མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱའི་བཙོན་འོག་གི་རྒོད་པད་ལགས་ཀྱི་གནས་སྟངས་དངོས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp


ལོ་འགའི་གོང་ཁམས་དཀར་མཛེས་ཁུལ་གྱི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ལོ་གསར་མི་གཏོང་བ་དང་ས་ཞང་མི་འདེབས་པ་སོགས་བྱས་སྐབས། རྒྱ་དམག་གིས་ཉག་རོང་བླ་བྲང་གྲོང་ཚོའི་མི་མང་ཐོག་མེ་མདའ་བརྒྱབ་སྟེ་རྒོད་པད་ལགས་ཀྱི་གཟུགས་པོའི་སྟེང་མདེའུ་ ༩ ཕོག་སྟེ་རྐང་པ་ཡ་གཅིག་གཅོད་དགོས་བྱུང་ཡོད་པ་མ་ཟད། ད་ལྟ་མུ་མཐུད་བཙོན་འོག་ཏུ་དཀའ་སྡུག་མྱོང་བཞིན་ཡོད་འདུག
 

རྡོར་གདན་དུས་དབང་སྐབས་བོད་ཀྱི་དུས་བབ་འཕྲལ་སེལ་ལས་ཁུངས་ལ། བོད་ནས་ཕེབས་པའི་ཆོས་ཞུ་བ་མིང་བརྗོད་འདོད་མེད་མཁན་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་པ་ལྟར་ན། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་མང་ཆེ་བའི་ནང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་བོད་མི་མང་པོ་དམར་གསོད་དང་བཙོན་འཇུག་བྱས་ཡོད་པ་ལྟར། ༢༠༠༩ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་འོག་གི་གྲོང་ཚོ་མང་པོ་ཞིག་གིས་སྔར་ལོ་འདས་གྲོངས་སུ་ཕྱིན་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད། ལོ་དེའི་ལོ་སར་མི་གཏོང་བ་དང་ས་ཞིང་འདེབས་ལས་མི་བྱེད་པ་སོགས་བྱས་ཡོད།

 

ཉག་རོང་བླ་བྲང་གྲོང་ཚོའི་མི་མང་གིས་རྒྱ་གཞུང་གིས་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་དང་བོད་མིའི་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་མ་བཏང་ཚེ། མུ་མཐུད་ས་ཞང་འདེབས་ལས་མི་བྱེད་པར་མ་ཤི་བར་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་སྟབས། ལོ་དེའི་ཕྱི་ཟླ་ ༤ པའི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་རྒྱ་ནག་གི་ཉེན་རྟོག་པ་ ༢༠ ཙམ་དང་དམག་མི་རླངས་འཁོར་ ༢༠ ཙམ་གྲོང་ཚོ་དེར་ཡོང་སྟེ་བོད་མི་མང་པོ་འཛིན་བཟུང་དང་གང་བྱུང་དུ་གཅར་རྡུང་བྱས་ཡོད་སྟབས། བོད་མི་མང་ཆེ་བ་ཡར་མར་བྲོས་ཡོད་ཀྱང་རྒོད་པད་ཞུ་བའི་སྡེ་བའི་མགོ་འཛིན་གཅིག་པུ་ཤུལ་དུ་ལྷག་ཡོད་འདུག 

སྐབས་དེར་ཉེན་རྟོག་པ་ཚོས་རྒོད་པད་ལགས་འཛིན་རྩིས་བྱེད་སྐབས་ཁོང་གིས་རང་ཉིད་བྲོས་མཐར་ཆེད་གྲི་གཡུགས་ཏེ་ཉེན་རྟོག་གཉིས་ལ་རྨས་སྐྱོན་ཕོག་ཡོད་སྟབས། དེ་མ་ཐག་དམག་མི་ཚོས་འཛེམ་ཟོན་མེད་པར་གང་བྱུང་དུ་མེ་མདའ་བརྒྱབ་སྟེ། ཁོང་གི་རྐང་པ་གཡོན་པར་མདེའུ་ ༨ དང་། རྐང་པ་གཡས་པར་མེ་མདེའུ་ ༡ བཅས་ཕོག་ནས་སར་འགྱེལ་ཡོད་པ་དང་། སྐབས་དེར་ཉེན་རྟོག་པ་ཚོས་ཁོང་གི་རྐང་ལག་གཉིས་ལ་ལྕགས་སྒྲོག་བརྒྱབ་ཅིང་རླངས་འཁོར་ནང་བཅུག་སྟེ་ཉག་རོང་རྫོང་བཀག་ཉར་ཁང་དུ་འཁྲིད་ཡོད་འདུག

 

ཉག་རོང་རྫོང་བཀག་ཉར་ཁང་དུ་ནང་མི་གཉེན་འབྲེལ་སུ་གང་ལའང་ཐུག་འཕྲད་བྱེད་མ་བཅུག་པར་ཟླ་ ༣ ལྷག་རིང་གཅར་རྡུང་འདྲི་གཅོད་བྱས་ཡོད་པ་དང་། རྗེས་སུ་ནང་མིར་བརྡ་ལན་དང་ཁྲིམས་རྩོད་པ་སོགས་གང་ཡང་མེད་པར་ལོ་ ༤ ཁྲིམས་ཐག་བཅད་དེ། ཉག་རོང་རྫོང་བཙོན་ཁང་དུ་བཙོན་འཇུག་གིས་ལོ་ ༡ དང་། དེ་ནས་མི་ཉག་བཙོན་ཁང་དུ་གནས་སྤོར་བྱས་འདུག རྒྱ་གཞུང་གིས་ཉག་རོང་བཙོན་ཁང་དང་མི་ཉག་བཙོན་ཁང་དུ་ལོ་ ༢ ལ་བཙོན་འཇུག་བྱས་རིང་ཁོང་གི་རྐང་པར་མེ་མདའ་ཕོག་ཡོད་པའི་མདེའུ་མ་བླངས་བར་བཞག་ཡོད་སྟབས། རྐང་པའི་རྨ་ཁ་རུལ་ཏེ་དཀའ་སྡུག་གང་མང་མྱངས་ཡོད་པ་དང་། རྗེས་སུ་ནང་མི་ཚོས་གནས་ཚུལ་དེ་གོ་རྗེས། རང་ལོ་ ༦༠ ཡས་མས་ཡིན་པའི་ཁོང་གི་ཨ་མར་སྙིང་གི་ན་ཚ་བྱུང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག 

དེ་ནས་ཁོང་གི་ནང་མི་གཉེན་འབྲེལ་ཚོས་བཙོན་ཁང་ལ་རེ་བ་ཡང་ཡང་ཞུས་མཐར་རྒྱ་གཞུང་གི་བཀོད་མངགས་ལྟར། ཁྲིན་ཏུའུ་དམག་མིའི་སྨན་ཁང་ཞིག་ཏུ་སྨན་བཅོས་སུ་འཁྲིད་ཡོད་ཀྱང་། སྨན་ཁང་དེས་རྐང་པ་མ་བཅད་ན་སྲོག་གི་ཉེན་ཁ་ཡོད་ཚུལ་བརྗོད་དེ་རྐང་པ་གཡོན་པ་གཅོད་དགོས་བྱུང་འདུག་ལ། དེའི་ཚབ་ཏུ་རྒྱ་སྒོར་ཁྲི་ ༦ ལྷག་གི་འགྱིག་གི་རྐང་པ་རྫུས་མ་ཞིག་བཟོས་ཡོད་འདུག སྨན་བཅོས་གྲུབ་རྗེས་ཉེན་རྟོག་པས་ཁོང་ཕྱིར་མི་ཉག་བཙོན་ཁང་དུ་འཁྲིད་ཡོད་འདུག དེང་སྐབས་ནང་མི་ཚོར་ཐུག་འཕྲད་བྱེད་འཇུག་གི་མེད་ཀྱང་། འབྱུང་འགྱུར་ཟླ་ ༧ གྱི་མཚམས་སུ་ཁོང་གི་དུས་བཀག་བཙོན་འཇུག་གི་དུས་ཡུན་རྫོགས་ཡོད་འདུག

 

མཐའ་མར་ཁོང་ལ། རྒོད་པད་ལགས་དང་ཁོང་གི་ནང་མི། དེ་བཞིན་སྡེ་མི་ཡོངས་ཀྱི་རེ་བ་གཙོ་བོ་ཅི་ཞིག་ཡིན་མིན་དྲིས་པར་ཁོང་གིས། “ རྒོད་པད་ལགས་ད་ལྟ་གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ་ལྷུང་དོན་གཙོ་བོ། ཆུང་ས་ནས་ཉག་རོང་བླ་བྲང་གྲོང་ཚོའི་བོད་རིགས་མི་མང་གི་ཆེད་རེད་ལ། ཆེ་ས་ནས་རྒྱའི་བཙན་འོག་གི་བོད་མི་ཡོངས་ཀྱི་བདེ་སྡུག་ཆེད་རེད། ཡིན་ནའང་ཁོང་རང་ཉིད་ཀྱིས་བློ་འགྱོད་སོགས་གང་ཡང་བྱེད་ཀྱི་མི་འདུག དངོས་ཡོད་གནས་སྟངས་འདི་ཕྱི་ལོགས་སུ་ཁྱབ་བསྒྲགས་བྱ་དགོས་ཀྱི་འདུག་སྙམ་ནས་ངས་ད་ཐེངས་ཆེད་དུ་པར་དང་གནས་ཚུལ་འཁྱེར་ཡོང་བ་ཡིན། ཁོ་རང་གི་རེ་བའང་འདི་རེད། དུས་རྒྱུན་༸གོང་ས་མཆོག་བོད་ནང་ཕེབས་རྒྱུ་དང་། བོད་གཞིས་བྱེས་ལྷན་འཛོམ་ཡོང་རྒྱུ་དེ་རེད། ཁོང་གི་ནང་མི་དང་སྡེ་མང་ལ་མཚོན་ནའང་དཀའ་ངལ་ཅི་ཙམ་འཕྲད་ཀྱང་། སེམས་ནང་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ་དང་། བོད་མི་རྣམས་རྒྱའི་བཙན་འོག་ནས་གྲོལ་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་པ་རེད། གཞི་རྩའི་བོད་གཞིས་བྱེས་གཉིས་ཀྱི་རེ་བ་གཅིག་པ་ཡིན་ཡང་། བྱེས་སུ་སྡོད་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོས་རེ་བ་ངོས་ཟིན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངའི་གནས་ཚུལ་འདི་དག་ཁྱོད་རང་ཚོས་ཁྱབ་བསྒྲགས་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད”ཅེས་བརྗོད་བྱུང་།

རང་ལོ་ ༤༧ ཡིན་པའི་ཆབ་སྲིད་བཙོན་པ་རྒོད་པད་ལགས་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཐང་སྐྱིད་ཞང་བླ་བྲང་གྲོང་ཚོ་ནས་ཡིན་ཞིང་། ཆུང་དུས་སློབ་གྲྭར་གང་འཚམ་ཕྱིན་རྗེས་བླ་བྲང་གྲོང་ཚོའི་མི་མང་གི་མགོ་ཁྲིད་གནང་ཡོད་པ་དང་། ས་གནས་དེ་གའི་གྲོང་མི་ཡོངས་ཀྱིས་ཧ་ཅང་བརྩི་བཀུར་ཞུ་ཡུལ་གྱི་མགོ་ཁྲིད་བཟང་པོ་ཞིག་ཡིན་འདུག ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་སྐབས་དཀར་མཛེས་ས་ཁུལ་ནས་ཀྱང་རྒྱ་གཞུང་ལ་ངོ་རྒོལ་སྣ་ཚོགས་བྱས་སྟབས། ༢༠༠༩ ལོར་ཁོང་རྒྱའི་བཙོན་འོག་ཏུ་ཚུད་དེ་ ༣ གྱི་ཁྲིམས་ཆད་མྱོང་བཞིན་ཡོད། ད་ཆར་ཁོང་གི་ཤུལ་དུ་ཆུང་མ་དང་བུ་མོ་གཉིས་བཅས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༥ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 6

  1. ནད་པ says:
    ལོ་ 15 སྔོན།

    ད་ལྟའི་འཆར་ས་སྟེང་འདིར་སྲོག་ཆགས་ཀྱི་ནང་ནས་གཟུགས་སྟོབས་ཆེ་ཤོས་དེ་གླང་ཆེན་རེད། གཟུགས་སྟོབས་ཆུང་བའི་སྲོག་ཆགས་ཙི་ཙི་ཆུང་ཆུང་ཙི་ཙི་རེད།
    ཙི་ཙིས་གླང་ཆེན་ལ་སོ་བརྒྱབ་པ་དང་། སྐད་རྒྱག་པ། གླང་ཆེན་གྱི་སྟེང་དེ་ཡར་འཛེགས་རྒྱུགས་སོགས་ཅི་བྱས་ཀྱང་གླང་ཆེན་ལ་སྲོག་ཕར་བཞག་ལུས་ལའང་དེ་ཙམ་གྱིས་གནོད་སྐྱོན་མེད།

    ཡིན་ནའང་གླང་ཆེན་གྱི་རྐང་པས་བརྫིས་ཐེངས་གཅིག་གིས་ཙི་ཙིའི་སྲོག་ལ་གནོད་པ་ཚབས་ཆེན་བཟོ་ཐུབ་པ་རེད། ད་དུང་གཡས་གཡོན་དུ་ཙི་ཙི་གང་ཙམ་ཞིག་ཡོད་ནའང་གླང་ཆེན་ལའང་སྐྲག་སྣང་ཅི་ཡང་མེད།

    དེ་ནི་ཁོ་རང་ད་ལྟའི་འཆར་སྟེང་འདིའི་ཐོག་ཏུ་རང་ཉིད་སྟོབས་ཆེན་ཡིན་པ་དེ་ངོམ་བཞིན་ཡོད། ཙིཙིའི་ངོས་ནས་བཤད་ན་རང་ཉིད་ས་འོག་ཏུ་ཁུམ་བུའི་ནང་དུ་སྡོད་མཁས་པ་དང་། བཟའ་མཁས་པ། འགྲོ་མཁས་པ་བཅས་མཁས་པ་གསུམ་གྱི་གནད་ལུགས་དེ་ངེས་པར་དུའང་ཤེས་དགོས།

    ནམ་ཞིག་ཙི་ཙིའི་རིགས་བརྒྱུད་རྣམས་མང་པོར་འཕེལ་བ་དང་། སྤྱང་གྲུང་འཛོམས་པ། གནད་ལུགས་ལ་མཁས་པ་བཅས་ཀྱི་སྐབས་སུ་དེ་དུས་གླང་ཆེན་དེ་ན་རྒས་ཤིང་གཟུགས་སྟོབས་ཉམས་པའི་སྐབས་དང་བསྟུན་ཏེ་ཙི་ཙིའི་ཁྱུང་ཚོགས་ཀྱིས་དུས་གཅིག་ཏུ་ཕྱོགས་བཞིས་ནས་རུབ་བརྒྱབ་ཏེ་སྟོབས་ཆེན་གྱི་གླང་ཆེད་དེ་བསད་ཐུབ་པའི་གནད་ལུགས་དེ་ཉམ་ཆུང་གི་ཙིཙི་ཆུང་ཆུང་ཚོས་ཤེས་དགོས།

    Reply
  2. པོ་ཏཱ་ལ says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་་་ང་ཚོད་བོད་རྒྱ་གྲོས་མོལ་ཆེད་སྲིད་བློན་བློ་བཟང་སེང་གེ་་རྒྱ་ནག་ཕེབས་དགོས་པའི་འབོད་བསྐུལ་ཞུ་ན་འགྲིག་གི་འདུག་གམ་་་
    ད་ལམ་༧གོང་ས་མཆོག་དངཁོང་མ་གཏོགས་བོད་རྒྱ་གྲོས་མོལ་བྱེད་ཐུབ་མཁན་ཡོད་མ་རེད་་་་དེ་ན་ཁོང་ཕེབས་ཐུབ་ན་ངེས་པར་འབྲས་བུ་ཡོད་རེདདདདདདདད

    Reply
  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    རྒོད་པད་ལགས་གཙོས་རྒྱལ་གཅེས་དཔའ་བོ་དག་ལ་སེམས་བསམ་པའི་གཏིང་ནས་གུས་འདུད་ཞུ། བདེན་པ་རྒྱལ་ལོ།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    ཨ་་་ཨ་་་བྱ་འདི་ཚོ་ཅི་ཞིག་ཡིན་ནམ། དམྱལ་ཁམས་བཟོ་མཁན་རྒྱ་གཞུང་རེད་འདུག ལས་འདི་འདྲ་ཞིག་ང་ཚོས་བསགས་ཨེ་ཡོད་དམ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒོད་པད་ལགས་སུ་སེམས་གཏིང་ནས་གུས་བཀུར་དང་གདུང་སེམས་མཉམ་བསྐྱེད་ཡོད་ལགས།

    Reply
  6. སངྒེ ། says:
    ལོ་ 15 སྔོན།

    རྒོད་པད་ལགས་སུ་སེམས་གཏང་ནས་གུས་བཀུར་དང་གདུང་སེམས་མཉམ་བསྐྱེད་ཞུ། འོན་ཀྱང་འདིས་ཅི་ཕན། གཞན་པར་ལ་བལྟས་ན་ཁོའི་རྐང་བ་གཡོན་མའི་རྨས་སྐྱོན་ཆེ་བ་འདྲ། རྐང་བ་གཡས་གཏུབ་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese