མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་གྱི་འབོད་ཚིག་ཐོག་མ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp
མདང་དགོང་ངྷ་སར་བོད་མི་ ༥༠༠ ཙམ་གྱིས་སྐད་འབོད་ཁྲོམ་སྐོར་བྱས་ཏེ། བོད་ལ་རང་དབང་རང་བཙན་དགོས་པའི་འབོད་ཚིག་བསྒྲགས་འདུག
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག མདང་དགོང་ཆུ་ཚོད་ ༦ པའི་སྟེང་ངྷ་ས་མེག་གྷན་དུ་བོད་མི་སེར་སྐྱ་ ༥༠༠ ལྷག་འདུ་འཛོམས་བྱས་ཏེ། ཉེ་ལམ་བྲག་མགོ་རྫོང་དང་གསེར་རྟ། རྔ་པ་རྫོང་བཅས་སུ་རྒྱ་གཞུང་གིས་བོད་མི་དམར་གསོད་དང་འཛིན་བཟུང་བཙོན་འཇུག་བྱས་པར་ངོ་རྒོལ་སྐད་འབོད་གནང་སོང་། ལས་འགུལ་མཇུག་སྡོམ་མཛད་སྒོའི་སྟེང་བོད་མི་མང་སྤྱི་འཐུས་དང་དགུ་བཅུ་གསུམ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས། ལོ་སར་སྐབས་ཁམས་བྲག་མགོ་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་དམག་གིས་བོད་མི་དམར་གསོད་བཏང་བའི་གནས་སྟངས་ངོ་སྤྲོད་དང་། ༧གོང་ས་མཆོག་བོད་ལ་གདན་ཞུ་ཆེད་བོད་གཞུང་མང་གཉིས་ཀྱིས་མཉམ་རུབ་ཐོག་འབད་བརྩོན་གནང་དགོས་པའི་འབོད་སྐུལ་བཅས་ཞུས་སོང་།
མདང་དགོང་གི་ལས་འགུལ་དེ་ཐོག་མར་མགོ་འཛུགས་གནང་སྐབས་མང་ཚོགས་ཀྱིས་ནམ་རྒྱུན་བཞིན་བྱང་ཆུབ་སེམས་མཆོག་སྐྱོར་བཞིན་མེར་མེ་ཁྲོམ་སྐོར་བྱས་ཡོད་ཀྱང་། སྐབས་མཚམས་ཤིག་ཏུ་མང་ཚོགས་ཀྱི་འབོད་སྒྲར་གློ་བུར་དུ་འགྱུར་བ་ཐེབས་ཏེ། “ བོད་ནང་བོད་མི་དམར་གསོད་མཚམས་འཇོག་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་མཐར་སྤྲོད་གཏོང་། བོད་ལ་རང་དབང་རང་བཙན་དགོས། ལངས་ཤོག ལངས་ཤོག་བོད་མི་ཚོ་ ” སོགས་ཀྱི་སྐད་འབོད་བཅས་གནང་སོང་། 
གསར་འགོད་པས་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་སུ་མང་ཚོགས་ཀྱི་འབོད་ཚིག་ལ་འགྱུར་བ་ཐེབས་དོན་སྐོར་བཀའ་འདྲི་ཞུས་སྐབས། ང་ཚོས་ད་བར་བྱང་ཆུབ་སེམས་མཆོག་སྐྱོར་ནས་ཕྱིན་པ་རེད། ད་ལྟ་བོད་ནང་ཉིན་ལྟར་བོད་མི་མང་པོ་དམར་གསོད་གཏོང་བཞིན་ཡོད་སྟབས། བོད་མི་ཚོས་སེམས་ཀྱི་ན་ཟུག་སྒོམ་མ་ཐུབ་པའི་གནས་སྟངས་འོག་ལྷུང་ཡོད། དང་ཐོག་མང་ཚོགས་ཀྱིས་བྱང་ཆུབ་སེམས་མཆོག་སྐྱོར་ཡོད་ཀྱང་། རྗེས་སུ་ང་ཚོས་མང་ཚོགས་ཀྱི་འབོད་ཚིག་ལ་འགྱུར་བ་བཏང་སྟེ། “ བོད་ནང་དམར་གསོད་མཚམས་དགོས། རྒྱ་མི་བོད་ནས་ཕར་རྒྱུགས། བོད་ལ་རང་དབང་རང་བཙན་དགོས་ ” ཞེས་པའི་འབོད་ཚིག་ཐོག་ཕྱིན་པ་རེད་བརྗོད་བྱུང་།
ལས་འགུལ་ནང་ཞུགས་མཁན་སྐུ་ཞབས་ཟླ་བ་ཚེ་རིང་ལགས་ཀྱིས་བརྗོད་དོན། “ ད་ལྟ་བོད་ནང་རྒྱ་གཞུང་གི་དམག་མིས་ཉིན་ལྟར་བོད་མི་མང་པོ་དམར་གསོད་གཏོང་གི་ཡོད་སྟབས། ང་ཚོ་རྒྱ་གར་ནང་སྡོད་མཁན་ཚོ་ཁུ་སིམ་པོར་བསྡད་ན་འགྲིག་གི་མི་འདུག དེ་དགོང་གི་མེར་མེ་ཁྲོམ་སྐོར་དེ་ཡག་པོ་འདུག་ཀྱང་། ང་ཚོས་མེར་མེ་ཁྲོམ་སྐོར་བྱས་པ་ཙམ་གྱིས་བོད་ཀྱི་རྩ་དོན་ཐོག་ཕན་ཐོགས་ཀྱི་མ་རེད། ང་རང་གི་བསམ་ཚུལ་ཡིན་ན། བོད་གཞུང་ཡིན་ན་རེད། ཚོགས་པ་ཁག་ཡིན་ན་རེད། མང་ཚོགས་ཡིན་ན་རེད། མ་འོངས་པར་བྱང་ཆུབ་སེམས་མཆོག་གཅིག་པུ་སྐྱོར་མ་བསྡད་པར། ལས་འགུལ་སྔར་ལས་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག ང་རང་སློབ་སྦྱོང་ཡོད་མཁན་ཞིག་མིན་ནའང་། བོད་ནང་ཉིན་རྟག་པར་རྒྱ་མིས་བོད་མི་དམར་གསོད་གཏོང་བཞིན་པ་ཐོས་སྐབས་སེམས་སྐྱིད་པོ་ཁྱོན་ནས་མི་འདུག གལ་སྲིད། གཞུང་དང་ཚོགས་པ་ཁག་གི་སྣེ་ཁྲིད་ན་ང་རང་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ ” ཅེས་བརྗོད་སོང་།
འདི་ནི་འདས་པའི་ལོ་བཅུ་ཕྲག་ལྷག་གི་རིང་བཙན་བྱོལ་བོད་མི་ཚོས་བོད་རང་བཙན་གྱི་འབོད་ཚིག་བསྒྲགས་པ་ཐོག་མ་དེ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༩ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 14

  1. མནར་མེད་པ། says:
    ལོ་ 13 སྔོན།

    བཙན་བྱོལ་གྱི་རྒྱལ་ས་འབོད་སའི་ས་ཁུག་དེ་ནས་རང་བཙན་གྱི་འབོད་སྒྲ་ཐོག་མར་གྲགས་པར་དགའ་བསུ་ཞུ། སྐད་གསར་པ་འདི་གོ་བསྒྲིགས་མཁན་རྣམས་ཀྱི་ནང་ནས་ཟུར་ཞིག་གི་སྙིང་སྟོབས་ཡིན་པ་གསལ་པོ་རེད། ཡུལ་འདི་ན་སྐད་འདི་ལས་སླ་པོ་འགྲོ་ས་ཡོད་མ་རེད་དཱ།

    Reply
  2. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ༡ བཙན་བྱོལ་གཞུང་མང་གཉིས་ལ་བོད་རང་བཙན་རྩོད་རྒྱུའི་ཆབ་སྲིད་དང་དཔལ་འབྱོར། ཕྱི་སྲིད་ཀྱི་མཐུན་རྐྱེན་གང་ཡང་མེད་ལ།
    ༢ གལ་སྲིད་རང་བཙན་རྩོད་ནའང་བཤད་འདུག་རྒྱུ་ལས་ཐབས་གཞན་མེད་པ་གསལ་བོ་རེད་ལ། དེ་ལྟར་བཤད་བསྡད་ན་བོད་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་མིན་ལ་ཁེག་ཐག་མེད།
    ༣ དུམ་བུ་བགོས་ནས་དབང་བསྒྱུར་བ་ནི་རྒྱ་ནག་གིས་བོད་ཐོག་ཐོག་མར་ལག་བསྟར་བའི་སྲིད་བྱུས་རེད། དེའི་དམིགས་གཟས་གཙོ་བོ་ངོ་བོ་བསྒྱུར་རྒྱུ་དེ་རེད། ངོ་བོ་དེ་སྐད་ཡིག་དང་རིག་གནས་ནས་རིགས་རུས་སྟེང་ཁྱབ་འགྲོ་གྱིན་ཡོད། ངན་ཇུས་འདི་འགོག་ཐབས་ལ་རང་བཙན་བཤད་ནས་ཕན་རྒྱུ་ལས་གནོད་འཚབ་ཆེ།
    ༤ རྒྱ་ནག་གི་ད་ལྟའི་དྲག་གནོན་བྱ་རྒྱུ་ལ་རང་བཙན་རྩོད་མཁན་བྱུང་ན་མཐུན་རྐྱེན་དུ་འགྱུར་གྱིན་ཡོད། ཁ་ཕྲལ་ལ་མེ་མདའ་རྒྱབ། སྒོ་རྒྱབ། རྒྱང་ཕུད་བྱས་ཀྱང་དེང་གི་རྒྱལ་སྤྱིའི་ཆབ་སྲིད་ནང་གནོན་ཤུགས་ཡོང་གི་མེད།
    ༥ ད་དུང་མང་པོ་འདུག ད་ང་ལ་ཁོམས་པ་མི་འདུག

    Reply
  3. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ཨ་ལེ་རེད་པཱས། ཁྱེད་གནམ་ལྕགས་ཀྱི་སློབ་སྦྱོང་ད་དངོས་གནས་ཡར་རྒྱས་ཕྱིན་འདུག ཆབ་སྲིད་བཙོན་ཟུར་རྩ་ཆུ་བཟང་སར་སོང་ན་མི་འགྲིག་གི་ཟེར་མཁན་སུ་འདུག་གམ། ཆབ་སྲིད་བཙོན་ཟུར་ཚོར་བརྟེན་ནས་གྲོད་ཁོག་མ་ལྟོགས་པ་ཁྱེད་དང་ང་ཚོ་གཅིག་པ་རེད།
    བཙོན་ཟུར་རེ་ཤོས་ཀྱིས་རྒྱན་ལེན་སྟངས་དང་བདེ་སྲུང་གི་ལས་བྱེད་ཆེ་ཕྲར་བཀའ་བཀྱོན་གནང་སྟངས། ཕྱི་ལ་སོང་ནས་འཐབ་ཕྱོགས་གཅིག་གྱུར་དང་འབྲེལ་བ་བྱ་ཚུལ་དེ་ཁྱེད་གནམ་ལྕགས་ཀྱི་རྣ་མཁྲེགས་དྲག་ནས་མ་གོ་མ་གསན་པ་རེད་མ་གཏོགས། བཀའ་སྤྱི་གཉིས་ཀའི་གྲོས་ཚོགས་སྟེང་གི་དྲི་བ་དྲིས་ལན་རེད།

    དེ་ནས་ཚོགས་པ་ཚོར་སྡུག་གི་འདུག་ཟེར། དེ་ཁྱེད་ཀྱི་རྣམ་རྟོག་རེད། ནང་འགལ་འདུག་ཟེར། ནང་འགལ་ཅང་མེད། དེ་ཁྱེད་ཀྱི་གནས་ཚད་ཡག་དྲག་ནས་རེད། ད་ལྟའི་ཚོགས་པ་འདི་ཚོས་ཆབ་སྲིད་ཚོགས་པའི་ལས་ཀ་བྱེད་ཐུབ་ཀྱི་མེད།ལྷག་པར་དགུ་བཅུ་གསུམ་ལ་དེའི་གནས་ཚད་མེད་ཐག་ཆོད་རེད། ཡོད་ན་བྱས་དང་སྐབས་དེ་དུས་ལྟ།

    གཞན་ཡང་རང་བཙན་སོགས་བཤད་ན་ཁྱེད་ནས་ཅང་ཤེས་ཚོད་མི་འདུག་པས། དེའི་སྐོར་ཁྱེད་ལ་བཤད་ཀྱང་དོན་མེད་རེད། ཧཧཧཧཧཧ ང་འདི་ད། ཚིག་གཅིག་བྲིས་དུས། ཁྱེད་ཚོ་སྒུལ་གྱིན་འདུག་པས། ངའི་སློབ་སྦྱོང་འདི་ད། རྩེད་མོ་ཡིན།

    རང་བཙན་དང་ཆབ་སྲིད་ཚོགས་པ་སོགས་བཤད་ན་འདོད་ན། ཁྱེད་ཚོའི་ཚོགས་གཞོན་དང་སློབ་གྲྭ་ཆེན་མོ་བ་སོགས་ལ་བཀའ་འདྲི་ཞུས་ནས་དྲི་བ་ཐོངས་དང་ཡུན་གྱིས་རྩེད་མོ་རོལ་ཆོག དེ་མིན་ཁྱེད་ཚོའི་ཚིག་བཅད་འབྲི་མཁན་ཚོས་མགོ་འཁྱོངས་ནི་མ་རེད། རང་བཙན་དང་ཆབ་སྲིད་ཚོགས་པ་ཟེར་བ་འདི་ཚོ་ཆབ་སྲིད་ཀྱི་མིང་ཚིག་རེད། དེ་སྙན་ངག་གི་ནང་དུ་ཚོར་བས་བླུགས་ཆོག་པ་དེ་འདྲ་རེ་མ་རེད།

    Reply
  4. གནམ་ལྕགས། says:
    ལོ་ 13 སྔོན།

    འཇིགས་མེད་སེང་གེ་ཞུ་བ་ལགས། ཁྱེད་མཚན་གཅིག་ལའང་དགྱ་ནག་གི་བཙོན་ཁང་ནས་བསྡད་མ་མྱོང་བ་ཞིག་གིས་ཆབ་སྲིད་བཙོན་ཟུར་རྣམས་ལ་ཁ་གཏོང་རྒྱུ་བཞག་ན་ཡག་གི་རེད། ནང་འགལ་ཅན་གྱི་མཆན་བུ་དང་གོ་བརྡོ་སྤྲོད་མི་ཐུབ་པའི་མཆན་འདི་འདྲ་ཞིག་མ་གཏོགས་ལག་ནས་མི་འཁྱོངས་པར། ད་དུང་ཚོགས་པ་དང་མི་གཞན་ལ་ཁ་བཏང་ནས་བསྡད་ན་ངོ་ཚ་བའི་རྒྱུ་མ་རེད་དམ། དེ་བས་ཁ་རོག་གེར་རང་གི་སློབ་སྦྱོང་གི་ཆུ་ཚད་ཇེ་མཐོར་ཐོངས། དེས་ཁྱེད་ལ་གྲོད་ཁོག་རྒྱག་གི་རེད།

    རང་བཙན་ལ་དམའ་འབེབས་བྱེད་ཁུལ་དང་། ཚོགས་པ་འདི་དག་གིས་ཅི་ཡང་མི་འཇོན་ཚུལ་བཤད་ཞོར་ཚོགས་པ་ཞིག་འཛུགས་དགོས་པའི་སྐད་ཆ་འདྲ་བཤད་ནས་རང་གིས་རང་ལ་ཁོར་གསུམ་སྐོར་མཁན་ཁྱེད་མ་གཏོགས་སུ་ཞིག་ཡོད། དེ་བས་གྲོད་ཁོག་རྒྱག་གཞི་ཞིག་ལ་འབུངས་ཤིག

    གཞན་ཆབ་སྲིད་བཙོན་ཟུར་དག་དགྱ་ནག་གི་ཁྲིམས་ཁང་ནས་ལོ་ངོ་ལྔ་ནས་བཅུ། བཅུ་ནས་བཅོ་ལྔ་ཉི་ཤུར་དཀའ་ལས་བརྒྱབ་ནས་ཚེ་མཇུག་སྐྱིད་ས་བདེ་ས་ཞིག་ལ་བུད་སོང་བར་ཁྱེད་རང་མིག་སེར་རྒྱག་དགོས་པ་མ་རེད་ཞུ་རྒྱུ་དང་། ཡང་ཆབ་བཙོན་གཅིག་གིས་དགྱ་ནག་གི་འཐབ་ཕྱོགས་གཅིག་ལ་འབྲེལ་བ་བྱས་པས་ཆབ་སྲིད་བཙོན་ཟུར་ཆ་ཚང་ལ་གཡོགས་པ་ནི་ཁྱེད་ཀྱི་སེམས་རྒྱ་རྒྱ་ཁབ་ཀྱི་བུ་ཀ་ལས་དོགས་པའི་རྟགས་མངོན་པ་རེད།

    Reply
  5. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ཨ་ལེ། ད་བྱས་དུས་རང་བཙན་ཟེར་བ་དེ་ཤི་གྲབས་ཡོད་ས་རེད། དུས་བབ་ཚང་གིས་རང་བཙན་སྐྱོབ་ན་འདོད་པ་མིན་ཡང་། གླེང་སློང་བའི་འགོ་བརྩམས་ཚར་དུས་འཇོན་སོང་བ་རེད།
    དངོས་གནས་བྱས་ན། དེང་སང་བཙན་བྱོལ་ནང་དུ་རང་བཙན་དགོས་མཁན་གཞོན་ལྷན་གྱི་མེར་བསྲེགས་གཏོང་མཁན་དེ་གཉིས་རེད། གནའ་སྔ་མོར་གཞོན་ལྷན་ལ་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་ཟེར་བ་འདྲ་བོ་ཡང་ཡོད་པ་རེད་མོད། དེང་སང་དུས་ཚོད་རན་དུས་ཅང་མི་འདུག
    དམིགས་བསལ་ལས་འགུལ་འདི་སྤེལ་མཁན། ཆབ་སྲིད་བཙོན་ཟུར་ཚོགས་པ་ཟེར་བ་དེའི་ནང་ནས། ཆབ་སྲིད་བཙོན་ཟུར་ཚང་མར་ཅང་བཤད་རྒྱུ་མེད་དེ། རྡ་རམ་ས་ལའི་བཙོན་ཟུར་ཚོར་རྒྱན་མ་ཐོབ་ནས་དཀའ་ལས་ཁེག་བསྡད་ཡོད་པ་རེད་ལ། རྒྱན་ཐོབ་ནས་རྩ་ཆུ་བཟང་སར་ཕེབས་ཚར་བ་རྣམས་པས་ཀྱང་། དེང་སང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལ་མཉེས་པོ་གནང་ཚུལ་ལ་སྐད་གྲགས་ཆོད་འདུག དེ་བས་ཀྱང་ཚིག་དམ་དུམ་རེར་བདག་མེད་གཡུག་འཇོག་མཁན་ཀླུ་མཁར་བྱམས་ཟེར་བས། ག་དུས་ཡིན་ན། རང་ཉིད་ལ་ལབ་གླེང་རེ་སློང་ཨེ་ཐུབ་ལྟ་རྒྱུ་ལས་ལས་འགུལ་ཅང་གཙོ་བོ་ཡིན་ཚོད་མི་འདུག་པས། གསར་འགོད་པས་རང་བཙན་སྙིང་རྗེ་ནས་སྐྱོབ་འདོད་བྱས་པར་ངས་ཡག་པོ་འདུག་ཟེར་རྒྱུ་ཡིན་ལ།
    དེང་སང་རང་བཙན་ག་ཚོད་ལབ་ན་ཀྲུང་གོར་མི་དགའ་མཁན་དང་བོད་མི་རིགས་འཐོར་བཤིག་ལ་འགྲོ་ན་བསམས་མཁན་ཚོས་རྔན་པ་ཕོན་ཆེ་སྤྲོད་ཀྱི་ཡོད་ས་རེད། ཐ་ན་རྒྱ་ནག་གིས་ཀྱང་། བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་ནུས་པ་ཆུང་དུ་གཏོང་ཆེད། བོད་གཞུང་གི་ལངས་ཕྱོགས་དང་ཁ་གཏད་བྱེད་མཁན་སྐྱེད་སྲིང་བརྒྱུད་ནས་བྱེད་ཀྱི་ཡོད་པ་སྤྱིར་བཏང་གི་ཆབ་སྲིད་འཁྲབ་སྟངས་ཤིག་རེད། དེ་ལྟར་བྱས་ན། བོད་གཞུང་ས་མཐའ་ནས་རང་བཞིན་འཐོར་འགྲོ་བའི་སྔོན་རྩིས་ཤིག་རྒྱག་གི་ཡོད་ཡོད་པ་རེད།
    དེ་མ་གཏོགས། ང་ཚོའི་རང་བཙན་ལྟ་བ་ཁྱེར་མཁན་ཚོས་བཙན་བྱོལ་བོད་མིའི་ཆབ་སྲིད་ལ་ཕན་ཐོག་གི་ཡོད་པ་མ་རེད། མང་གཙོའི་འོས་འགན་ལ་དེ་བས་ཀྱང་ཁག་ཐེག་བྱེད་ཐུབ་ཀྱི་མེད་པས། ཐ་ན་ཆབ་སྲིད་ཚོགས་པ་ཙམ་ཡང་འཛུགས་ཐུབ་ཀྱི་ཡོད་པ་མ་རེད། ཁོང་ཚོའི་རང་བཙན་ཁ་སེམས་གང་ན་ཡོད་ཀྱང་། དེ་ཅིག་འགྲུབ་ན་སེམས་པའི་ལས་ཀ་བྱེད་ཀྱི་མེད་པ་དེ་གསལ་བོ་རེད། དེ་མིན་ན། མར་མེ་ཁྲོམ་སྐོར་རེ་བྱས། གསར་འགོད་རྫིག་གཏམ་རེ་འཐེན་ནས་འདུག་རྒྱུ་ནི་བཙན་བྱོལ་ནང་གི་ལས་མེད་ཚོའི་ལས་ཀ་རང་རེད། ཧཧཧཧཧཧཧ

    Reply
  6. ནགས་མཚོ says:
    ལོ་ 13 སྔོན།

    གསར་འགོད་པ་་་་་་དཔའ་ལྡན་ལགས་ཞུ་རྒྱུ་ལ། གྲོགས་པོ་ཁྱེད་རང་གཟབ་གཟབ་བྱེད་འདུག་ལྟ་་་་་་རང་ག་རེ་བཤད་ཀྱི་ཡོད་་་་་་་་་་་་་་་རང་ད་རིང་མ་གཏོགས་ག་བ་འགྲོ་སོང་ཡིན་ནམ་་་་་་་་་་་་་ཡང་ན་རང་གིས་ཤེས་བཞིན་དུ་དང་གོ་བཞིན་དུ་བཤད་ཀྱི་ཡོད་དམ། བོད་དོན་ཆེད་ས་གནས་གང་སར་ལས་འགུལ་ཡོད་ཡོད་་རེད་ལ་ལས་འགུལ་སྐབས་་ལ་བོད་རང་བཙན་ཡིན FREE TIBET ཞེས་པའི་འབོད་ཚིགས་སྐབས་འགའ་ཞིག་མ་གཏོགས་ཡོད་ཡོད་རེད་་་་་་་་་་་་་རང་ད་ལྟ་བར་དུ་ག་བ་འགྲོ་ཡིན་ཡང་ན་ག་རེ་བྱེད་སོང་ཨཨཨཨཨཨཨཨཨཨཨཨཨཨཨ་་་་་་་་་་་་་ཁྱེད་རང་གཟབ་གཟབ་བྱེད་དགོས་ཀྱི་འདུག། དོན་ངོ་མ་རང་གསར་འགོད་པ་ཡག་པོ་ཞིག་བྱེད་འདོད་ན་གཟབ་གཟབ་བྱེད་ནས་གནས་ཚུལ་ག་རེ་ཡིན་ན་དྲང་ལྡན་དང་ཁུང་ལུང་ཡོད་པ་བཤད་དགོས་ཀྱི་རེད། དཔལ་ལྡན་རང་ཉི་མ་ད་རིང་ནས་གཟབ་གཟབ་བྱོས་ཤིགས།།།

    Reply
  7. ཀླུ་མཁར་བྱམས། says:
    ལོ་ 13 སྔོན།

    སྤྱིར་མཆན་འདེབས་མཁན་འགས་བཤད་པ་ལྟར་རེད། བཙན་བྱོལ་ནང་བོད་རང་བཙན་གྱི་འབོད་སྒྲ་གོ་རྒྱུ་མེད་པ་མ་ཡིན་ཡང་། མར་མེ་ཁྲོམ་སྐོར་སྐབས་བྱང་ཆུབ་སེམས་མཆོག་སྐྱོར་མཚམས་བཞགས་ནས་ངོ་རྒོལ་སྐད་འབོད་བྱས་ཤིང་། ཞོར་དུ་རང་བཙན་གྱི་འབོད་སྒྲ་བསྒྲགས་པ་ཐོག་མ་ཡིན་ཚོད་རེད་ལ། མ་མཐར་ཡང་མག་རྒན་ནས་དེ་ལྟར་གནང་བ་ཐོག་མར་སྣང་། ངེད་ཚོགས་པར་མཚོན་ན་འདི་གསར་གཏོད་ཡིན་པར་བཤད་ཀྱིན་མེད་མོད། དེང་སྐབས་མང་ཚོགས་ཀྱི་སེམས་ཚོར་དངོས་འདི་ལྟར་ཆགས་འདུག་་་་

    Reply
  8. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    བོད་ལ་རང་བཙན་དགོས་ཞེས་ལབ་ན་ཧང་བསངས་དགོས་རྒྱུ་ཅི་ཨེ་ཡོད་ན། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མངོན་འདོད་ངོ་མ་དེ་རེད་ཨ།

    Reply
  9. ཀི says:
    ལོ་ 13 སྔོན།

    གསར་འགོད་པས་བཤད་པ་ནི་མི་སྒར་མ་ཡིན་པར་ཚོགས་སྡེ་བྱེ་བྲག་པ་ཞིག་གིས་གོ་སྒྲིག་འོག་ནས་ལས་འགུལ་སྤེལ་སྟངས་ལ་བྱེད་བཞིན་པ་གཡུ་དྲུག་དཀར་གྱིས་ཀྱང་ཤེས་མེད་པ་འདྲ།

    Reply
  10. གཡུ་དྲུག་དཀར། says:
    ལོ་ 13 སྔོན།

    ང་ལ་མཚོན་ན་སུམ་ཅུའི་དུས་དྲན་ལ་ཆད་མེད་དུ་འགྲོ་བཞིན་ཡོད་ལ། ལས་འགུལ་གཞན་པའིནང་དུ་འང་གང་མང་ཞུགས་མྱོང་མཁན་ཞིག ངོ་རྒོལ་གང་དུ་བྱས་ཀྱང་སྐད་འབོད་མང་ཆེ་བའི་ནང་དུ་བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་པའི་འབོད་ཚིག་འདི་རྒྱུན་དུ་ཐོས་རྒྱུ་ཡོད་པའི་འབོད་ཚིག་ཞིག་རེད་མོད། དེ་རིང་གི་གསར་འགོད་པ་འདི་སུམ་ཅུའི་དུས་དྲན་ལ་འགྲོ་མ་མྱོང་མཁན་ཞིག་གམ། ཡང་ན་རྣ་ལ་སྐྱོན་ཡོད་པ་ཞིག་ཡིན་ས་རེད།

    Reply
  11. གཤིན་རྗེ་ནག་པོ། says:
    ལོ་ 13 སྔོན།

    ལུས་ཀྱང་ཡིན། བོད་ལ་རང་བཙན་ཁོ་ན་དགོས། ལུས་ལུགས་དང་ཁེ་ཕན་གང་གི་ཆེད་དུ་འང་འདོར་ཐབས་མེད་དེ། འདི་ནི་བོད་མིའི་སེམས་ཁོང་གི་གླུ་སྒྲ་ཡིན། འགའ་རེས་བོད་རང་བཙན་ཐོབ་ན་འབྱོར་བས་ཕོང་ངེས་པས་དེ་ལས་རང་དབང་རྩོད་དགོས་ཟེར་གྱི་ཡོད། དེ་གདུག་རྩབ་ཅན་གི་ཆབ་སྲིད་ཀྱི་སྣ་སུན་མ་ཕོག་པ་རང་ཡིན། འདི་ཡི་དཔེ་མཚོན་གསལ་ཤོས་ནི་༼ཡ་ཧུ་ད་པ་དག་གི་རང་སྲོག་བསད་པའི་ལོ་རྒྱུས།༽་དང་༼ཁུང་ཙིའི་རྣམ་ཐར་ནང་གི་སྟག་ལས་ཀྱང་གདུག་རྩུབ་ཆེ་བའི་ཆབ་སྲིད།༽དག་ལ་ལྟོས་དང་གོ་རྒྱུ་ཡོད་པ་རེད།

    Reply
  12. ཤིང་ལོ། says:
    ལོ་ 13 སྔོན།

    ང་ཚོ་ལ་གང་ཞིག་དགོས་ཀྱི་ཡོད་མེད་སུས་ཀྱང་ཤེས་ཀྱི་རེད། སྐད་འབོད་ཀྱི་ནང་དོན་ལྟར་ཡོང་མིན་གང་ལྟར་ཡང་། ལས་འགུལ་སྤེལ་དགོས་ཀྱི་གལ་ཆེན་པོ་རེད། ཐུགས་རྗེ་ཆེ།

    Reply
  13. Thupten Lekshe says:
    ལོ་ 13 སྔོན།

    གསར་འགོད་པས་འདས་པའི་ལོ་བཅུ་ཕྲག་ནང་བོད་རང་བཙན་གྱི་འབོད་ཚིག་ཐོག་མ་ཡིན་སྐོར་བཤད་པ་བདེན་པ་མ་རེད། གསར་འགོད་པས་གསར་རྟགས་བསྟན་པ་རང་རེད། ལོ་རེ་བཞིན་གསུམ་བཅུའི་དུས་དྲན་སྐབས་མེག་ལོར་ནས་རྡ་ཤོད་བར་གྱི་གོམ་བགྲོད་སྐབས་འབོད་ཚིག་དེ་བཞིན་སྒྲོག་བཞིན་ཡོད་པ་དང་། དམིགས་བསལ་ཉེ་སྔོན་ ༢༠༡༡ ཟླ་ ༡༠ ནང་ལྡི་ལིར་གཞུང་འབྲེལ་ལས་འགུལ་ཆེན་མོའི་སྐབས་བོད་རང་བཙན་གྱི་འབོད་ཚིག་ཤུགས་ཆེན་སྒྲོག་པ་ང་རང་རང་གིས་མཐོང་སོང་།

    Reply
  14. ཚེ་རིང། says:
    ལོ་ 13 སྔོན།

    གསར་འགོད་པས་དོ་སྣང་མ་བྱུང་བ་མིན་ནམ། བོད་རང་བཙན་བྱི་འབོད་ཚིག་དུས་རྒྱུན་གོ་རྒྱུ་འདུག་ལ། སྐད་འབོད་ཁྲོམས་སྐོར་སྐབས། ང་ཚོར་ག་རེ་དགོས་ཟེར་དུས་བོད་རང་བཙན་དགོས་ཞེས་འབོད་པ་དེ་བཙན་བྱོལ་བོད་མི་ཚོའི་ཁ་ལ་གོམས་བསྡད་ཡོད་པ་རེད། ལོ་ཤས་ནང་བོད་རང་བཙན་གྱི་འབོད་ཚིག་ཐོག་མ་ཞེས་བརྗོད་ན་འགྲིག་མི་འདུག གསར་འགོད་པ་དང་རྩོམ་སྒྲིག་པས་དེ་ལུགས་མཆན་དེ་གཏོང་རོགས་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese