མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མ་གསུམ་གྱི་ལྕཊ་རྟ་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་སློབ་ཕྲུག་གསུམ་གྱིས་བོད་དོན་དྲིལ་བསྒྲགས་ཆེད། ཟླ་གཅིག་རིང་གི་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གོལ་པར་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚེ་ལོ་རྒྱལ་དང་ཀླུ་མགོན་ཐར། རྒྱལ་མཚན་གསུམ་གྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་མགོ་འཛུགས་ཀྱིས་ཟླ་གཅིག་རིང་བོད་དོན་ཁྱབ་བསྒྲགས་ཆེད་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་འདུག རྐང་འཁོར་སྐོར་སྐྱོད་པ་ཚེ་ལོ་རྒྱལ་གྱིས་ཁ་པར་བརྒྱུད་དུས་བབ་གསར་ཁང་ལ་བརྗོད་ན། ཁོང་ཅག་གིས་འདི་ལྟར་ལས་འགུལ་སྤེལ་དོན་ནི། བོད་ནང་གི་ཛ་དྲག་གནས་བབ་དང་བོད་མིའི་དཀའ་སྡུག་གནས་སྟངས། ལྷག་པར་དུ་ཉེ་ཆར་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་དག་འཛམ་གླིང་གི་སྡིངས་ཆར་སྐྱེལ་ཆེད་དང་། རྒྱ་གཞུང་གིས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་རྫུན་མ་བྱས་ཏེ། བོད་ནང་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བདེ་འཇགས་ཡོད་ཚུལ། ལྷག་པར་དུ་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེ་དག་༧གོང་ས་མཆོག་དང་ཕྱི་སྡོད་བོད་མིའི་ངལ་སྐུལ་ཡིན་ཚུལ་གྱི་འཁྱོག་བརྗོད་དེ་དག་ལ་ར་སྤྲོད་ཆེད་ཡིན་འདུག

རྐང་འཁོར་སྐོར་སྐྱོད་པ་དག་གི་དགོས་འདུན་དང་འབོད་སྐུལ་ཁག་ཅིག་ཞུས་ཡོད་པ་དག་ནི། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་མཉམ་དུ་དོན་དམ་གྱིས་གྲོས་མོལ་མགོ་འཛུགས་བྱ་དགོས་པ་དང་། ༧གོང་ས་མཆོག་ཕྱིར་བོད་དུ་གདན་འདྲེན་ཞུ་དགོས་པ། རྒྱའི་བཙོན་འོག་ཏུ་ཡོད་པའི་ཉེས་མེད་བོད་མི་རྣམས་འཕྲད་དུ་ཀློད་གྲོལ་གཏོང་དགོས་པ། རྒྱ་གཞུང་གི་དྲག་ཆས་དམག་མི་རྣམས་འཕྲལ་དུ་བོད་ནས་ཕྱིར་འཐེན་བྱ་དགོས་པ་བཅས་རེད། དེ་བཞིན་ཁོང་ཅག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་རང་དབང་ཞིབ་བཤེར་པ་བོད་ནང་ཆེད་གཏོང་བྱ་དགོས་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་ཡན་ལག་ལས་ཁུངས་བོད་ནང་འཛུགས་དགོས་པ་བཅས་ཀྱི་འབོད་སྐུལ་འོག་ས་གནས་ཁག་ཏུ་མཚན་རྟགས་བསྡུ་རུབ་ཀྱང་བྱེད་བཞིན་ཡོད་འདུག

རྐང་འཁོར་སྐོར་སྐྱོད་པ་དག་གིས་འགྲེམས་སྤེལ་ཞུ་བཞིན་པའི་ཡིག་ཆའི་ནང་། བོད་ནང་གི་བོད་མི་ཚོས་ཞི་རྒོལ་བྱས་དོན། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དྲང་སྙོམས་མིན་པ་མ་ཟད། ནམ་རྒྱུན་བོད་མི་ཚོར་མཐོང་ཆུང་དང་མི་རིགས་དབྱེ་འབྱེད། མི་སྤྱོད་ལས་འདས་པའི་དྲག་གནོན་ལག་བསྟར་བྱས་ཏེ། བོད་རྒྱ་མི་རིགས་བར་འཁོད་སེམས་དང་། སྤྱི་ཚོགས་གཉིས་འགལ་བ་སློང་བཞིན་ཡོད་པ་དང་། ༧གོང་ས་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མིན་པར། བོད་མི་རིགས་ཀྱི་མཚོན་རྟགས་ཞིག་ཡིན་པས། རྒྱ་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨོད་བྱེད་པ་དེས་བོད་མིའི་ཆེ་མཐོང་ལ་བརྩི་བཀུར་མ་བྱས་པ་ཡིན་ཚུལ་སོགས་བཀོད་འདུག

དེ་རིང་ཁ་པར་བརྒྱུད་ཁོང་ཚོར་འབྲེལ་བ་བྱས་སྐབས། ད་ལྟ་ཁོང་ཅག་མེ་སོར་(Mysore) གྲོང་ཁྱེར་དུ་བསླེབས་ཏེ། ས་གནས་གཞོན་ནུ་དང་བུད་མེད་ཀྱི་གོ་སྒྲིག་འོག ས་གནས་རྒྱ་གར་གསར་འགོད་པར་ཐུག་འཕྲད་དང་། མི་མང་ལ་མཚན་རྟགས་བསྡུ་རུབ་སོགས་བྱེད་བཞིན་ཡོད་འདུག མེ་སོར་ནས་བྷང་ལོར་དང་ཅི་ནཱ་ཡེ། གྷོ་ཝ། པུ་ནེ། མུམ་བྷ་ཡེ་སོགས་བརྒྱུད་ཟླ་གཅིག་ནང་ལྡི་ལིར་འབྱོར་རྒྱུ་ཡིན་སྐོར་བརྗོད།

རྐང་འཁོར་སྐོར་སྐྱོད་པ་ཚེ་ལོ་རྒྱལ་ལགས་ནི་ལོ་སྔོན་མར་ཡང་རྒྱ་གར་ནང་བོད་སྐད་ཡིག་སྐོར་ལ་རྐང་འཁོར་སྐོར་སྐྱོད་ཅིག་གནང་ཡོད་ཅིང་། ཁོང་གིས་ “ཉེ་ཆར་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་བྱུང་སྟབས། གུང་སེང་དང་བསྟུན་ནས་བསྐྱར་དུ་ལས་འགུལ་འདི་སྤེལ་པ་ཡིན། ང་ཚོས་བོད་ནང་གི་གནས་སྟངས་དང་བོད་དོན་ཁྱབ་བསྒྲགས་ཙམ་ལས་གཞན་གང་ཡང་བྱེད་ཐུབ་མི་འདུག ”ཟེར།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

མཆན། 7

  1. sangkye says:
    ལོ་ 14 སྔོན།

    ངའི་སྤུན་ཟླ་ཚེ་ལོ་རྒྱལ་དང་ཀླུ་མགོན་ཐར་རྒྱལ་མཚན་གསུམ་གྱིས་བོེད་མི་རིགས་གྱིས་སྤྱིའི་དཀའ་ངལ་སེལ་ཐུབ་དང་ནང་གི་སྡུག་སྔལ་སེལ་ ཆེད་ཁོང་ཚོས་ལས་ཀ་འདི་ལྷག་བསམ་རྣམས་དག་གི་བྱ་བ་བྱེད་པ་འདི་ལ་བར་ཆད་མེད་པའི་སྨོན་འདུན་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། སེམས་ཤུགས་མ་ཆད་སེམས་ཤུགས་མ་ཆད། གྲོགས་པོ་ལགས།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ᫙རྒྱང་མིག་ལགས་ཀྱིས་《མོ་ཌ་སེ་ཀ་》ལ་<<འཕྲུལ་རྟ>>ཟེར་གྱིན་ཡོད་པ་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ། འོན་ཀྱང་ངས་《མོ་ཌ་སེ་ཀ་》ལ་<<འཕྲུལ་རྟ>>ཟེར་གྱིན་མ་རེད་ཟེར་གྱིས་མེད། བོད་པའི་སྤྱི་ཚོགས་ནང་ཐ་སྙད་གསར་པ་རྣམས་གཅིག་མཐུན་ཞིག་བྱུང་ན་ཡག་པོ་རེད་ཟེར་གྱིས་ཡོད།

    Reply
  3. རྒྱང་མིག says:
    ལོ་ 14 སྔོན།

    བཟོད་པ་ལྷ་རྩེ་ལགས་《མོ་ཌ་སེ་ཀ་》ལ་<<འཕྲུལ་རྟ>>ཟེར་གྱིན་ཡོད་པ་རེད།

    Reply
  4. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    ཁ་སང་དེ་རིང་གི་ངེད་བོད་པ་ཚང་གི་མིག་མཆུ་དང་ན་ཟུག་གི་ཉིན་མཚན་ཁྱེད་རྣམ་པས་འདི་ལྟར་བསུ་དུས་སེམས་ནས་དགའ་སྐྱོ་འདྲེས་མའི་ཚོར་འདུ་ཞིག་དང་སྙིང་སྟོབས་ཤིག་ཕེར་ཡོང་གི ཁྱེད་ཚོའི་ལས་དོན་ལ་བར་ཆད་དང་ངན་འགག་མེད་པར་ཡིད་སེམས་ལྟར་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་བསྔགས་བརྗོད་གྲངས་མེད་ཞུ

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    རྐང་འཁོར་དང་ལྕགས་རྟ་གཉིས་ལ་ཁྱད་པར་ཅུང་ཡོད་ན་བསམ། 《མོ་ཌ་སེ་ཀ་》ལྕགས་རྟ་དང་《སེ་ཀ》ལ་རྐང་འཁོར་གྱི་ཐ་སྙད་གཅིག་སྒྱུར་ཞིག་གནང་བ་ཡིན་ན་ཡག་པོ་མེད་དམ།

    Reply
  6. ཤིང་ལོ། says:
    ལོ་ 14 སྔོན།

    སེམས་ཡོད་ན་ལས་འགུལ་སྤེལ་རྐྱང་ཡིན།།
    བུ་ཡིན་ན་འཛམ་གླིང་སྐོར་རྐྱང་ཡིན།།
    མིག་ཡོད་ན་བོད་ཀྱི་ཡུལ་ལ་ལྟོས།།
    རྣ་ཡོད་ན་མེ་མདའི་སྐད་ལ་ཉོན།།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལྕགས་རྟ་ཟེར་ན། རྐང་འཁོར་ལ་ཟེར་བགྱིད་ཡོད་པེ། ཨ་ལེ། གསེར་རྟ་དང་། དངུལ་རྟ། ཟངས་རྟ་ག་དུས་བཟོ་ཐུབ་བགྱི་རེད། ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese