མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་དགོས་འདུན་ལ་བསམ་ཞིབ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་ཁམས་བྲག་མགོ་གཙོས་བོད་ནང་ལས་འགུལ་རིམ་བྱུང་གི་འབྱུང་རྐྱེན་དང་དགོས་འདུན་བསམ་ཞིབ་བྱ་རྒྱུ་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་དང་གསར་འགོད་པ་དངོས་དོན་རྟོག་ཞིབ་ཏུ་འགྲོ་རུ་འཇུག་དགོས་པའི་འབོད་སྐུལ་གནང་འདུག 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ནང། ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ ཉིན་ཁམས་བྲག་མགོ་རྫོང་ཐོག་ཏུ་བོད་མི་ཚོས་ “ བོད་ལ་རང་དབང་དགོས།” ཞེས་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་མང་ཚོགས་ལ་མེ་མདའ་བརྒྱབ་སྟེ། མི་ཁ་ཤས་བསད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། གནས་ཚུལ་ཡོང་ཁུངས་གཞན་དུ་མི་ ༦ བསད་པའི་གནས་ཚུལ་ཐོན་ཡོད། འདས་གྲོངས་ཕྱིན་པའི་མི་གཅིག་གི་མིང་ལ་ཡོན་ཏན་ཟེར་བ་དང་། མི་སྐྱ་ཡིན་འདུག་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ད་དུང་གསལ་ཁ་མི་འདུག་ལ། གཞན་རྣམས་ཀྱི་གནས་ཚུལ་ད་དུང་རག་སོན་མ་བྱུང་ཞིང་། ས་གནས་སུ་བོད་མི་བརྒྱ་ཕྲག་དུ་མ་འཛིན་བཟུང་བྱས་ཡོད་འདུག དེ་བཞིན། མདོ་སྨད་དྷི་ཚ་དགོན་པའི་དགེ་བཤེས་དགུང་ལོ་ ༤༧ ཅན་ཚུལ་ཁྲིམས་རྒྱ་མཚོ་ལགས་ཆབ་སྲིད་ལ་བསྙད་བཏགས་འཛིན་བཟུང་བཀག་བསྐྱིལ་སྐབས་གཅར་རྡུང་ཚོད་མེད་བཏང་སྟེ། རང་ཁྱིམ་དུ་གློད་གྲོལ་གྱིས་ཟླ་བ་གཉིས་རིང་སྨན་གཏུགས་ཅི་ཙམ་བྱས་ཀྱང་ནད་ངོ་མ་ ཟིན་པར་ཕྱི་ཚེས་ ༢༢ ཉིན་གློ་བུར་རང་ཁྱིམ་དུ་དགོངས་པ་རྫོགས་འདུག  

བྲག་འགོའི་དམར་གསོད་དོན་རྐྱེན་གྱི་དུས་ཚེས་ནི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ཏེ། ལོ་གསར་འཁེལ་ཡོད་པ་དང་། ཕྱི་ལོ་༢༠༠༩ ལོར་བོད་མི་གཅིག་དང་། ༢༠༡༡ ལོར་བོད་མི་ ༡༢ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ཟླ་ངོ་ཁ་མ་གང་བའི་དུས་ཚོད་ནང་བོད་མི་བཞི་ཡིས་སྔ་རྗེས་སུ་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་ཡོད་ཅིང་། རྒྱ་ནག་རྒྱལ་ཡོངས་སུ་ལོ་གསར་གྱི་སྤྲོ་དགར་རོལ་བཞིན་པའི་སྐབས་འདིར། འགོ་ལོག་དར་ལག  རྔ་བ། བྲག་འགོ་སོགས་སུ་དྲག་ཆས་ཉེན་རྟོག་པ་དང་དམག་མིའི་དམ་དྲག་གིས་སྲོག་ནམ་འཕྲོག་མི་ཤེས་པའི་འཇིགས་དངངས་འོག་ལུས་ཡོད། ཅེས་བཀོད་ཡོད་པ་དང་།

ཡང་གསལ་བསྒྲགས་ནང་། གང་ན་གཉའ་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོང་རྒྱུ་ཡིན་པ་ཆོས་ཉིད་ཡིན་ཞིང་། ད་ལྟའི་ཆར་རྒྱ་གཞུང་གི་བྱེད་བབ་ནི། འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དང་། རྒྱ་ནག་གི་རྩ་ཁྲིམས་ལ་ལྟོས་མེད་ཀྱིས། དྲག་གནོན་འབུར་འཇོམས་བྱེད་རྐྱང་དང་། བོད་མི་ངོ་རྒོལ་བྱེད་མཁན་གང་ན་སུ་བྱུང་ལ་བསད་བཟུང་བྱེད་པ་མ་ཟད། ད་དུང་དེ་དག་གི་མི་གཤིས་ལ་དམའ་འབེབས་དང་། བསྙོན་འཛུགས་ཅི་རིགས་ཀྱིས་ཞི་རྒོལ་དོན་རྐྱེན་གྱི་ངོ་བོ་ཁ་བསྒྱུར་གྱི་བྱེད་སྟངས་སྐྱུག་བྲོ་བོ་ཞེ་ཅིག་རྩོམ་བཞིན་ཡོད། ད་ནི་རྒྱ་གཞུང་གིས་ད་བར་ཞི་རྒོལ་ལས་འགུལ་རིམ་བྱུང་གི་འབྱུང་རྐྱེན་ལ་གཟུ་བོའི་སྒོ་ནས་བརྩད་ཞིབ་དང་། བོད་མིའི་ཁྲིམས་མཐུན་ལུགས་མཐུན་གྱི་དགོས་འདུན་ཁག་ལ་བསམ་ཞིབ་བྱ་རྒྱུའི་དུས་ལ་བབས་ཡོད་པ་དང་། དེའི་ཆེད་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་དང་གསར་འགོད་པ་སོགས་ས་གནས་སུ་དངོས་དོན་རྟོག་ཞིབ་ཏུ་འགྲོ་རུ་འཇུག་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་དང་།རང་དབང་ཡུལ་གྲུའི་རྒྱལ་ཁབ་ཁག་ནས་རྒྱ་གཞུང་ལ་བོད་མིའི་ཐོག་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱ་ནག་གི་རྩ་ཁྲིམས་སུ་འགན་ལེན་བྱས་པའི་ཐོབ་ཐང་ཁག་ལག་ལེན་དོན་འཁྱོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 5

  1. ནད་པ says:
    ལོ་ 14 སྔོན།

    མི་གཅིག་ནས་དྲུག་བར་བསད་པའི་དབང་དུ་བཏང་ཡང་ཧ་ཅང་གི་ཉུང་ཞིག་བསད་པ་རེད། དེ་མིན་མི་༣༦ ཙམ་ལ་རྨས་སྐྱོན་ཕོག་པ་དེ་ཡང་གྲངས་ཀྱི་ཆ་ནས་ཉུང་ཉུང་ཞིག་ཡིན།

    སྔོན་མ་ལོ་རབས་༨༠ ནང་ཐང་ཆེན་སྟེང་དུ་སློབ་ཕྲུག་སྟོང་ཕྲག་དུས་གཅིག་ཏུ་བསྡེབས་བསད་བཏང་མྱོང་ཡོད་པ་དེ་ཡིད་ལ་དྲན་དགོས།

    ཤ་དང་རུས་པའི་འབྲེལ་ཐག་དམ་པོར་བཅིངས་པའི་སྤུན་ཟླའི་མི་རིགས་ཚོས་ངེས་པར་དུའང་བདེ་འཇགས་ལ་དོ་སྣང་དང་། སློབ་སྦྱོང་ལ་དོ་སྣང་། དཔལ་འབྱོར་ལ་དོ་སྣང་བཅས་བྱེད་དགོས། ད་དུང་དེ་བས་ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ་ཤེས་དཔལ་ལྡན་པའི་བོད་ལྗོངས་གསར་པ་ཞིག་འཛུགས་སྐྲུན་བྱེད་དགོས།

    དེ་མིན་ད་ལྟའི་འཛམ་གླིང་དང་རྒྱ་ནག་གི་གནས་བབ་སོགས་ཕྱོགས་གང་ས་ནས་བལྟས་ཀྱང་ང་ཚོར་འགྲོ་ལམ་གྱི་ལམ་ཁ་གཞན་ཞིག་གདམས་ཁ་བྱེད་ནུས་པའི་དུས་བབ་ལ་སླེབས་མེད།

    ཤི་བ་ལས་གསོན་པ་དེ་རླབས་ཆེ་ལ་ན་བ་ལས་བདེ་ཐང་དེ་གཟི་བརྗིད་ཆེ་བ་ཡོད་ཙང་བོད་མི་ཚང་མས་བློ་སེམས་གཅིག་ཏུ་སྤྲེལ་ཏེ་བདེ་འཐགས་ལ་དོ་སྣང་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་ཐུབ་དགོས།

    དེི་ནི་ང་ཚོའི་རྒྱལ་ཁ་ཡིན་ལ་ང་ཚོའི་ཚེ་སྲོ་ཀྱང་ཡིན། ལ་རྒྱ་དང་རྒྱལ་གཅེས་པ་ཞིག་ཡིན་པའི་དབང་དུ་བཏང་ཚེ་ཐ་གཅིག་ཏུ་རང་སྲོག་བློས་བཏང་བྱེད་དགོས་པའི་ངེས་པ་གཏན་ནས་མེད།

    ཤི་བ་ལས་གསོན་པ་རླབས་ཆེ་ལ་རྨས་པ་ལས་བདེ་ཐང་གཟི་བརྗིད་ཆེ་བ་ཡིན་སྟབས་ཚང་མས་ཚེ་སྲོག་གི་ལ་གཅེས་སྤྲས་བྱེད་ཐུབ་པ་ཙམ་གྱིས་ང་ཚོའི་རྒྱལ་ཁ་དང་མངོན་འདོད་ཡིན།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    བྱས་ཙང་། མི་མང་གི་འཐུས་ཚབ་རེད་པཱ། མི་མང་གིས་ག་ཚོད་ཅིག་མྱང་གིན་འདུག ཡང་གཞུང་གི་ལང་ཕྱོགས། ཅིག་ཅིག་རེད་ལབ་ཀྱི་ཡིན་པས། སྐུ་མཁྱེན། མགྱོགས་པོར་ཡར་གཏུགས་མར་གཏུགས་ཞིག་བྱེད་རོགས་གནོངས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འབོད་བསྐུལ་ཞོར་དུ། ལས་འགུལ་རྩོམ་དགོས་པ་མིའདུག་གམ། ལས་བྱེད་ཚོར།

    Reply
  4. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རེད. གྲོས་ཚོགས་ནས་ཀྱང་བོད་མི་མང་གི་དགོས་འདུན་ལ་དགོངས་བཞེས་ཀྱིས་རྒྱལ་སྤྱིའི་སྟེང་ནས་རྒྱ་དམར་ཁེེ་རྐྱང་དུ་འཇོག་པའི་ལས་རིགས་སྤེལ་དགོས་ངེས་ཚད་ལ་སླེབས་འདུག
    མ་ཟད་ཕྱི་བོད་གང་སུ་ཡོད་ཚང་མས་རང་ཐད་ནས་ལུས་དང་ལག་འགུལ་བའི་་ལས་རིགས་སྤེལ་རྒྱུ་བྱེད་ཡ།

    Reply
  5. ནད་པ says:
    ལོ་ 14 སྔོན།

    ད་བར་འབོད་བསྐུལ་བྱས་ནས་ལོ་ ༥༠ ཕྱིན་པ་རེད། ད་དུང་འབོད་བསྐུལ། འབོད་བསྐུལ། འབོད་བསྐུལ་ཟེར་ན་ཅི་རེད། ཨ་རོ། ད་རྒྱ་རྒོལ་ཆེད་ལས་འགུལ་འདྲ་སྤེལ་རྒྱུ་དྲན་ནི་མ་རེད་པས།

    ཁ་དང་ལག་པ་ཏོག་ཙམ་འགུལ་བསྐྱོད་བྱས་ན་ཨ་དྲག་ལྟ་དགོས་རེད། ཁ་རྐྱང་རྐྱང་བཤད་ནས་བསྡད་ན་འགྲིག་ཐབས་མིན་འདུག་གྰ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese