མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གི་སྐུ་ཚབ་ལྷན་དོན་ཕན་ལྡན་པའི་གྲོས་མོལ་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp


ཨ་རིའི་
ཕྱི་སྲིད་མགྲིན་ཚབ་མ་ལྕམ་ནཱ་ལན་ཌི་དང་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་མའེ་རེ་ཨོ་ཊི་རའོ་རྣམ་གཉིས་ཀྱིས་སྔ་ཕྱིར་གསལ་བསྒྲགས་སྤེལ་ཏེ། བོད་ནང་ཛ་དྲག་གནས་སྟངས་ཐད་སྐྱོན་བརྗོད་དང་། དོན་ཕན་ལྡན་པའི་བོད་རྒྱའི་བར་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན། ཨ་རིའི་གཞུང་གི་ཕྱི་འབྲེལ་མགྲིན་ཚབ་པ་ལྕམ་ནཱ་ལན་ཌི་(Victoria Nuland) ལགས་དང་། ཨ་རིའི་མི་དམངས་ཀྱི་བདེ་དོན་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ལས་དོན་དྲུང་ཆེ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབས་ལྕམ་མའེ་རེ་ཨོ་ཊི་རའོ་(Maria Otero)ལགས་རྣམ་གཉིས་ཀྱིས་སྔ་ཕྱིར་གསལ་བསྒྲགས་སྤེལ་ཏེ། ཉེ་ཆར་ལུགས་རྙིང་ལོ་གསར་ཚེས་ ༡ ཉིན་ཁམས་བྲག་མགོ་དང་གསེར་རྟ་བཅས་སུ་བོད་མིས་ཞི་རྒོལ་སྐབས། རྒྱ་དམག་དྲག་ཆས་ཉེན་རྟོག་པས་མང་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ་དམར་གསོད་དྲག་གནོན་བྱས་པའི་ཛ་དྲག་གནས་སྟངས་ཐད། ཨ་རིའི་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་གསལ་འདོན་བྱས་ཡོད་པ་དང་། རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།  

ཨ་རིའི་ཕྱི་འབྲེལ་མགྲིན་ཚབ་པ་ལྕམ་ནཱ་ལན་ཌི་ལགས་ཀྱིས་བརྗོད་དོན། “ང་ཚོས་ཧ་ཅང་བློ་འཚབ་ཆེན་པོའི་སྒོ་ནས་བོད་ནང་མུ་མཐུད་ཛ་དྲག་གནས་སྟངས་འབྱུང་བཞིན་ཡོད་པར་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་ལ། གནས་ཚུལ་དེ་དག་ཁྲོད་ཟི་ཁྲོན་ཞིང་ཆེན་དྲག་ཆས་དམག་མིས་ཞི་རྒོལ་བའི་སྟེང་མེ་མདའ་བརྒྱབ་སྟེ། མི་འགའ་ཤས་དམར་གསོད་དང་། མི་འགའ་ཤས་ལ་རྨས་སྐྱོན་བཟོས་ཡོད་འདུག” ཅེས་བརྗོད་དེ། ཨ་རིའི་གཞུང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བློ་འཚབ་ཆེན་པོ་བྱེད་བཞིན་པ་གསལ་སྟོན་གནང་བ་མ་ཟད།  རྒྱ་གཞུང་གིས་བོད་མིའི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེའི་རྐྱེན་པས།  བོད་ནང་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་མ་ཟད། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་དཀའ་ཉེན་འཕྲད་བཞིན་ཡོད་པར་བརྟེན། བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་དེར་བསྐྱར་ཞིབ་བྱ་དགོས་པ་ནན་བརྗོད་བྱས་འདུག

ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་ལྕམ་མའེ་རེ་ཨོ་ཊི་རའོ་ལགས་ཀྱིས། “ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུན་པ་ཡིན་པའི་ངོས་ནས། ཉེ་ཆར་ཟི་ཁྲོན་ཞིང་ཆེན་དྲག་ཆས་ཉེན་རྟོག་པས་བོད་མི་ཞི་རྒོལ་བའི་ཁྲོད་མེ་མདའ་བརྒྱབ་སྟེ་མི་སེར་དཀྱུས་མར་ཤི་རྨས་དོན་རྐྱེན་བཟོས་པ་དང་། བོད་ནང་མུ་མཐུད་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་ཐད་བློ་འཚབ་བྱེད་བཞིན་ཡོད” ཅེས་བརྗོད་པ་མ་ཟད།  ཉེ་སྔོན་རྒྱ་གཞུང་ལ་འབོད་སྐུལ་ནན་བརྗོད་བྱས་པ་ལྟར།  རྒྱ་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་ཇུས་མུ་མཐུད་ལག་སྟར་བྱས་ཏེ། ཆོས་སྤྱོད་ཀྱི་འཚོ་བ་དང་ཆོས་ལུགས་བྱ་འགུལ་བཅས་ལ་བཀག་སྡོམ་དང་། དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྲིད་ཇུས་སྤེལ་ཏེ་གྲྭ་བཙུན་ཚོར་བཙན་ཤུགས་ཀྱིས་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་འཇུག་པ། དགོན་སྡེ་ཁག་ནང་རྒྱ་གཞུང་དཔོན་རིགས་གཏན་སྡོད་ཀྱིས་དགོན་པའི་བྱ་བར་ལྟ་རྟོག་སུན་གཙེར་བཟོ་བ། རང་ལུས་མེར་བསྲེགས་གཏོང་མཁན་དག་གི་ནང་མི་ཉེ་འབྲེལ་རྣམས་ལ་གནོན་ཤུགས་སྤྲོད་པ། བོད་མི་ཚོ་གང་བྱུང་བཀག་སྐྱིལ་དང་འདྲི་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་མི་མང་པོ་གར་སོང་ཆ་མེད་དུ་འགྱུར་བཞིན་པ། དེ་བཞིན། ལོ་སྔོན་ནས་བཟུང་རྒྱ་གཞུང་བདེ་སྲུང་དང་ཁྲིམས་ལུགས་སྡེ་ཁག་དག་གིས། རྒྱ་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་བོད་མི་རྩོམ་པ་པོ་དང་། སྒྱུ་རྩལ་བ། ཤེས་ལྡན་པ། རིག་གནས་བྱ་འགུལ་བ་བཅས་འཇུ་བཟུང་བཙོན་འཇུག་དང་ཁྲིམས་གཅོད་བཞིན་པ་སོགས་ཐེར་འདོན་སྐྱོན་བརྗོད་བྱས་ཡོད་པ་རེད།

ད་དུང་། མའེ་རེ་ཨོ་ཊི་རའོ་ལགས་ཀྱིས་གསལ་བསྒྲགས་སྐབས།  ཨ་རིའི་གཞུང་གིས་དེ་སྔོན་ནས་རྒྱུན་མཐུད་དང་ཐད་ཀར་གྱི་སྒོ་ནས་རྒྱ་གཞུང་ལ་བོད་ཀྱི་གནད་དོན་གླེང་སློང་བྱས་ཡོད་ལ། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་དེས་བོད་ཁུལ་གྱི་གནས་སྟངས་སྔར་བས་ཛ་དྲག་ཏུ་འགྱུར་བཞིན་པ་དང་། སྲིད་ཇུས་དེ་དག་གིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་དཀའ་ཉེན་བཟོ་བཞིན་པར་བསྐྱར་དུ་ནན་བརྗོད་བྱས་ཡོད་པ་མ་ཟད།  ཁོ་མོས་ “ ང་ཚོའི་ངོས་ནས་བོད་ནང་དུ་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། དེ་བཞིན་ལྟ་ཞིབ་ཚོགས་པ་སོགས་གཏོང་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན་ལ། ང་ཚོས་རེ་བར་རྒྱ་གཞུང་གིས་ཏཱ་ལའི་བླ་མ་མཆོག་དང་། ཁོང་གི་སྐུ་ཚབ་ལྷན་དུ་དོན་ཕན་ལྡན་པ་དང་། གཞི་འཛིན་ས་ཡོད་པའི་གྲོས་མོལ་བྱས་ཏེ་བོད་མིའི་གནད་དོན་མཐའ་དག་སེལ་ཐབས་བྱ་དགོས” ཅེས་བརྗོད་འདུག   

བོད་ནང་དུ་གནས་སྟངས་སྔར་བའི་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྐབས་འདིར།  རྒྱ་གཞུང་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན། ཕྱི་ཟླ་ ༢ ཚེས་ ༡༤ ཉིན་ཨ་རིའི་ནང་རྒྱལ་དོན་ལྟ་སྐོར་ལ་སྐྱོད་གཏན་ཁེལ་ཡོད་པ་རེད། ཨ་རིའི་གསར་ལམ་ཁག་ཏུ་དཔྱད་བརྗོད་སྤེལ་བ་ལྟར་ན། རྒྱ་གཞུང་གི་ངོས་ནས་ཨ་རིའི་སྲིད་འཛིན་ཟུར་པ་ནེ་ཁུ་སུང་(Richard Nixon )རྒྱ་ནག་ཏུ་གཟིགས་སྐོར་ལ་ཕྱིན་ཏེ་ལོ་ ༤༠ འཁོར་བའི་དུས་ཚིགས་སྲུང་གཙིའི་རྣམ་པའི་ཐོག་ཕན་ཚུན་འབྲེལ་མོལ་ལ་གྲུབ་འབྲས་འཐོན་རྒྱུའི་རེ་བ་འཆིང་བཞིན་ཡོད་ནའང་།  མ་གཞི་ནས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཐད་ཨ་རྒྱ་གཉིས་བར་ལངས་ཕྱོགས་མི་མཐུན་པའི་རྩོད་པ་ཤུགས་ཆེན་པོ་ཡོད་པ་མ་ཟད།   ཉེ་ཆར་ཨ་རིའི་ས་ཁུལ་ཁག་ནང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་འགྲན་རྩོད་ཀྱི་སྐབས་དང་ཁེལ་ཡོད་པ་དང་།  སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་དག་གིས་ཨོ་བྷ་མ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད། རྒྱ་གཞུང་ལ་གུ་ཡངས་ཀྱི་རྣམ་འགྱུར་འཛིན་བཞིན་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་སྟབས།  ཐེངས་འདིར་ཨོ་བྷ་མ་གཞུང་གིས་གནད་དོན་དེ་དག་ཐད་ལངས་ཕྱོགས་མཁྲེགས་པོ་འཛིན་སྲིད་པའི་ངོས་འཛིན་བྱ་བཞིན་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༥ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༩ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 8

  1. ནད་པ says:
    ལོ་ 15 སྔོན།

    སྟོབས་ཆེན་ཨ་རིའི་ལྷ་ལྕམ་རྣམ་པ་གཉིས་ནས་རྒྱབ་སྐྱོར་འདི་འདྲ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

    ད་དུང་མུ་མཐུད་དེ་སྔ་ཕྱིའི་བརྒྱབ་སྐྱོར་རབ་དང་རིམ་པ་གང་མང་གནང་རྒྱུའི་རེ་འདུན་གྲངས་མེད་ཞུ།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་སྤྲང་པོའི་དབྱུག་པ་རེད། མཉམ་ཆུང་ཐུབ་ན་མ་གཏོགས་ཆེན་པོར་སྤྲེལ་ལས་བཤད་ནས་བསྡད་ཡོད། དེ་ལ་རེ་བ་དེ་ཙམ་མ་བྱས་ན་བཟང་ཀི།

    Reply
  3. ཤིང་ལོ། says:
    ལོ་ 15 སྔོན།

    ད་ལོ་སྐུ་ཚབ་གཏོང་གནང་ཐུབ་ན། ངེས་པར་དུ་རྒན་གཞོན་གཉིས་ཀ་དང་། དེ་ལས་ཀྱང་བོད་ནང་ནས་སློབ་སྦྱོང་ཐོན་པའི་གཞོན་སྐྱེས་ཤེས་ཡོན་པ་དང་། ཕྱི་ལོག་ནས་སློབ་སྦྱོང་ཐོན་པའི་གཞོན་སྐྱེས་ཤེས་ཡོན་པ་གཉིས་ཀ་ངེས་པར་དུ་གཏོང་གནང་ཐུབ་དགོས།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    དེ་དགོས་ཡཱ། ཨ་རིས་དངོས་གནས་རོགས་རམ་གནང་ཐུབ་ན། རྒྱ་ནག་ལ་ཚོང་འབྲེལ་གཅོད་པ་དང་། ཕྱི་འབྲེལ་གང་ཡང་མེད་པ་བཟོ་རྒྱུ། རྒྱ་ཁབ་གཞན་ལའང་དེ་ལྟར་སྐུལ་མ་གནང་རྒྱུ་དེ་རེད། དེ་མི་ཐུབ་ན། སྐད་སྦུག་ནང་ལ་རླུང་ཞིག་བཏང་ནི་རེད། དོ་སྙིང་མེད་ཀི་པཱ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཨ་རིའི་རྒྱལལ་པོ་ནག་རིལ་གཞུང་ལ་བཀའ་དྲིན་ཆེ་ཞེས་ཞུའོ། །ཐུགས་རྗེ་ཆེ། ཆེ། ཆེེེ། །

    Reply
  6. པོ་ཏཱ་ལ says:
    ལོ་ 15 སྔོན།

    ང་ཡི་མཆན་འདི་གསར་ཤོག་སྟེང་བཀྲམ་ཐུབ་གནང་རོགས་་་་
    གསར་འགོད་པ་ཐུགས་ཆཻ

    Reply
  7. པོ་ཏཱ་ལ says:
    ལོ་ 15 སྔོན།

    ད་སྐབས་བོད་ནང་ཡོད་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རླབསས་ཆེན་ཀྱི་མཛད་རྣམ་དེས་རྒྱ་ནག་གཙོས་པའི་འཛམ་གླིང་ཡོངས་ལ་བོད་མི་རིགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་གནང་བ་རེད་་་་དེར་བརྟེན་ཞི་བདེ་དང་མི་རིགས་འདྲ་མཉམ་ཀྱི་བསམ་བློ་ཡོད་པའི་དབུ་ཁྲིད་དེ་ཚོས་ཉམས་ཐག་གི་རྒྱབ་སྐྱོར་བྱས་ནས་འབོད་བསྐུལ་ཞུ་བཞིན་པའི་སྐབས་འདིར།་་་གོ་སྐབས་ཅིག་བཟུང་ནས་༧གོང་ས་མཆོག་གི་སྐུ་ཚབ་ཅིག་བོད་དུ་ཕེབས་ཐུབ་པ་གལ་ཆེན་མཐོང་།་་་དེ་ཡང་ད་ལམ་རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱི་སེམས་ལ་དམིགས་གསལ་གི་ཚོར་བ་ཞིག་སླེབས་པ་གསལ་བོ་རེད།་་་་ཕྱོགས་ཅིག་ནས་བོད་མི་མང་པོས་རང་ལུས་མེ་བསྲེགས་གཏོང་བ་དང་།་་་ཕྱོགས་གཅིག་ནས་དབུ་ཁྲིད་རྣམས་ཀྱིས་འབོད་བསྐུལ་ཞུ་བ་་་འདི་གཉིས་བོད་རྒྱ་ཞི་བའི་ཐབས་ལམ་གཙོ་བོ་རེད་འདུག་བསམ་་་དེར་བརྟེན་རྒྱ་ནག་ལ་སྐུ་ཚབ་གྱིས་འབྲེལ་བ་མགྱོགས་པར་བྱེད་དགོས།་་་་དེ་ཡང་ད་སྔོན་སྐུ་ཚབ་དེ་ཚོས་མི་འགྲིག་པ་གསལ་བོ་རེད།།།་ཁོང་ཚོ་སོང་ཀྱང་རྒྱ་ནག་གི་ངོས་ལེན་སྔོན་མ་ནང་བཞིན་ལས་ཅི་ཡང་བྱེད་ཀྱི་མ་རེད།།།།དེས་ན་༧གོང་ས་མཆོག་གི་སྐུ་ཚབ་ངོ་མ་དེ་སྲིད་བློན་བློ་བཟང་སེང་གེ་རེད་ལ་་་་ད་ཐེངས་ངེས་པར་ཁོང་རང་ཕབས་ཐུབ་པ་ཞིག་བྱུང་ན་བོད་ཀྱི་རེ་བ་ཅང་ཡོད་་་་རྒྱ་ནག་ལ་འབྲེལ་བ་གཙོ་བོ་ཁོང་གི་བྱེད་དགོས་་་་ཁོང་ཕེབས་ནས་འབྲེལ་བ་བྱེད་དགོས་་་ངེས་པར་ཁྱེད་རྒྱ་ནག་ཕེབས་ཐུབ་བྱེད་རོགས་་ཐུགས་རྗེ་གཟིགས་་་བློ་སེང་རྒྱལ་གྱུར་ཅིག

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བཀའ་དྲིན་ཆེ། ཤུགས་ཆེ་ཙམ་གྱི་རོགས་རམ་རེ་གནང་ཐབས་མེད་དམ། མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་དེ་་་་ཁ ཡོད་ལག་ཡོད། ནུས་པ་ཆེ་ཙམ་ཞིག་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese