མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་སྤེལ་བའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ཟླ་བའི་ཉིན་ཁམས་བྲག་མགོ་རྫོང་དུ་བྱུང་བའི་དོན་རྐྱེན་སྐོར་ཁ་སང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་དྲ་བར་སྤེལ་བའི་ནང་། ཉེན་དེའི་དོན་རྐྱེན་ཁྲོད་གྲྭ་བ་ ༣ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་བཀོད་འདུག
མདང་ནུབ་ཆུ་ཚོད་ ༢ པའི་ཐོག་ཧཱི་ཞོན་རྒྱ་ཡིག་དྲ་བས་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་གནས་ཚུལ་ལུང་འདྲེན་བྱས་པའི་ནང་། “ ཕྱི་ཟླ་ ༡ ཚེས་ ༢༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པ་ཙམ་ལ་དཀར་མཛེས་བྲག་མགོ་རྫོང་ཐོག་ཏུ་བོད་རིགས་སྐྱ་སེར་བརྒྱ་སྐོར་ཞིག་གིས་ཁྲིམས་འགལ་རྡུང་གཅོག་གི་བྱ་སྤྱོད་སྤེལ་ཡོད་པ་དང་། གྲྭ་བ་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་ཀྱང་ཁོང་ཅག་གི་ཕུང་པོ་སྲིད་གཞུང་ལ་བདག་པོ་བྱེད་མ་བཅུག་པར་མི་མང་གིས་བཙན་འཁྱེར་བྱས་འདུག ” ཅེས་དང་། “ དོན་རྐྱེན་དེའི་ཁྲོད་ཉེས་ཅན་གཅིག་ཤི་བ་དང་ ༤ ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། ཉེན་རྟོག་པ་ ༥ ལའང་རྨས་སྐྱོན་ཕོག་ཡོད” ཞེས་བཀོད་འདུག

གསར་འགོད་པས་ཁ་པར་བརྒྱུད་ཕ་ཡུལ་བྲག་མགོ་ནས་ཡིན་པའི་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ “ ང་ཚོས་ཉིན་དེར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་འདྲ་གོ་མ་སོང་། ཁ་སང་ཉིན་རྒྱབ་ཆུ་ཚོད་ ༢ དང་ཕྱེད་ཀ་ཙམ་ནས་ཕ་ཡུལ་ལ་འབྲེལ་བ་ཡང་བྱེད་ཐུབ་མ་སོང་། དེའི་སྔོན་ལ་དུས་ཚོད་ཐུང་ངུ་རེར་ཁ་པར་མཐུད་དེ་གནས་ཚུལ་གོ་བར། ཚེས་ ༢༣ ཉིན་བྲག་མགོ་རྫོང་དུ་བོད་རིགས་ཞི་རྒོལ་བ་ཚོར་རྒྱ་དམག་གིས་དྲག་གནོན་བྱས་ཏེ། བོད་མི་ ༣༢ ཙམ་ལ་རྨས་སྐྱོན་ཕོག་སྟེ་བྲག་མགོ་རྫོང་སྨན་ཁང་དུ་འཁྲིད་ཡོད་ཀྱང་། ཉིན་དེའི་ཕྱི་དྲོ་ནས་ཁ་ངོ་ཡོངས་རས་ནག་པོས་བཏུམ་ཡོད་པའི་རྒྱ་དམག་ཧ་ཅང་ཕོན་ཆེན་པོ་འབྱོར་ཡོད་སྟབས། བོད་མི་ཚོས་རྨས་མ་རྣམས་རྫོང་སྨན་ཁང་དུ་བཞག་ཚེ་རྒྱ་ལག་ཏུ་ཤོར་ཏེ་སྡུག་པོ་མྱོང་སྲིད་གི་རེད་དྲན་ཏེ། རྨས་མ་རྣམས་རྫོང་སྨན་ཁང་ནས་ཚུར་བླངས་ཏེ་དགོན་པའི་སྨན་ཁང་དུ་བསྡད་ཡོད་པ་དང་། རྨས་མ་ ༡༢ ཙམ་ཅུང་ཛ་དྲག་ཡིན་སྟབས་དགོན་པའི་སྨན་ཁང་དུ་བོད་སྨན་ལས་མེད་པས་དཀའ་ངལ་འཕྲད་བཞིན་ཡོད་ས་རེད། ཁ་སང་ཉིན་གུང་ཆུ་ཚོད་ ༢ པའི་སྔོན་ལ་མི་གཅིག་ཀྱང་རྒྱ་ལག་ཏུ་ཤོར་མི་འདུག དེའི་རྗེས་ཀྱི་གནས་ཚུལ་ཤེས་ཐུབ་མ་སོང་། ” ཞེས་བརྗོད་བྱུང་།  

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༥ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 5

  1. བསྟན་འཛིན་ཆོས་འཕེལ། says:
    ལོ་ 15 སྔོན།

    འཛམ་གླིང་ཧྲིལ་པོ་འདིའི་ཐོག་གནས་ཚུལ་རྫུན་བཟོ་དང་གཡོ་སྒྱུ་འཁྲབ་དགོས་ན་རྒྱ་སྤྲང་ཚང་ལས་མཁས་པ་ཞིག་མེད་ཐག་ཆོད་ཡིན་པ་འཛམ་གླིང་མི་མང་ཀུན་གྱིས་མཁྱེན་གསལ་རེད། དེ་འདྲ་ཡིན་དུས་ཡིད་ཆེས་བྱེད་མཁན་རག་གི་མ་རེད། འོན་ཀྱང་འདྲེ་རྒན་མོའུ་ཡིས་ཁོ་ཚོར་གཡོ་སྒྱུ་དང་རྫུན་མ་ཤོད་སྟངས་ཤིག་བསླབས་ཡོད། ཁོས(སྐད་ཆ་རྫུན་མ་ཞིག་ཐེངས་བརྒྱ་བཤད་ན་དངོས་གནས་ཆགས་འགྲོ་གི་རེད།)ཅེས་ལབ་ཡོད། འོན་ཀྱང་ད་ལྟའི་ཆར་འཛམ་གླིང་མི་མང་གིས་རྒྱ་སྤྲང་ཚང་གི་ཕྱི་ནང་གསང་གསུམ་ཆ་ཚང་མ་ལུས་མ་ཚང་མེད་པར་མཁྱེན་གྱི་ཡོད་པས་སུས་ཀྱང་ཡིད་ཆེས་བྱེད་མི་སྲིད། ད་ལྟའི་བྲག་འགོ་གི་གནས་ཚུལ་དེ་ཡང་རྫུན་མ་རེད། གྲྭ་པ་སུ་གཅིག་གིས་རང་སྲོག་གཅད་མི་འདུག གོང་དུ་ཕུན་ཚོགས་ལགས་ཀྱིས་གསུངས་པ་དེ་བདེན་པ་བདེན་རྐྱང་རེད།

    Reply
  2. ཀི says:
    ལོ་ 15 སྔོན།

    བོད་རང་བཙན་གཙང་མ་ཡིན། རྒྱ་རྒན་རྣམས་བོད་ནས་ཕར་ལ་སོང་། བོད་རྒྱལ་ལོ།།

    Reply
  3. ཨ་ར་དཀར་པོ says:
    ལོ་ 15 སྔོན།

    རྒྱ་གཞུང་གིས་གཙོ་བོ་ཞི་རྒོལ་བའི་ཁྲོད་གང་བྱུང་མེ་མདའ་བརྒྱབ་པ་ལས་གཡོལ་ཆེད་གནས་ཚུལ་འཁྱོག་བརྗོད་ལྷུར་ལེན་པ་རེད།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    ད་དུང་ཚུར་ནག་པོ་བཟོས་ནས། ལྟས་ངན་ཚང་། ཡ་ཚང་ཚང་། ལང་སྐྱག་ཚང་། བདུད་ཚང་ཚང་།

    Reply
  5. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་སྐྱག་རྫུན་བཤད་ནས་མི་མང་སྟེང་ལ་མེ་མདའ་བརྒྱབ་ནས་མི་བསད་པ་ལས་གཡོལ་ཐབས་བྱེད་ཀྱི་ཡོད་པ་འདྲ། མེ་མདའ་བརྒྱབ་ནས་བསད་པ་ཡིན་རྒྱུ་རེད། འོན་ཀྱང་ང་ཚོས་ཞིབ་འཇུག་ཡག་པོ་ཞིག་བྱེད་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese