མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནས་མེ་འབར་ཐུབ་ན་བཙན་བྱོལ་ནས་དུ་བ་འཕྱུར་ཐུབ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp
རྡོ་རྗེ་རིན་ཆེན།
ལོ་གསར་བའི་རྗེས་ཉིན་རེའི་ལས་དོན་གྱི་ཞོར་ནས་བོད་ལ་ལྟ་བ་དང་རྒྱལ་སྤྱིར་ཉན་ཅི་ཐུབ་བྱེད་བཞིན་ཡོད། དེ་ཡང་བོད་ནང་གི་གནས་སྟངས་ཛ་ཇེ་དྲག་དང་སུམ་བཅུ་དུས་དྲན་ལ་ཉེ་བར་ཕྱོགས་པས་ཡིན། ཏག་ཏག་གྲོགས་པོ་ཞིག་གིས་ཁ་པར་བརྒྱུད་དེ་རིང་རྒྱ་ལོའི་ལོ་གསར་ཉིན་བོད་མདོ་སྨད་རྔ་བ་རྨེའུ་རུ་མ་དང་རྔ་བ་ཁྲོམ་གཞུང་སོགས་ནས་ལོ་གསར་རྒྱུའི་དོད་དུ་ཚོང་སྒོ་ཕྱེ་བ་དང་། སྟོད་གོས་ཕུད་ཅིང་རྩམ་སྐྱ་བགམ་སྟེ་རང་ལུས་མེར་བསྲེགས་གནང་བའི་དཔའ་བོ་དཔའ་མོར་ཚོར་མྱ་ངན་གུས་འདུད་ཀྱིས་རྗེས་དྲན་དང་། ལོ་རྒན་པ་རྣམས་ཀྱིས་མ་ཎི་དང་སྟོང་བཤགས་གྲང་གསོག མཆོད་མེ་བརྒྱ་མཆོད་དང་སྟོང་མཆོད་སོགས་རང་འགུལ་གྱིས་སྤར་ཏེ་ཆོས་ཕྱོགས་ཀྱི་ཡོ་ལང་གཞི་རྒྱ་ཆེ་བ་ཞིག་རྩོམ་བཞིན་པ་དང་དགོང་མོ་ཡང་མར་མེ་ཁྲོམ་སྐོར་བྱ་རྒྱུའི་རྣམ་འགྱུར་ཡོད་ཚུལ་བཤད་བྱུང་། འཇིགས་སྣང་ཅན་གྱི་གནས་ཚུལ་དེ་ཞིབ་ཕྲ་ཤེས་རྟོགས་ཆེད་བཙན་བྱོལ་བོད་མིའི་གཞུང་སྒེར་གཉིས་ཀྱི་གསར་ལམ་ཁག་ལ་ཉུལ་ཡང་གནས་ཚུལ་དེ་སྐོར་གང་ཡང་མཐོང་ཐོས་མི་འདུག
ཚང་མས་རྒྱུས་མངའ་བཞིན་བར་ལམ་བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཛ་ཇེ་དྲག་ཏུ་འགྲོ་བཞིན་པ་དང་།  དེའི་ཐད་ཨ་རི་གཞུང་དང་། ས་ཧྥ་རན་སི་གཞུང་། འཇར་མན་གཞུང་རྣམས་ཀྱིས་གཅིག་རྗེས་གཅིག་འཕྲོར་རྒྱ་ནག་ལ་སྐྱོན་བརྗོད་གནང་ཡོད་པ་མ་ཟད། པེ་ཅིང་དུ་གནས་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་དང་། མཉམ་འབྲེལ་རྒྱལ་ཚོགས་བཅས་ནས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད་གནང་ཡོད། དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་རྟོག་ཞིབ་ཚོགས་པས་ཀྱང་ཉེ་ཆར་སྙན་ཐོ་འདོན་སྤེལ་བྱས་ཏེ་བོད་ཀྱི་གནད་དོན་གཙོ་བོར་ཚུད་པའི་རྒྱ་ནག་གི་འགྲོ་བ་མིའིོ་ཐོབ་ཐང་ཐད་སྐྱོན་བརྗོད་བྱས་ཡོད་ལ། རང་མིན་ཨ་རིའི་ནང་བོད་ཀྱི་གནད་དོན་སྐོར་ལ་ཉམས་ཞིབ་ཚོགས་འདུ་ཞིག་བསྐྱང་འཆར་ཡོད་པ་སོགས་ནི་ཉེ་བའི་ཁྲོད་ཀྱི་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གྱི་གཡོ་འགུལ་ལམ་མཐོ་རླབས་ཤིག་ཡིན།
རེད་ཡ།  སྟབས་ཡག་པའི་མཐོ་རླབས་དེ་དག་ནི་མེ་མདའི་རྩེ་གྲི་འོག་འཚོ་བཞིན་པའི་གཞིས་ལུས་བོད་མི་ཚོའི་སྙིང་སྟོབས་དང་། མངོན་འདོད། ཆོད་སེམས་བརྟན་པོ་བཅས་ལ་བརྟེན་ནས་བྱུང་ཡོད།  རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གྱི་འཕྲིན་ལས་རྒྱས་བཞིན་པའང་ཁོང་ཚོའི་བཀའ་དྲིན་ཡིན། བོད་མི་ཚོ་འ་ཆད་ཨུ་ཐུག་གིས་བློས་གཏོང་ཆེན་པོའི་དུས་འགྱུར་ཞིག་ལ་མངོན་དུ་ཕྱོགས་པའི་སྐབས་འདིར་ང་ཚོས་ངེས་པར་དུ་དུས་ཚོད་དང་གོ་སྐབས་དམ་འཛིན་བྱ་ཤེས་དགོས།
ཁ་གསལ་བོར་བཤད་ན། རྒྱལ་སྤྱིའི་ཐོག་གི་བོད་ཀྱི་གནད་དོན་དེ་དག་ཁོར་ཡུག་གཉིས་པ་ཞིག་བརྒྱུད་ནས་རྒྱུས་ལོན་བྱེད་ཀྱི་ཡོད་པ་དང་། དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་ཡིག་ཆ་ཁག་ལ་གཙོ་བོར་བརྟེན་བཞིན་ཡོད། དེར་བརྟེན་རྩོམ་ཡིག་འདིའི་མགོ་བརྗོད་ཀྱི་ཁ་བྱང་སྟེ་‘‘བོད་ནས་མེ་འབར་ཐུབ་ན་བཙན་བྱོལ་ནས་དུ་བ་འཕྱུར་ཐུབ་དགོས་’’ཞེས་པ་དེ་ཡང་། བོད་ནས་གནས་ཚུལ་གང་ཞིག་བྱུང་མ་ཐག་གནས་ཚུལ་དེ་ཚོ་རྒྱལ་སྤྱིའི་གསར་ལམ་ཁག་ལ་ཁུང་འཕེར་བརྒྱུད་སྒྲོག་གིས་བོད་ནང་གི་ལས་འགུལ་དང་ཁྱབ་བསྒྲགས་གཉིས་དུས་མཉམ་ཡོང་ཐུབ་པ་ཞིག་ལ་ང་ཚོས་འབད་བརྩོན་བྱ་དགོས། རང་དབང་གི་ཁོར་ཡུག་ན་འཚོ་བའི་བོད་མི་ཚོས་བྱེད་ཐུབ་པའི་ལས་དོན་ཡང་དེ་ཡིན་པར་བསམ་ལ། དེ་ལྟར་བྱས་ན་བོད་ནང་གི་ལས་འགུལ་དག་དང་དཔུང་བ་མཉམ་གཤིབ་དང་གོམ་པ་མཉམ་སྤོས་བྱ་སྟངས་ཤིག་དང་། ལས་འགུལ་གྱི་ཐབས་བྱུས་འདིང་སྟངས་ཤིག་ཀྱང་ཅི་ལ་མིན།
ཡིན་ནའང་དེ་རིང་རྒྱ་ལོའི་ལོ་གསར་ཚེས་གཅིག་ཉིན་ཁམས་བྲག་མགོར་བོད་ཀྱི་རྒྱལ་དར་བསྒྲེངས་ཤིང་། མང་ཚོགས་ཁྲོད་མེ་མདའ་བརྒྱབ་སྟེ་བོད་མི་ཤི་རྨས་ཚབས་ཆེན་དང་། དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་གནས་ཚུལ་དེ་ཚོ་བོད་ཀྱི་དུས་བབ་དྲ་བར་ཁྱབ་སྤེལ་བྱས་ཏེ། དུས་ཚོད་གསུམ་ཙམ་གྱི་རྗེས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་གནས་ཚུལ་སླེབས་ཡོད། དེ་དང་ཕྱོགས་མཚུངས་འདས་སོང་རྣམས་སུ་ཡང་གནས་ཚུལ་མང་པོ་ཞིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་རྣམས་སུ་སྒེར་གཉེར་གསར་ལམ་ཁག་ཏུ་ཐོན་པ་ཁག་ཅིག་བསྐྱར་བསྒྲིགས་བྱས་ཏེ་བཀོད་པའང་གང་འཚམས་བྱུང་ཡོད།
གནད་དོན་འདིས་ཇི་ཞིག་གསལ་བཤད་ཐུབ་དམ་ཞེ་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཐད་ཀར་བོད་ནང་གི་ལས་འགུལ་ཁག་ལ་སྙོབ་ཐུབ་ཀྱི་མེད་པ་དེ་མཚོན་ཞིང་། དེའི་རྐྱེན་གྱིས་རྒྱལ་སྤྱིའི་བར་དང་བོད་ནང་གི་ཛ་དྲག་གི་ལས་འགུལ་གཉིས་དབར་ལ་འབྲེལ་མཐུད་བྱ་རྒྱུར་འཕྱི་དྲག་པ་སོགས་འཐུས་ཤོར་གནས་སྟངས་གང་འཚམས་ཤིག་འབྱུང་བཞིན་པ་ཤོད་ཅི་ལ་དགོས། དེ་བཞིན་ཉེ་བའི་ཆར་སེ་ར་ཉེ་འཁྲིས་ཀྱི་གྲོང་ཚོ་ཞིག་ལ་རྒྱ་ནག་དྲག་ཆས་ཉེན་རྟོག་པ་དང་དམག་མི་ཟུང་འབྲེལ་གྱིས། བོད་མི་འཛིན་བཟུང་བྱེད་བཞིན་པའི་ཡ་ངའི་འོད་སྡེར་ཞིག་སླེབས་པ་དེ་ཡང་ཚད་མཐོ་བོའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་འགྲེམས་སྤེལ་མ་ཐུབ་པ་སོགས་ནི་དུས་ཚོད་དང་གོ་སྐབས་དམ་འཛིན་བྱེད་སྟངས་མ་ཤེས་པའམ་ཡང་ན་ལྷོད་གཡེང་དུ་ཕྱིན་པའི་སྐྱོན་ཆ་ཞིག་རེད་སྙམ།
རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གྱི་ཚ་རླབས་གང་འཚམ་ཞིག་རྒྱས་བཞིན་པའི་སྐབས་སུ་ང་ཚོ་གཞུང་དམངས་གཉིས་ཀ་སོས་དལ་ལྷོད་གཡེང་ངང་བཞུགས་པའི་དུས་མིན་པར།  རྣ་བ་བོད་ལ་གཟེད་ཅིང་མིག་གིས་བོད་ལ་ལྟ་བར་ཐབས་བརྒྱ་ཇུས་གཏོང་གིས་དུས་ལྟར་གནས་ཚུལ་རྒྱུས་ལོན་དང་། རྒྱལ་སྤྱིའི་ཐོག་སྙན་སྒྲོན། སྐབས་བབས་བྱ་འགུལ་ཅི་ཞིག་རྩོམ་དགོས་མིན་ཐད་གྲ་སྒྲིག་ཨང་གསར་བྱས་ཏེ།  ང་ཚོ་རྟག་པར་གཞིས་ལུས་བོད་མི་ཚོ་དང་མཉམ་དུ་འགྲེང་ཐུབ་དགོས།
ང་ཚོས་གྲ་སྒྲིག་ཚང་མ་ང་ཚོའི་ཁ་གཏད་ཕྱོགས་ཀྱི་སྔོན་དུ་འགྲོ་དགོས་པ་ལས་རྗེས་སུ་ལུས་མི་རུང་། ཟླ་གཉིས་པའི་འགོ་སྟོད་ནས་བཟུང་བོད་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་གནས་ཚུལ་ཐོན་ཡོད་པ་མ་ཟད། རྒྱ་ནག་དབུས་དྲ་རྒྱ་སྟངས་འཛིན་སྤྱི་ཁྱབ་ཀྱིས་དྲ་ལམ་བེད་སྤྱོད་གནང་མཁན་རྣམས་སུ་ངོ་རྟགས་ཆོད་པའི་དཔང་ཡིག་དགོས་པའི་ལས་གཞི་ཞིག་ཀྱང་གསལ་བསྒྲགས་བྱས་ཡོད། དེ་བཞིན་རྒྱ་དཀར་ནག་གི་ས་མཚམས་གྲོས་མོལ་དང་། རྒྱ་ནག་སྲིད་བློན་ཝུན་ཇ་པའོ་ཡིས་བལ་ཡུལ་ནང་གཟིགས་སྐོར་དང་རོགས་སྐྱོར་ལས་གཞི། ཉེ་ཆར་བོད་རང་སྐྱོང་ལྗོངས་སུ་འཚོགས་པའི་ཚོགས་ཆེན་གཉིས་དང་། རྒྱ་གར་མུམ་བྷེ་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གིས་རྩ་འཛུགས་ལྡན་པའི་གསང་ཉུལ་བ་མི་བདུན་ཆེད་གཏོང་གིས་བཙན་བྱོལ་ནང་གི་ལས་གཞི་ཁག་ལ་རྟོག་ཞིབ་བྱ་རྒྱུ་ཡིན་པའི་གནས་ཚུལ་རྣམས། བོད་ནང་གི་མིག་སྔར་གྱི་ཛ་དྲག་གནས་བབ་དང་། སླེབས་ལ་ཉེ་བའི་སུམ་བཅུའི་དུས་དྲན་ལ་དམིགས་ཡོད་པ་ཞིག་ཡིན་སྲིད་ལ། ལར་ནས་ཉེན་ཁ་ཆེ་ཤོས་ཏེ་མི་རིང་བར་རྒྱ་གཞུང་གིས་བོད་ཡོངས་ལ་སྒོ་རྒྱག་པའི་སྲིད་བྱུས་ཤིག་སྤེལ་ཉེན་ཡོད་པ་དེ་རེད། གལ་སྲིད་དེ་ལྟར་བྱས་ན་ང་ཚོས་ཇི་ལྟར་བོད་ནས་མེ་འབར་ན་བཙན་བྱོལ་ནང་དུ་བ་འཕྱུར་ཐུབ་པའི་ལས་འཆར་འགོད་རྒྱུ་ཡིན་ནམ། གནད་དོན་འདིའི་ཐད་གཞུང་སྒེར་གཉིས་ནས་མ་འཕྱི་ཞིང་མ་འགྱོད་པའི་གྲ་སྒྲིག་ཅིག་ལ་བརྩོན་དགོས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 12

  1. བཙན་པོའི་བུ། says:
    ལོ་ 14 སྔོན།

    བོད་ནས་མེ་འབར་སྐབས་བཙན་བྱོལ་ནས་སེམས་འཚིགས་དགོས་པ་རེད། སེམས་མ་འཚིགས་ན་དུ་བ་ཕྱུར་ཀྱང་རླུང་བུ་རྒྱག་ཐ྄ེངས་གཅིག་ལ་དུ་བ་ཡལ་གྱི་རེད། སེམས་འཚིགས་ན་དུ་བ་རང་བཞིན་དུ་ཡོད་ཡོད་པ་རེད། སེམས་འཚིགས་སྟངས་དེ་ཡང་བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་འཚིགས་པའི་རྒྱུ་རྐྱེན་གྱིས་ང་ཚོའི་སེམས་འཚིགས་པ་ཙམ་མིན་པར་མི་རིགས་འདི་འཚིགས་ན་རང་ཉིད་ཀྱང་ཉིན་དེ་ནས་མེ་དོང་ནང་ལྷུང་བའི་གནས་ལུགས་དེ་རྟོགས་དགོས། ང་ཚོའི་མི་རིགས་འདི་བོད་མི་ས་དྲུག་ཙམ་གྱི་བདེ་སྡུག་དང་ངོ་བོ་བསྲུང་མཁན་ཙམ་མིན་པར་དེ་བས་མ་འོངས་པའི་བོད་རིགས་མང་པོའི་ལས་དབང་ཡང་ད་ལྟའི་ང་ཚོའི་བྱ་སྤྱོད་ལ་རག་ལུས་ཡོད། དུས་རབས་དགུ་པའི་མེས་པོ་ཚོའི་ནོར་འཛོལ་དེའི་མཇུག་འབྲས་ངན་པ་ད་ལྟ་ང་ཚོའི་དུས་སུ་ཡོང་གི་ཡོད་པ་རེད། གནས་ལུགས་དེ་ལ་བ྄རྟེན་ནས་ང་ཚོས་བསམ་བློ་གཏོང་དགོས་ལ་བྱ་སྤྱོད་ཀྱང་དེ་མཚུངས་སྤེལ་དགོས།་

    Reply
  2. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་གི་དུ་བ་འདི་རྩའི་དུ་བ་རེད་ནམ་སང་ཤི་འགྲོ་ཀི་རེད། བོད་ནང་གི་མེ་དང་དུ་བ་གཉིས་ཀ་བོད་མི་རིགས་ཀྱི་ཤ་ཁྲག་ལས་བྱུང་བ་རེད། དུ་བ་འཕྱུར་སྟངས་དང་མེ་འབར་སྟངས་ཁྱོན་ནས་འདྲ་ཀི་མ་རེད།

    Reply
  3. བཀྲ་ཤིས་ལྷ་མོ། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་ནས་དུ་བ་འཕྱུར་དགོས་པ་ཤེས་ན། དང་པོ་རྡོ་རྗེ་རིན་ཆེན་ལགས་ནས་དབུ་འཛུགས་ཤིག་གནང་ན་་གང་འདaaར་འདུག་ལགས།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    བོད་མིས་ཡར་ལངས་ལས་འགུལ་གྱི་མེ་གཏང་སྟེ།
    དྲིལ་བསྒྲག་གི་དུ་བ་རྒྱལ་སྤྱིའི་ཐོག་ཏུ་འཕྱུར་འཇུག་དགོས། བོད་ནང་ལུས་སྲོག་ལོངས་སྤྱོད་ཚང་མ་བློས་གཏོང་བཞིན་དུས། ང་ཚོ་འཇམ་ཐིང་ངེར་སྡད་བཟོད་ག་ལ་ཡོད། ལས་འབྲས་ལའང་མི་རུང་། ཕན་འབྲས་ཡོད་མེད་ལ་མ་བསྟོས་པར་དབུ་མ་དང་རང་བཙན་གྱི་ལྟ་བ་གང་ཡིན་རུང་སོ་སོའི་འདོད་པ་བཞིན་ལས་འགུལ་སྤེལ་དགོས། 

    Reply
  5. ཚ་ཤོད་ཤེས་རབ། says:
    ལོ་ 14 སྔོན།

    ལམ་དབུ་མ་དང་རང་བཙན་གྱི་མེ་དུ་ཅི་ཞིག་འཕྱུར་མིན་ཐད་གཞིས་ལུས་བོད་མི་གཙོས་བོད་རྒྱ་ཆེ་མི་མང་གི་མང་མོས་མངོན་འདོད་ཅིག་གིས་ཐོག་རིམ་གྱིས་འབབ་དགོས་པ་ལས་འདི་ནས་ད་ལྟ་སུ་ཞིག་གིས་ཁ་ཚོན་གཅོད་མི་ཐུབ།

    Reply
  6. རྟ་མགྲིན་རྡོ་རྗེ། says:
    ལོ་ 14 སྔོན།

    བལྟས་ཡོང་དུས་མཆན་འགོད་པ་ཁག་ཅིག་སེམས་ཤུགས་ཆག་པའི་གཟོ་འདུག ད་ལྟ་བོད་ནང་ཛ་དྲག་ཏུ་གྱུར་པའི་སྐབས་སུ་སེམས་ཤུགས་མི་ཆག་པར་སྙིང་ལ་རུས་པ་འཇུག་དགོས། བཙན་བྱོལ་སྒྲིག་འཛུགས་ཀྱིས་གཞི་རྩའི་སྣེ་ཁྲིད་ལམ་སྟོན་དང་། རྒྱལ་སྤྱིའི་ཐོག་སྙན་ཞུ་འབུལ་བ། དེ་བཞིན་གཞུང་སྒེར་གཉིས་ལས་གྲུབ་པའི་ཛ་དྲག་ཚོགས་ཆུང་ཞིག་འཕྲལ་མར་བཙུགས་ཏེ་གནས་ཚུལ་མཁྱེན་རྟོགས་དང་
    བརྒྱུད་བསྒྲགས། ལས་འགུལ་གྱི་གོ་རིམ་དང་མཇུག་འབྲས་སོགས་ལ་ལས་འཆར་འགོད་རྒྱུ་དང་། གཞུང་སྒེར་གསར་ལམ་ཁག་གིས་དུས་ལྟར་གནས་ཚུལ་མཁོ་སྒྲུབ། གནས་ཚུལ་འབྱུང་ཡུལ་གྱི་འབྲེལ་ཡོད་བོད་མི་ཚོས་ཀྱང་གནས་ཚུལ་ཤེས་རྟོགས་ཀྱིས་གསར་ལམ་ཁག་དང་ཛ་དྲག་ཚོགས་ཆུང་ལ་གནས་ཚུལ་འབུལ་བ། ཛ་དྲག་ཚོགས་ཆུང་དེ་ངོས་ནས་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ལ་འབྲེལ་མཐུད་ཀྱིས་བོད་ཀྱི་ཛ་དྲག་གནས་སྟངས་རྒྱལ་སྤྱིའི་གསར་ལམ་ཁག་ནས་འབར་འཇུག་རྒྱུ། ཆབ་སྲིད་ཚོགས་པ་ཁག་གིས་དུས་བསྟུན་ལས་འགུལ་ཁག་ལ་རམ་འདེགས་སམ། ཡང་ན་དམིགས་ཡུལ་གཅིག་གི་སྟེང་ལས་འགུལ་འདྲ་མིན་སྤེལ་རྒྱུ། ཤེས་ཡོན་ཅན་ཚོས་ཐབས་ཇུས་འདོན་པ་སོགས་ཚང་མས་མཉམ་རུབ་བྱས་ན་གྲུབ་འབྲས་གང་འཚམས་ཐོན་ངེས།

    Reply
  7. ནད་པ says:
    ལོ་ 14 སྔོན།

    རྡོ་རྗེ་རིན་ཆེན་དང་ཀརྨ་སོགས་ལ་ཞུ་རྒྱུར་བོད་ནས་མེ་འབར་ན་བཙན་བྱོལ་ནས་དུ་བ་ཕྱུར་དགོས་ཞེས་གསུངས་པ་བདེན། ད་དུང་རང་བཙན་དང་དབུ་མ་གཉིས་ཀྱི་དུ་བ་གང་ཕྱུར་ཡང་འགྲིག

    ཡིན་ནའང་བཙན་བྱོལ་འདིར་དུ་བ་འགྲོ་སའི་དུར་ཁུང་གི་ཨི་གང་འགག་ནས་ད་བར་དུ་བ་འགྲོ་སའི་དུར་ཁུང་ཡག་པོ་ཞིག་མེད་ནས་དུ་བ་རང་མལ་དུ་ཡལ་གྲབ་བྱེད་བཞིན་པའི་གནས་སུ་གྱར་བཞིན་ཡོད།

    Reply
  8. ཐོ་རེངས། says:
    ལོ་ 14 སྔོན།

    ༄། བཙན་བྱོལ་བོད་མིའི་དུ་བ་ནུབ་ཕྱོགས་ལ་འཕྱུར་གྱིན་ཡོད།
    ནུབ་ཕྱོགས་ལ་འཕྱུར་ནས་རང་གི་ཁ་གསོ་ཐབས་འབའ་ཞིག་གི་ཕྱོགས་ལ་འཕྱུར་གྱིན་ཡོ།
    བཙན་བྱོལ་བོད་མིའི་དུ་བ་བོད་ཀྱི་སྐད་ཡིག་གི་ཐོག་ལ་འཕྱུར་གྱིན་ཡོད། རང་གི་སྐད་ཡིག་ལ་བརྙས་བཅོས་དང་མཐོང་ཆུང་བྱེད་པའི་ཕྱོགས་ལ་འཕྱུར་གྱིན་ཡོད།
    བཙན་བྱོལ་བོད་མིའི་དུ་བ་རྐུབ་རྟེགས་དང་འཐེན་ཁྱེར་གྱི་ཕྱོགས་ལ་འཕྱུར་གྱིན་ཡོད།
    རྐུབ་རྟེགས་སུ་མཐོ་དང་ཆོལ་གསུམ་འཐེན་ཁྱེད་སུ་མཁས་ཀྱི་ཕྱོགས་ལ་རྒྱུན་མི་ཆད་པར་འཕྱུར་གྱིན་ཡོད།

    Reply
  9. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ལས་འགུལ་སྤེལ་དགོས་པ་བདེན་པ་རེད། འོན་ཀྱང་ལས་འགུལ་མ་སྤེལ་སྔོན་དུ་ཐབས་བྱུས་འདིང་དགོས། ཐབས་བྱུས་གལ་ཆེ་ཤོས་ཡིན། རྒྱལ་ས་ཆེ་ཁག་ལ་ངོ་རྒོལ་ཞིག་སྤེལ་བ་ཡིན་ན་ཡང་ལས་འགུལ་ཡིན། ས་ཡིག་བསྡུ་རུབ་བྱེད་ན་ཡང་ལས་འགུལ་ཡིན། ད་དུང་དེ་ལས་གཞན་པ་གང་ཞིག་བྱེད་རྒྱུ་འདུག་གམ་གིཟགས་དགོས།

    Reply
  10. གཤིན་རྗེ་ནག་པོ། says:
    ལོ་ 14 སྔོན།

    རེད་ཡ། བོད་ནང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཁ་ཞེ་མེད་པར་བསམ་པ་དག་པའི་སྒོ་ནས་ལུས་སྲོག་ལོངས་སྤྱོད་ཆ་ཚང་བཏོང་ཕོད་དུས། བཙན་དུ་ཡོད་པ་དག་གིས་ཁོང་རྣམ་པ་དག་གི་རོ་ཟ་རོ་ཚོང་ཤེས་ཙམ་བྱས་ནས་མ་བསྡད་པར་ལས་འགུལ་སྤེལ་ལུས་ཀྱང་དགོས། གཞིས་ལུས་སྤུན་ཟླ་ཁྱི་སྔོན་གྱི་གློ་བ་བྱས། བྱེས་སུ་རང་གི་ཁ་ཕོར་དང་རྐུབ་སྟེགས་རྩོད་དེ་བསྡད་ན་ངོ་མ་རྒྱུ་འབྲས་ལ་རུང་གི་མ་རེད། མི་དགོས་ས་དེར་༼རིས་མེད་སྨོན་ལམ་༽ལྟ་བུ་ཆབ་སྲིད་ཀྱི་གདིང་ཆ་བསྐྲུན་ཏེ་ནང་ཁོལ་ལ་གཡོ་སྒྱུ་བཀྲབ་མི་འདུག་པར། མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མི་འདུག་པར། ཡོད་ན་ད་ལས་འགུལ་སྤེལ་དང་།

    Reply
  11. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཁྱེད་པར་གང་ཡང་མེད་པས་དེ་གཉིས་གང་ཡིན་ན་ཅིག་འཕྱུར་གིན་ལ་་སྡད་ན་འགྲིག་གོ།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རང་བཙན་གྱི་དུ་བ་འཕྱུར་དགོས་སམ། ཡང་ན། གཉིས་སྨན་དབུ་མའི་དུབས་སྒྲིག་འཐུས་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese