མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༡ ལོའི་རྒྱ་ནག་ནང་གི་གསར་འགྱུར་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

༢༠༡༡ ལོར་རྒྱ་ནག་སྐམ་སའི་ནང་སྔ་རྗེས་བྱུང་བའི་གསར་འགྱུར་ཆེ་ཁག་བཅུ་ཕྱོགས་བསྡུས།

 

མེ་ཏོག་བ་སྤྲུའི་གསར་བརྗེ།

ཕྱི་ཟླ་ ༢ ཚེས་ ༡༧ ནས་བཟུང་རྒྱ་ནག་མི་མང་གིས་རྒྱལ་སྤྱིའི་གནས་འཕྲིན་དྲ་རྒྱའི་སྟེང་། རྒྱ་ནག་ནང་གཟའ་ཉི་མ་ནམ་ཡིན་ལ་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་སྤེལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཏེ། པེ་ཅིན་དང་། ཧྲང་ཧེ། ཀུང་ཀྲུག ཁྲིན་ཏུའུ་སོགས་གྲོང་ཁྱེར་ཆེ་ཁག་ ༣༠ ལྷག་ནང་བསྟུད་མར་བདུན་ཕྲག་འགའི་རིང་མི་མང་འདུ་ཚོགས་ཀྱི་ལས་འགུལ་སྤེལ་བར་བརྟེན། རྒྱ་ནག་སྤྱི་ཚོགས་ནང་དམངས་གཙོའི་གསར་བརྗེ་ཀྱི་བསམ་བློའི་གཡོ་འགུལ་ཤུགས་ཆེར་བྱུང་ཡོད།

རྒྱ་ནག་ནང་གངས་སྐྱོན།

ཕྱི་ཟླ་ ༡ པོའི་ཟླ་སྟོད་ལ་རྒྱ་ནག་ལྷོ་ཕྱོགས་མངའ་སྡེ་ཧའོ་ནན་དང་། སི་ཁྲོན། ཁྲུང་ཆིན། ཀོས་ཀྲུག་བཅས་ཀྱི་ནང་ཁ་བ་ཤུགས་ཆེན་བབས་ཏེེ། མི་མང་གི་སྡོད་ཁང་ ༡༢༠༠ ལྷག་རྡིབ་བཤིག་དང་ ༦༦༠༠ ལྷག་ལ་གནོད་སྐྱོན་ཐེབས་ཏེ། མང་ཚོགས་ཁྲི་ ༥་༨ ལྷག་དགུན་འཁྱག་གི་ནམ་ཟླའི་ནང་གནས་སྤོར་བྱེད་དགོས་བྱུང་བ་དང་། མང་ཚོགས་ཁྲི་ ༣༨༣་༣ འཚོ་བར་དཀའ་ངལ་འཕྲད་ཡོད་ལ། ས་ཞིང་མུའུ་ཁྲི་ ༡༤༢༤༠ གྱི་སོན་འབྲུ་དང་སྔོ་ཚལ་ཡོངས་རྫོགས་ཁེངས་ཤི་ཐེབས་པ་དང་། འགྲིམ་འགྲུལ་བརྒྱུད་ལམ་ཡོངས་རྫོགས་འགག་སྟེ། སྤྱིའི་གནོད་འཚེ་གྱོང་གུད་རྒྱ་སྒོར་དུང་ཕྱིར་ ༡༣་༥ ལ་སླེབས།

ནང་སོག་གི་ཡར་ལངས།

ཕྱི་ཟླ་ ༥ ཚེས་ ༡༠ ཉིན། རྒྱ་གཞུང་གི་རྡོ་སོལ་གཏེར་འདྲེན་རླངས་འཁོར་ཞིག་གིས་སོག་རིགས་འབྲོག་པ་མའོ་རི་ཀའེ་དམར་གསོད་བཏང་བར་བརྟེན། ཕྱི་ཚེས་ ༣༠ ཉིན་ནང་སོག་མཐོ་སློབ་ཁག་གཙོས་མི་མང་ཁྲི་སྟོང་མང་པོ་འདུ་འཛོམས་ཐོག ནང་སོག་ཏུ་འདས་པའི་ལོ་ ༥༠ རིང་བྱུང་མྱོང་མེད་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་རིམ་པར་བྱས་པ་དང་། ཕྱི་སྡོད་སོག་རིགས་ཚོས་ཀྱང་རྒྱའི་གཞུང་ཚབ་ཁག་གི་སྒོ་ཁར་ངོ་རྒོལ་སྐད་འབོད་བྱས་ཡོད། དེ་ནི་རྒྱ་དམར་གྱི་དབང་སྒྱུར་འོག་ཡོད་པའི་ལྷོ་སོག་པའི་ནང་འདས་ལོ་བཅུ་ཕྲག་འགའི་རིང་། ས་གནས་སོག་རིགས་མི་མང་གིས་སོ་སོའི་ས་ཁོངས་དང་རིག་གཞུང་གི་བདག་དབང་འཐབ་རྩོད་ཀྱི་ལས་འགུལ་གྱི་རླབས་རྒྱུན་གསར་བ་ཞིག་ཆགས་ཡོད།

ཆར་ཞོད་གནོད་འཚེ།

ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གི་འབྲི་ཆུའི་འབབ་རྒྱུད་ས་ཁུལ་དུ་ཆར་ཞོད་རྒྱག་མགོ་བརྩམས་ཡོད་པ་དང་། ཕྱི་ཚེས་ ༡༡ དགོང་མོ་ཨན་ཧེ་དང་ཀྲེ་ཅང་། ཧྥུ་ཅན། ཅང་ཞི། ཧོ་པེ། ཧུའུ་ནན། ཁྲུང་ཆིན། ཀོས་ཀྲུག ཀུང་ཞི་བཅས་ཞིང་ཆེན་ ༡༣ ནང་ཆུ་ལོག་ཆེན་པོ་རྒྱུགས་ཏེ། མི་ ༩༤ རྐྱེན་འདས་དང་མི་ ༧༨ གར་སོང་ཆ་མེད་དུ་གྱུར་ཞིང་། ས་ཞིང་མུའུ་ ༦༩༧༥༠༠༠ དང་ཁང་ཁྱིམ་ ༢༧༡༠༠ ལྷག་གཏོར་སྐྱོན་བྱུང་པ་མ་ཟད། ཟམ་པ་དང་གཞུང་ལམ་སོགས་བསྣུབས་ཏེ་མང་ཚོགས་ཁྲི་ ༤༠ ལྷག་གི་འཚོ་བར་གནོད་འཚེ་ཐེབས་ཡོད།

རྒྱ་མཚོའི་བདག་དབང་རྩོད་རྙོག

ཕྱི་ཟླ་ ༦ ནས་བཟུང་རྒྱ་གཞུང་གིས་ལྷོ་ཤར་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོ་མངའ་ཁུལ་བདག་དབང་ཐད་ཧམ་བཤད་བྱས་ཏེ། ལོ་རྒྱུས་ཐོག་རྒྱའི་མཚོ་དམག་ཐོག་དང་པོར་རྒྱལ་ཁོངས་བརྒལ་ཏེེ་རྒྱལ་སྤྱིའི་མཚོ་ཁུལ་དུ་དམག་སྦྱོང་རིམ་པར་བྱས་པ་དང་། དམག་འཐབ་འཕུར་གྲུ་དང་གཡུལ་འཐབ་གྲུ་གཟིངས་ཆེན་མོ་བཅས་གསར་བཟོ་བྱས་ཏེ་དམག་ཤུགས་རྒྱ་བསྐྱེད་པར་བརྟེན། ཧྥི་ལི་བྷེན་དང་ཝེ་ཋི་ནམ། སིང་བྷ་པུར། འབར་མ་སོགས་ལྷོ་ཤར་ཨེ་ཤ་ཡའི་མཐའ་འབྲེལ་རྒྱལ་ཁབ་ཁག་དང་རྒྱ་ནག་བར་གྱི་ཕྱི་འབྲེལ་ཐད་ལྡོག་ཕྱོགས་ཀྱི་འགྱུར་བ་གསར་བ་ཞིག་སླེབས་མགོ་བརྩམས།

ཅང་གི་འཆི་གསོན་གླེང་སློང་།

ཕྱི་ཟླ་ ༧ ཚེས་ ༦ ཉིན། ཧོང་ཀོང་གི་ཨེ་ཤ་ཡ་བརྙན་འཕྲིན་ཁང་(ATV) གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་འདས་གྲོངས་ཕྱིན་བ་བསྒྲགས་མ་ཐག་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁྱབ་པ་དང་། ལྕགས་ཕག་ལོའི་གསར་བརྗེ་ལོ་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག ཅང་ཙེ་མེན་ཆེས་མཐོའི་གནད་ཡོད་མི་སྣ་ཨང་གཉིས་པའི་རྣམ་པའི་ཐོག་ཡང་བསྐྱར་སྲིད་སྟེགས་སུ་ཐོན་པའི་གནས་ཚུལ་གཉིས་ཀྱིས། ལོ་རྗེས་མའི་རྒྱ་ནག་དཔོན་རིགས་གསར་རྙིང་འཕོ་འགྱུར་ཐད་ནང་ཁུལ་དུ་འགལ་བ་ཤུགས་ཆེ་རུ་འགྲོ་བཞིན་པ་མངོན་ཡོད་སྟབས།  རྒྱལ་ཁབ་ཕྱི་ནང་གི་རྒྱ་རིགས་སྤྱི་ཚོགས་གཙོས་རྒྱལ་སྤྱིའི་སྒང་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད།

མེ་འཁོར་གདོང་ཐུག་དོན་རྐྱེན།

ཕྱི་ཟླ་ ༧ ཚེས་ ༢༣ ཉིན་རྒྱ་ནག་ནང་མྱུར་བགྲོད་མེ་འཁོར་གདུང་ཐུག་ཀྱི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ ༣༩ རྐྱེན་འདས་དང་། མི་ ༡༩༢ ལ་རྨས་སྐྱོན་ཕོག མེ་འཁོར་གྱི་རྒྱུ་སྤུས་གནད་དོན་སྦས་གསང་ཆེད་དོན་རྐྱེན་བྱུང་ཡུལ་དམག་མིས་སྐོར་རྗེས། མྱུར་སྐྱོབ་ལས་གཞི་མ་རྫོགས་པར་བེམ་རོ་མང་པོ་དང་ལྷན་དུ་འཁོར་སྒམ་ས་འོག་ཏུ་སྦས་པ་དང་། ཕྱི་ཟླ་ ༩ ཚེས་ ༢༧ ཉིན་ཧྲང་ཧེ་རུ་ཡང་བསྐྱར་མེ་འཁོར་གདུང་ཐུག་དོན་རྐྱེན་བྱུང་སྟེ་མི་ ༢༧༡ ལ་རྨས་སྐྱོན་བཟོས་པར་བརྟེན། རྒྱ་ནག་གི་ལྕགས་ལམ་བཟོ་སྐྲུན་གྱིས་མཚོན་པའི་ཐོན་སྐྱེད་ལག་རྩལ་དང་རྒྱུ་སྤུས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།  

ཤིན་ཅང་གི་གཏོར་རྒོལ།

ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ཤིན་ཅང་ཧི་ཐེན་གྲོང་ཁྱེར་ནང་ཡུ་གུར་མི་མང་གིས་ཞི་རྒོལ་སྐབས། རྒྱ་དམག་གིས་དྲག་གནོན་བྱས་ཏེ་མི་ ༢༠ དམར་གསོད་དང་མི ༡༠༠ ལྷག་འཇུ་བཟུང་བྱས་སྟབས། ཕྱི་ཚེས་ ༣༠ དང་ ༣༡ ཉིན་གུ་ཧྲི་གྲོང་ཁྱེར་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་འགས་གཏོར་དོན་རྐྱེན་གཉིས་བྱུང་སྟེ། མི་ ༡༡ རྐྱེན་འདས་དང་མི་ ༣༡ ལ་རྨས་སྐྱོན་ཕོག རྒྱ་དམག་གིས་ཡུ་གུར་ངོ་རྒོལ་བ་མི་ ༥ ་དམར་གསོད་དང་མི་ ༥ འཇུ་བཟུང་བྱས་པ་མ་ཟད། ཕྱི་ཟླ་ ༨ ཚེས་ ༢ ཉིན་ཉེན་ཡོལ་བྲོས་བྱོལ་པ་ ༢ དམར་གསོད་བཏང་རྗེས། ཤིན་ཅང་ཨ་ཁི་སུའུ་དང་ཡའེ་ལིས་ས་ཁུལ་ནང་རང་བཙན་སྦྱར་ཡིག་བཀྲམས་ཏེ་མི་མང་གིས་ངོ་རྒོལ་སྐད་འབོད་བྱས་པར། རྒྱ་གཞུང་གིས་མུ་མཐུད་དྲག་གནོན་བྱས་ཏེ་གནས་སྟངས་ཛ་དྲག་འོག་ལྷག་ཡོད།

བུ་མོ་ཡའེ་ཡའེ་ཡི་དོན་རྐྱེན།

ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་གྱི་ཕྱི་དྲོ་རྒྱ་ནག་ཀུང་ཏུང་ཧཱོ་ཧྲན་ས་ཁུལ་གྱི་ཁྲོམ་ར་ཞིག་ཏུ། ལོ་གཉིས་ཅན་གྱི་བུ་མོ་ཡའེ་ཡའེ་གཞུང་ལམ་སྟེང་རླངས་འཁོར་འོག་བརྫིས་རྗེས། ལམ་འགྲོ་བ་མི་ ༡༨ ཀྱིས་མིག་གིས་མཐོང་བཞིན་དུ་ཚོར་མེད་སྣང་མེད་དུ་གཡུགས་པའི་གནས་ཚུལ་བྱུང་རྗེས། རྒྱལ་སྤྱིའི་གསར་ལག་ཁག་ཏུ་དེའི་སྐོར་གྱི་བརྙན་རིས་བརྒྱུད་འགོད་བྱས་ཤིང་།   རྒྱ་དམར་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་བ་འཛུགས་སྐྲུན་ཞེས་འུད་སྒྲོག་དབང་སྒྱུར་འོག་ཡོད་པའི་ད་ལྟའི་རྒྱ་མི་རིགས་ཀྱི་བརྩེ་སེམས་བྲལ་བའི་འདུ་ཤེས་དང་། ཡ་ང་བའི་ཀུན་སྤྱོད་ཀྱི་ཚད་དེ་རྒྱལ་སྤྱིའི་སྒང་ཚ་ཚ་འུར་འུར་གྱི་གླེང་གཞི་ཆེན་པོ་ཞིག་ཆགས་ཡོད།  

པེ་ཅིན་དུ་རང་ལུས་མེར་བསྲེགས། 

ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་རྒྱ་ནག་པེ་ཅིན་ཐེན་ཨན་མེན་མདུན་ཐང་དུ། རུས་ཝང་ཡིན་པའི་རང་ལོ་ ༤༢ ཅན་གྱི་སྐྱེས་པ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། དེ་ནི་འདས་པའི་ལོ་བཅུ་ཕྲག་འགའི་རིང་རྒྱ་ནག་ཐེན་ཨན་མེན་ཐང་ཆེན་དུ་བསྐྱར་དུ་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལས་འགུལ་བྱུང་བ་ཐོག་མ་ཆགས་ཡོད། དེ་བཞིན། རྒྱ་ནག་ཧི་ནན་ཀྲིན་ཀྲུག་ཏུའང་ལོ་ ༨༡ ཅན་གྱི་རྒན་མོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རྐྱེན་འདས་སུ་གྱུར་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༨ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 12

  1. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    གཡུ་དྲུག་དཀར་ལགས། ཁྱེད་ཀྱིས་གསར་འགྱུར་དེའི་ཁ་བྱང་གི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་མཐོང་གི་ཡོད་ས་མ་རེད། ཚེ་རིང་རྒྱལ་གྱིས་བོད་ནང་གི་རང་ལུས་མེར་བསྲེག་གི་དོན་རྐྱེན་དེ་༢༠༡༡་ལོའི་རྒྱ་ནག་གི་ཆེ་ཁག་བཅུའི་གྲས་སུ་བཞག་ན་བོད་རྒྱ་ནག་གི་ཆ་ཤས་སུ་དོན་གྱི་ཁས་བླངས་པར་འགྱུར་བས་མ་བཞག་པ་ཡིན་ན། ཚེ་རིང་རྒྱལ་གྱིས་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་མི་ལེན་ཟེར་བ་དེ་འདས་མ་འོངས་ད་ལྟའི་གནས་བབ་ཀྱི་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་ཐག་བཅད་པ་ཡིན་ནམ།

    Reply
  2. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གཡུ་དྲུག་དཀར་ལགས། བོད་ནི་རྒྱ་ནག་གི་ཁོངས་སུ་མི་ཚུད་པས་བོད་དུ་བྱུང་བའི་གསར་འགྱུར་རྣམས་རྒྱ་ནག་གི་གསར་འགྱུར་གྱི་གྲས་སུ་བཞག་མེད་པར་ཁྱེད་ཀྱིས་ཁས་ལེན་ན། ཤིན་ཅང་གི་གཏོར་རྒོལ་དེ་རྒྱ་ནག་གི་གསར་འགྱུར་བཅུའི་ནང་དུ་འགོད་མི་རུང་སྟེ། ཤིན་ཅང་ནི་རྒྱ་ནག་གི་ཁོངས་སུ་མི་ཚུད་པར་ཁྱེད་ཀྱིས་ཁས་བླངས་སོ། །

    Reply
  3. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    གཡུ་དྲུག་དཀར་ལགས། ནང་སོག་དང་ཞིན་ཅིང་སོགས་རྒྱ་ནག་གི་ནང་ཡིན་པ་མ་ཟད་ཆ་ཤས་རེད་ལབ་ཀྱིན་ཡོད་དམ། རྒྱ་ནག་ནང་གི་གནས་ཚུལ་ཡིན་ན་རྒྱ་མི་རང་གི་མི་རིགས་ཤིག་གི་བྱེད་ལས་འམ་ཁོངས་སུ་གཏོགས་དགོས་པ་མི་འདུག ཁ་བྱང་དང་ཡིག་ངོ་ཚང་མ་ཞིབ་གཤེར་རེ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྡོ་ནག་གཡུ་དྲུག་དཀར་ལ་སོགས་པས་མཁྱེན་དགོས།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ༢༠༡༡ ལོའི་རྒྱ་ནག་ནང་གི་གསར་འགྱུར་ཆེ་ཁག་བཅུ། ཞེས་པའི་ནང་བོད་མིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མ་བཅུག་པའི་རྒྱུ་མཚན་ལ། བོད་དེ་རྒྱ་ནག་གི་ཁོངས་མིན་པས་ཞེས་བཤད་ན་འགྲིག་གི་མི་འདུག་ཟེར་གྱི་ཡོད། ཨ་ལེ་་་་ཡག་པོ་བཀླག་ནས་བཀའ་མོལ་གནང་རོགས་་་་་་་་་་་

    Reply
  5. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    ཨ་ཁུ་འཇིགས་མེད་སེང་གེ་ལགས། ང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་སྐྱོབས་མི་ཐུབ་པའི་སྟེང་དུ་ཤར་ཏིར་ཀི་སི་ཐན་ལ་གནོད་བྱེད་དོན་མི་འདུག་སྙམ། ཤར་ཏིར་ཀི་སི་ཐན་རྒྱ་ནག་གི་ཁོངས་ཡིན་དོགས་མེད།

    Reply
  6. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ཟེར་ན་སུ་རེད། བོད་དེ་རྒྱ་ནག་གི་ཁོངས་མིན་པར་བཀོད་ན་མི་འགྲིག་དོན་ག་རེ་རེད།

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    དུས་བབ་ཚང་གི་ངེས་པར་དུ་དྲི་བ་འདི་དག་ལ་ལན་འདེབས་ཤིག་ངེས་པར་དུ་གནང་དགོས་ཀྱི་འདུག གཡུ་དྲུག་དཀར་གྱིས་བཤད་པ་ལྟར་བོད་དེ་རྒྱ་ནག་གི་ཁོངས་མིན་པའི་རྒྱུ་མཚན་བཀོད་ན། དེ་ཡང་དག་པ་ཞིག་མ་རེད། པེ་ཅིན་ཐེན་ཨན་མེན་མདུན་ཐང་དུ། རུས་ཝང་ཡིན་པའི་རང་ལོ་ ༤༢ ཅན་གྱི་སྐྱེས་པ་ཞིག་གིས་རང་ལུས་མེར་བསྲེགས་དང་། དེ་བཞིན། རྒྱ་ནག་ཧི་ནན་ཀྲིན་ཀྲུག་ཏུའང་ལོ་ ༨༡ ཅན་གྱི་རྒན་མོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རྐྱེན་འདས་སུ་གྱུར་ཡོད། སྲི་ཁྲོན་ཞིང་ཆེན་ཁོངས་སུ་བོད་མི་འདི་དང་འདི་ཞེས་བ་བྱ་བ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད་ཟེར་བ་སོགས་བྲིས་ན་འགྲིག་འདུག་སྙམ་པ་འདུག་མོད། གང་ལྟར་དུས་བབ་ཚང་གི་ལན་འདེབས་ཤིག་ལ་བསྒུགས་ནས་ཡོད་་་་་ད་ཡིན་ད་་་་་་་་་་་་་་་

    Reply
  8. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    རྒད་པོ་གཡུ་དྲུག་ལགས། ཨོ་ན་ཤིན་ཅང་བརྩི་རྐྱང་གནང་ན་འགྲིག་གི་རེད་དམ།

    Reply
  9. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    ཨ་ཅེ་དཀར་མཚོ་དང་ཨ་ཕ་ཉི་ཟླ་གཉིས་ལགས། གོང་གི་གསར་དེའི་ཁ་བྱང་ལ། ༢༠༡༡ ལོའི་རྒྱ་ནག་ནང་གི་གསར་འགྱུར་ཆེ་ཁག་བཅུ། ཞེས་བཀོད་ཡོད་པ་མ་གཟིགས་སམ། བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་བོད་ནང་གི་གསར་འགྱུར་ལས་རྒྱ་ནག་ནང་གི་གསར་འགྱུར་ཡིན་དོགས་མེད། ཁྱེད་གཉིས་ཀྱི་འདོད་པ་ལྟར་བྱས་ན། བོད་རྒྱ་ནག་གི་ཆ་ཤས་སུ་དོན་གྱིས་ཁས་བླངས་པར་འགྱུར་བས་ཚེ་རིང་རྒྱལ་ལོག་རིས་འདི་ངར་བ་ཟིག་ཡིན། འདིས་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་མི་སྲིད།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་ནངགི་གནས་ཚུལ་བྱུང་བ་དེ་རྒྱ་ནག་ནང་ལ་བྱུང་བ་རྩིས་དགོས་སམ་མི་དགོས། ཅི་ལགས།

    Reply
  11. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    ད་ལོ་རྒྱ་ནག་གི་གསར་འགྱུར་ཆེ་ཤོས་དེ་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རང་ལུས་མེར་བསྲེགས་བཏང་བ་དེ་ཡིན། རྒྱ་ནག་ལ་འཁྲབ་སྟོན་ཆེ་ཤོས་དེ་ཡང་འདི་ཡིན།
    རྒྱ་དཔོན་ཚོ་ལ་ཕོག་ཐུགས་ཆེན་པོ་དེ་ཡང་འདི་ཡིན། འདི་ངེས་པར་དུ་གསར་འགྱུར་ཆེ་ཤོས་ནང་ནས་དང་པོར་འཇོག་དགོས་སོ། རྩམ་ཟིན་པ་ཚོ་མ་བརྗེད་རོགས།

    Reply
  12. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    བོད་ནང་གི་རང་ལུས་མེར་བསྲེག་གི་གནད་དོན་འདི་རྒྱ་ནག་གི་གསར་འགྱུར་བཅུའི་ནང་དུ་མི་ཚུད་པའི་རྒྱུ་མཚན་ཅི་ཡིན་ནམ། བོད་ནི་ད་ལྟ་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་གནས་ཡོད་པ་དང་མ་འོངས་པར་ཡང་གནས་རྒྱུ་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཡིན་པས། བོད་དུ་བྱུང་བའི་གནས་ཚུལ་རྣམས་དེ་ལས་ལོགས་སུ་བགར་དགོས་པའི་རྒྱུ་མཚན་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese