བར་གྱི་ཁ་ཟས་རྩམ་པ་དང་མར། ཆུར་བའི་ཁུག་མ་སོགས་ཀྱང་གྲིས་གཤགས་ཏེ་སྔོག་བཤེར་བྱས་ཡོད་འདུག

གསར་འགོད་པས་བཙོན་ཟུར་ཕུན་ཚོགས་སྒྲོལ་མ་ལགས་སུ་རྒྱ་དམག་གིས་བོད་མི་ཆོས་ཞུ་བའི་ཅ་དངོས་བཙན་འཕྲོག་བྱས་པ་ཐེངས་དང་པོ་ཡིན་མིན་སྐོར་དྲིས་སྐབས་ཁོ་མོས་བརྗོད་དོན།“ གནམ་གྲུའི་ནང་འགྲོ་མཁན་གྱི་གནས་སྟངས་སྐོར་གང་ཡང་ཤེས་རྟོགས་བྱུང་མ་སོང་། ཐེངས་འདིར་རླངས་འཁོར་ནང་འགྲམ་བརྒྱུད་དེ་འགྲོ་མཁན་ཞིག་ཡིན་ན། ཅ་དངོས་ཚང་མ་འཕྲོག་གི་ཡོད་ཚོད་རེད། བོད་དུ་ལོག་མ་ཐག་པའི་ངའི་སྤུན་མཆེད་ཀྱིས་བཤད་ན། ཁོང་ཚོ་ས་མཚམས་འགྲམ་གྱི་དམག་སྒར་ཞིག་ཏུ་འབྱོར་སྐབས། རྒྱ་ནག་ཉེན་རྟོག་པས་ཅ་དངོས་མང་པོ་ཁང་པ་ཞིག་གི་ནང་སྤུངས་ཏེ་བཞག་འདུགདེ་ཚོ་རྒྱ་གར་ནས་ཕྱིར་ལོག་མཁན་གྱི་བོད་མི་ཚོའི་ཅ་དངོས་རེད་ཅེས་བརྗོད་སོང་ཟེར།”  

ཡང་གསར་འགོད་པས་ད་ལྟའི་ལྷ་ས་གྲོང་ཁྱེར་གྱི་གནས་སྟངས་སྐོར་དྲིས་པར། ཁོ་མོས་བོད་ནང་ཕྱིར་ལོག་མཁན་གྱི་ཆོས་ཞུ་བ་ཞིག་གིས་རྒྱ་དམག་གིས་བོད་མིའི་ཅ་དངོས་འཕྲོག་དགོས་དོན་སྐོར་ལ། “ ད་ཆར་ལྷ་ས་གྲོང་ཁྱེར་ནང་སྔོན་དང་མ་འདྲ་བར་དམ་དྲག་ཆེན་པོ་བྱེད་ཀྱི་འདུག ལམ་གྱི་བཞི་མགོ་ཁག་ཏུ་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་འདུག་ལ། དམག་མིའི་རྣམ་འགྱུར་ཡང་ཧ་ཅང་རྩུབ་པོ་འདུག་ཟེར། ད་ལོར་བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོར་བོད་གཞུང་སྣེ་ལེན་ཁང་གིས་སྣེ་ལེན་ཡག་པོ་བྱས་པ་དང་། རྡོ་རྗེ་གདན་དུའང་བཀའ་ཁྲི་བློ་བཟང་སེང་གེ་གཙོས་པའི་བཙན་བྱོལ་བོད་གཞུང་གི་མགོ་ཁྲིད་ཚོས་ང་ཚོར་བཀའ་སློབ་ལམ་སྟོན་གནང་ཡོད་སྟབས། ཁོང་ཚོ་དེར་མ་དགའ་བ་ཡིན་ས་མ་རེད་ཟེར། ད་ལྟ་གཞི་ནས་བོད་དུ་ལོག་བཞིན་པའི་བོད་མི་ཚོས་ས་མཚམས་སུ་འཕྲད་ཀྱིན་པའི་དཀའ་ངལ་འདི་དག་ཤེས་པའི་ཐོག བོད་དུ་ལོག་ཐུབ་པ་ཞིག་སོ་སོའི་གྲ་སྒྲིག་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་། ” ཞེས་བརྗོད་སོང་།

བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ད་ལོར་བོད་ནས་དུས་འཁོར་དབང་ཆེན་ཞུ་རུ་ཕེབས་མཁན་བོད་མི་ ༡༢༠༠༠ ཙམ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༡༡ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 5

  1. འབྲོག་པ་རྣལ་མ། says:
    ལོ་ 15 སྔོན།

    ཨ་ཁ་རྒྱ་རོ་དེ་འདྲའི་སྡུག་རྩུབ་ལ་ཨང་། བོད་མིའི་ལས་ངན་ག་རེ་བསགས་པ་ཡིན་ན། བླ་མ་མཁྱེན། བླ་མ་མཁྱེན།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ཆབ་བྲག་ལྷ་མོ་སྐྱབས། བཟང་གི་ཡ་ཞེས་པའི་ཚིག་འདི་ཧ་ཅང་ཐལ་དྲགས་མི་འདུག་གམ། སོ་སོ་རང་ཉིད་ལ་མཛུབ་མོ་བཙུགས་དང་། རང་གི་སྲོག་དང་བསྡོས་ཏེ་འབད་པས་སྒྲུབ་པའི་བྱིན་རྟེན་ཁག་རྒྱ་དམར་གྱིས་བཙན་ཕྲོག་བྱས་ན་ག་འདྲ་ཡོང་ས་རེད།
    ཁ་རྐྱང་རྐྱང་བཤད་ནས་སྡོད་མཁན་གྱི་བཙན་བྱོལ་བ་ཁྱོད་འདྲ་བོ་ལ་སྙིང་པོ་ཅི་འདུག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་་། ཁོང་ཅག་གི་ཅ་དངོས་དག་འཕྲོགས་ན་ཡང་དད་སེམས་དང་བོད་མིའི་ལ་རྒྱ་ནམ་ཡང་འཕྲོག་མི་ཐུབ། ་་་་ཟེར།
    ཁོང་ཅག་གི་ཅ་དངོས་དག་འཕྲོགས་ན་ཡང་དད་སེམས་དང་བོད་མིའི་ལ་རྒྱ་ནམ་ཡང་འཕྲོག་མི་ཐུབ།
    ཁོང་ཅག་གི་ཅ་དངོས་དག་འཕྲོགས་ན་ཡང་དད་སེམས་དང་བོད་མིའི་ལ་རྒྱ་ནམ་ཡང་འཕྲོག་མི་ཐུབ།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཐེངས་འདིར་བོད་ནས་ཆོས་ཞུ་མང་ཙམ་ཕེབས་ཐུབ་པར་ཧ་ཅང་དགའ་བོ་བྱུང། ཁོང་ཅག་གི་ཅ་དངོས་དག་འཕྲོགས་ན་ཡང་དད་སེམས་དང་བོད་མིའི་ལ་རྒྱ་ནམ་ཡང་འཕྲོག་མི་ཐུབ། ཅ་དངོས་སྔོག་བཤེར་དང་འཕྲོག་པ་འདི་ཡང་ཁོ་ཚོ་ཅི་ཙམ་ཞིག་སྐྲག་གིན་ཡོད་པའི་རྟགས་རེད། དོན་མེད་དགྲ་བསགས་པ་རེད། བཟང་གི་ཡ། མུ་མཐུད་དེ་བོད་མི་དམངས་ལ་ངོ་རྒོལ་གྱི་སྤོབས་སེམས་བསྐྱེད་དང་ང་ཚོའི་ཆིག་སྒྲིལ་གྱི་འདུ་ཤེས་དང་ཞེ་འཁོན་དང་ངོ་རྒོལ་ལ་ཧ་ཅང་ཕན་ནོ།
    ཆོས་ཞུ་བ་ཚོས་ཅ་དངོས་བརླགས་སོང་ན་ཡང་ཡིད་བཞིན་ནོར་བུའི་བཀའ་སློབ་ལམ་སྟོན་དག་ཡིད་ལ་དམ་པོར་བཟུང་ཡོད་ངེས། དེ་དག་གཅིག་ནས་གཉིས་བརྒྱུད་ཁྱབ་སྤེལ་གྱིས་ལག་ལེན་གང་ཐུབ་གནང་རྒྱུ་བྱུང་ན། ཁྱེད་ཅག་ཚང་མ་ཡིད་བཞིན་ནོར་བུའི་གསུང་གི་ཕོ་ཉ་བ་ཆགས་པ་རེད།

    Reply
  5. གནམ་ལྕགས། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་ཟེར་བ་ལས་དགུ་བཅུ་གསུམ་ཚོགས་པའི་ཟེར་ན་ཅུང་འགོད་ནོར་ཐེབས་མེད་འགྲོ ཁོང་མོ་རྒྱུན་ལས་དང་ལས་བྱེད་གང་ཡང་མིན་ན། དེ་ལྟར་བྲིས་ཏེ། རྗེས་སུ་བསྐྱར་ཞིབ་འདྲ་གཏོང་དགོས་ཚེ། ཁུངས་མེད་ལྟ་བུར་ཆགས་མི་འགྲོའམ།

    གལ་སྲིད་མི་ཞིག་གིས་གནས་ཚུལ་འདིའི་སྐོར་དགུ་བཅུ་གསུམ་ལ་དྲིས་ཚེ། དགུ་བཅུ་གསུམ་གྱི་ངོས་ནས་ཁུངས་མེད་ལྟ་བུར་ཆགས་པ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese